མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གོང་སྤེལ་གཏོང་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་ལོ་མགོར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་གསར་འགྱུར་གཞུང་སྒྲུབ་ཁང་གིས་ ༢༠༠༩ དང་ ༢༠༡༠ གཉིས་ནང་ཀྲུང་གོའི་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་། མི་རིགས་ས་ཁོངས་རང་སྐྱོང་གི་གནས་བབ་ཡར་རྒྱས་དང་ལེགས་བཅོས་བྱ་རྒྱུའི་འཆར་ཟིན་ཞིག་བསྒྲགས་ཡོད་པ་དང་། འཆར་ཟིན་དེའི་ནང་ཕྱོགས་བདུན་ནས་མི་རིགས་ཀྱི་ཁེ་དབང་དང་ཐོབ་ཐང་ལ་སྲུང་སྐྱོབ་ལ་ཤུགས་སྣོན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

 

ད་ལོའི་སྤྱི་ཟླ་ ༤ ཚེས་ ༡༣ ཉིན་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼ རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་འགུལ་འཆར་གཞི། ༽ ཞེས་པ་ཞིག་གཏན་འབེབས་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡ ནས་བཟུང་བོད་ཡིག་སོགས་སྐད་ཡིག་འདྲ་མིན་ནང་ཕབ་སྒྱུར་གྱིས་རྒྱ་ནག་གི་གསར་ལམ་ཁག་ཏུ་སྤེལ་དོན། སྤྱི་ལོ་ ༢༠༠༩ ནས་ ༢༠༡༠ བར་གྱི་༼ རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་འགུལ་འཆར་གཞི། ༽ ཞེས་པ་འདི་ནི། ཀྲུང་གོས་ཐེངས་དང་པོར་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་འཆར་འགོད་ཞིག་ཡིན་ལ། འཆར་འགོད་འདིར་མ་འོངས་པའི་ལོ་གཉིས་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་རྒྱུ་གལ་ཆེན་དུ་བཟུང་ཡོད། ཅེས་བཀོད་འདུག 

 

དོན་ཚན་བདུན་ཅན་གྱི་འཆར་གཞི་དེའི་ནང་བཀོད་དོན། དང་པོ། གྲངས་ཉུང་མི་རིགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དང་། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སྐོར་གྱི་གཏན་འབེབས་ཆ་ཚང་ལག་ལེན་མཐར་ཕྱིན་ཡོང་བྱ་རྒྱུ། གྲོང་ཁྱེར་གྱི་མི་རིགས་བྱ་བའི་སྲོལ་ཡིག་དང་གྲོང་རྡལ་མི་རིགས་བྱ་བའི་སྲོལ་ཡིག་གཉིས་བཟོ་བཅོས་བྱ་རྒྱུ།

 

གཉིས་པ། གྲངས་ཉུང་མི་རིགས་ཁག་གིས་ཁྲིམས་ལྟར་མི་རིགས་རང་སྐྱོང་ས་ཁུལ་གྱི་ལས་དོན་བདག་སྐྱོང་དང་། རྒྱལ་ཁབ་ཀྱི་ལས་དོན་བདག་སྐྱོང་བྱེད་པའི་ཁེ་དབང་འགན་སྲུང་བྱ་རྒྱུ། གྲངས་ཉུང་མི་རིགས་ང་ལྔ་ཚང་མར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཡོད་པར་བྱ་རྒྱུ་དང་། མི་གྲངས་ཧ་ཅང་ཉུང་བའི་མི་རིགས་ཡིན་ཡང་འཐུས་མི་གཅིག་རེ་ངེས་པར་དུ་ཡོང་ཐུབ་པ་ཁག་ཐེག་བྱ་རྒྱུ། མི་གྲངས་ས་ཡ་གཅིག་ལས་བརྒལ་བའི་མི་རིགས་ཚང་མར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ལས་འཛིན་པའི་འཐུས་མི་ཡོད་པར་ཁག་ཐེག་བྱ་རྒྱུ།

 

གསུམ་པ། གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་ལས་དོན་གོང་དུ་སྤེལ་བར་འབད་བརྩོན་བྱ་རྒྱུ་དང་། མུ་མཐུད་རིགས་མི་འདྲ་བའི་མི་རིགས་སློབ་གྲྭ་གསར་འཛུགས་དང་གོང་སྤེལ། མི་རིགས་གྲ་སྒྲིག་འཛིན་གྲྭ་སྒྲུབ་པ། སྐད་གཉིས་སློབ་ཁྲིད་ལག་ལེན་བསྟར་བ། གྲངས་ཉུང་མི་རིགས་ཁག་གི་རྒྱུགས་སྤྲོད་སློབ་མར་དམིགས་བསལ་སྤྲོད་རྒྱུ། རོང་འབྲོག་ས་ཁུལ་དུ་བཅའ་སྡོད་ལམ་ལུགས་ཀྱི་སློབ་གསོ་ཁྱབ་སྤེལ་དུ་གཏོང་བ་དང་། ནང་ལོགས་ས་ཁུལ་གྱི་སློབ་གྲྭ་ཁག་ཅིག་ཏུ་བོད་ལྗོངས་སློབ་འབྲིང་དང་། ཞིན་ཅང་མཐོ་རིམ་སློབ་འབྲིང་གི་འཛིན་གྲྭ་བསྒྲུབ་རྒྱུ་མ་ཟད། ༢༠༡༠ བར་མི་རིགས་རང་སྐྱོང་ས་ཁུལ་དུ་ལོ་དགུའི་འོས་འགན་སློབ་གསོ་ཐོབ་པའི་མི་གྲངས་བརྒྱ་ཆ་ ༩༥ ལྷག་ལ་སླེབས་སུ་འཇུག་རྒྱུ།

 

བཞི་བ། གྲངས་ཉུང་མི་རིགས་ནང་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་ལ་ཤུགས་བརྒྱག་རྒྱུ་མ་ཟད། གྲངས་ཉུང་མི་རིགས་སོ་སོའི་ལས་ཞུགས་བསྡུར་ཚད་དེ། གྲངས་ཉུང་མི་རིགས་གང་དེའི་མི་གྲངས་ཀྱིས་རྒྱལ་ཡོངས་སྤྱིའི་མི་གྲངས་ནང་ཟིན་པའི་བསྡུར་ཚད་དང་མཉམ་པ་བྱ་རྒྱུ། ས་ཁུལ་དང་རྫོང་རིམ་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་རེས་མོས་ཀྱིས་གསོ་སྐྱོང་བྱ་རྒྱུ་དང་། མི་རིགས་བྱ་བའི་ཁོངས་གཏོགས་ཀྱི་ལས་བྱེད་པར་དེང་རབས་དོ་དམ་གྱི་ཤེས་བྱ་དང་། ཕྱོགས་བསྡུས་ནུས་པས་གསོ་སྐྱོང་བྱ་རྒྱུ། རྫོང་དང་གྲོང་རྡལ། གྲོང་སྡེ་བཅས་ཀྱི་གྲངས་ཉུང་མི་རིགས་ཁག་གི་གཞོན་སྐྱེས་ལས་བྱེད་པ་འདེམ་སླད། རྣམ་པ་མི་འདྲ་བའི་ཆེད་སྦྱོང་ཡན་གྱི་སློབ་གསོ་སྤྲོད་རྒྱུ་དང་། དེའི་ཁྲོད་ཕུལ་བྱུང་ན་གཞོན་ཆེད་ལས་ལག་རྩལ་བ་ཕྱི་རྒྱལ་དུ་བཏང་སྟེ་གསོ་སྐྱོང་བྱ་རྒྱུ།

 

ལྔ་བ། གྲངས་ཉུང་མི་རིགས་ཁག་ལ་སོ་སོའི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། གོང་འཕེལ་ཏུ་གཏོང་རྒྱུའི་དབང་ཆ་ཡོད་པར་འགན་སྲུང་བྱེད་རྒྱུ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཆེད་མཁས་པ་གསོ་སྐྱོང་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དེ་སྲིད་འཛིན་དང་ཁྲིམས་འཛིན། སློབ་གསོའི་ཁྱབ་ཁོངས་སུ་བེད་སྤྱོད་བྱ་ཐུབ་པ་བྱ་རྒྱུ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དཔེ་དེབ་དང་ཚགས་པར་རིགས་དཔར་བསྐྲུན་ཐད་མི་རྒྱུ་གཉིས་ཀས་རོགས་སྐྱོར་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཐོག་ནས་རླུང་འཕྲིན་དང་བརྙན་འཕྲིན། གློག་བརྙན་རིགས་བསྒྱུར་བསྐྲུན་དང་སྒྲིག་སྦྱོར་བཟོ་གོང་མཐོར་གཏོང་རྒྱུ། མཐའ་མཚམས་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཁག་གི་སྐད་ནང་། རླུང་འཕྲིན་དང་བརྙན་འཕྲིན་ཁྱབ་ཚད་ལ་ཤུགས་སྣོན་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚད་གཞི་ཅན་དང་ཚད་ལྡན་ཅན། ཆ་འཕྲིན་ཅན་བཅས་སུ་གཏོང་རྒྱུར་རོགས་འདེགས་བྱ་རྒྱུ།

 

དྲུག་པ། གྲངས་ཉུང་མི་རིགས་ཀྱི་རིག་གནས་གོང་སྤེལ་དང་སྦྲགས་ཏེ། རྒྱལ་ཁབ་ཕྱི་ནང་ལ་ཅུང་སྙན་གྲགས་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དང་ཟློས་གར། རོལ་དབྱངས། ཞབས་བྲོ། མཛེས་རྩལ། བཟོ་བཀོད། ཡུལ་སྲོལ། རྒྱན་གོས། བཟའ་བཏུང་སོགས་རིག་གནས་སྒྱུ་རྩལ་འདོན་སྤེལ་དང་སྲུང་སྐྱོང་། གྲངས་ཉུང་མི་རིགས་ཀྱི་བརྗོད་དོན་མཚོན་པའི་ཕུལ་བྱུང་རླུང་འཕྲིན་དང་། བརྙན་འཕྲིན་སྒྲིག་བཟོ་བྱ་རྒྱུ་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས་གོང་སྤེལ་ཐད། ཤུགས་རྐྱེན་ཅུང་ཆེ་བའི་མི་རིགས་དཔར་སྐྲུན་ལས་གཞི་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱ་རྒྱུ།

 

བདུན་པ། སྤྱི་ལོ་ ༢༠༠༩ ནས་ ༢༠༡༠ བར་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་དར་རྒྱས་ལས་དོན་ཐད། མ་དངུལ་སྒོར་མོ་དུང་ཕྱིར་ཉི་ཤུ་ ༢༠༠༠༠༠༠༠༠༠ ལྷག་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་གོང་འཕེལ་དུ་འགྲོ་བར་རོགས་འདེགས་བྱ་རྒྱུ་ཡིན། ཞེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༦ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 3

  1. གནས་ཚང་། says:
    ལོ་ 17 སྔོན།

    གསར་གནས་འདི་ཕྱི་ལོ ༢༠༠༩ལོའི་ཟླ ༤ཚེས ༡༥ཉིན་ཐོན་འདུག་མོད། ད་ལྟའི་བར་ག་རེ་བྱས་ནས་མ་སྤེལ་བ་ཡིན་ནམ།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    རྒྱ་ནག་གིས་ལག་ལེན་བསྟར་མིན་གང་ལྟར་ཡང་། འདི་ཡོངས་ཁྱབ་ཏུ་བསྒྲགས་པ་ཙམ་གྱིས་མ་མཐར་ཡང་གྲངས་ཉུང་མི་རིགས་རྣམས་ཀྱིས་སོ་སོར་རྒྱལ་ཁབ་ཀྱིས་སྤྲད་པའི་ཁེ་དབང་གང་དང་གང་ཡོད་ཤེས་གི་རེད། དེ་ནས་ཁེ་དབང་འདི་དག་ཁྲིམས་མཐུན་གྱི་ཐོག་ནས་དངོས་སུ་ལག་ལེན་དུ་འདེབས་པ་དང་། འཐོབ་འོས་ཤིང་སྤྲོད་རྒྱུར་ཁས་ལེན་བྱས་པའི་ཐོབ་ཐང་གང་ཞིག་མུ་མཐུད་ནས་ཡང་དག་པ་ཞིག་མ་ཐོབ་པ་རྣམས་ལ་རྩོད་ལེན་བྱ་ཐུབ་པའི་ལམ་ཁ་ཞིག་རེད་སྙམ།

    Reply
  3. འཇིགས་བྲལ་བསྟན་འཛིན། says:
    ལོ་ 17 སྔོན།

    གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གླེང་དོན་ཅི་ཡིན་ནམ། འདི་ནི་དོན་གྱི་དྲི་བ་ཞིག་རེད། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་འདོད་ཡོད་ཚུལ་བརྗོད་པར་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ཁྲིམས་གཞི་གཏན་འབེབ་བྱས་ཏེ་ཡོངས་བསྒྲགས་བྱེད་ཀྱི་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་རྒྱལ་ཚོགས་ནས་ཁྲིམས་གཞི་གཏན་འབེབ་ཟིན་པ་དེས་མི་འགྲིག་པར་ཁྲིམས་གཞི་གསར་པ་ཞིག་བཟོ་དགོས་དོན་ཅི་ཡིན་ནམ། དྲི་བ་འདིས་ང་ཚོ་ལ་རེ་བ་གང་བརྗོད་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese