མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ན་ཆུང་དཔའ་བོའི་བརྩམས་ཆོས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

ན་ཆུང་དཔའ་བོ་གཡུང་ལྷུན་འགྲུབ་ལགས་ཀྱི་སྙན་དེབ་༼བཙོན་དུ་ལུས་པའི་བོད་མི༽ཅེས་པ་པར་སྐྲུན་བྱས་ཡོད་འདུག

༢༠༠༨ ལོའི་ཟླ་ ༡༠ པའི་ཚེས་ ༨ ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིིང་དང་པོའི་མཐོ་འབྲིང་ལོ་རིམ་དང་པོའི་སློབ་མ་གཡུང་ལྷུན་འགྲུབ་ལགས་ལོ་སྔོན་མའི་ཞི་རྒོལ་གྱི་དོན་རྐྱེན་དང་སྟབས་བསྟུན་གྱིས་སློབ་གྲྭའི་ཁང་བརྩེགས་སུམ་ཐོག་ཅན་གྱི་ཡང་སྟེང་ནས་མཆོངས་ཏེ་རང་ཤི་བརྒྱབས་ཡོད་པ་དང་། ལོ་ན་ཆུང་ཞིང་ཡ་རབས་སྤྱོད་བཟང་གི་སློབ་མ་འདིས་འདི་ལྟར་རང་སྲོག་གཅོད་དགོས་དོན་གཙོ་བོ། ང་ཚོ་བོད་མི་རིགས་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང།  བདེ་སྐྱིད་ཇི་འདྲ་ཞིག་ཡོད་མེད་འཛམ་གླིང་མི་མང་ལ་གསལ་སྟོན་བྱ་ཆེད་དང་། མི་རིགས་འདིའི་བདེ་སྡུག་འཛམ་གླིང་ལ་བདེན་པའི་དཔང་བོར་སྟོན་ཆེད་ཁོས་གཅེས་བའི་སྲོག་ཕུལ་ཏེ་མི་རིགས་ལ་བཅངས་བའི་བརྩེ་བ་མངོན་པར་མཚོན་ཡོད་པ་དང་། ད་དུང་ན་ཆུང་དཔའ་བོ་འདིས་མ་འོངས་བོད་མི་ཡོངས་ཀྱི་རྡོག་རྩ་གཅིག་སྒྲིལ་དང་རང་དབང་འཐབ་རྩོད། མི་རིགས་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་འབོད་སྐུལ་གྱི་ཁ་ཆེམས་ཡི་གེ་བཞག་ཏེ་ང་ཚོ་དང་རིང་དུ་གྱེས་སོང་བ་རེད།

ཁོང་ཉིད་ང་ཚོ་དང་རིང་དུ་གྱེས་ཟིན་ཡང་ཉེ་ཆར་ཁོང་དང་འབྲེལ་ཡོད་གྲོགས་པོ་ཞིག་གིས་ཁོང་གིས་བརྩམས་པའི་སྙན་ངག་ ༢༥ ལྷག་བསྡུ་རུབ་བྱས་ཏེ་དེབ་གཟུགས་སུ་བཀོད་ཡོད་པ་དང་། དེབ་དེ་ནི་ན་ཆུང་དཔའ་བོ་འདིས་རང་གི་མི་རིགས་འདི་ལ་བཞག་པའི་ཤུལ་བཞག་དངོས་བོ་ཆུང་ཆུང་ཞིག་དང་སེམས་གཏམ་ཕྲ་མོ་ཞིག་ཡིན་འདུག་ལ།  ༼བཙོན་དུ་ལུས་པའི་བོད་མི༽ཅེས་པའི་དེབ་འདིའི་ནང་རྩོམ་པ་པོས་རང་གི་ཡུན་རིང་རེ་ཞིང་སྒུག་པའི་༧གོང་ས་མཆོག་དང་ཕྱི་སྡོད་བོད་མིའི་དྲན་གདུང་། བོད་ནང་ཁུལ་གྱི་བོད་མིའི་འཚོ་བ་དང་དཀའ་སྡུག  རང་དབང་མེད་པའི་སྡུག་བསྔལ་སོགས་སྙན་ངག་གི་ལམ་ནས་མངོན་པར་མཚོན་ཡོད་པ་དང་། ད་དུང་ཕ་ཡུལ་ན་ཡོད་པའི་སྤྱང་ཁྱི་ཅེས་པའི་སྙན་ངག་ཞིག་གི་གི་ནང་དུ། གཞིས་བྱེས་གཉིས་སུ་གྱར་བའི་མི་རིགས་འདིར་མནར་གཅོད་དང་དཀའ་སྡུག་སྤྲོད་མཁན་རྒྱ་མི་སྤྱང་ཁྱིའི་གཟུགས་སུ་བཀོད་དེ་བྲིས་ཡོད་པ་དང་། བོད་མི་རིགས་ཀྱིས་ཇི་ལྟར་རང་ཉིད་ཀྱི་ལྟོ་ཡིས་སྤྱང་ཁྱི་འདི་གསོས་ཀྱང་ཕྱིར་དྲིན་ལ་དྲིན་གཟོ་མེད་པར་ཕྱིར་མི་རིགས་འདིས་ཤ་ཁྲག་ཟ་བའི་ཧམ་སེམས་བཅངས་བཞིན་པའི་སྣང་ཚུལ་སོགས་རྒྱ་མིའི་ཡ་ང་སྙིང་རྗེ་བྲལ་བའི་བྱ་སྤྱོད་གསལ་བོར་བྲིས་ཡོད་པ་རེད།

ན་ཆུང་དཔའ་བོ་གཡུང་ལྷུན་འགྲུབ་ལགས་ནི། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འབྲོག་ཁྱིམ་ཞིག་ནས་སྐྱེས་ཤིང། ལོ་སྔོན་མའི་ཞི་རྒོལ་སྐབས་རྐང་ཚ་རྫོང་གི་སློབ་གྲྭ་ག་གེ་མོ་ཞིག་གི་ནང་ཡོད་པའི་རྒྱའི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་པའི་སྟེང་དུ་ཁ་བཏགས་དཀར་པོ་ཞིག་བཏགས་ཏེ་རང་ཉིད་ཀྱི་སེམས་ཀྱི་ཚོར་འདུ་མཚོན་པར་བྱས་ཡོད་པ་དང་། སྤྱི་ཟླ་ ༩ པའི་ནང་ཕ་ཡུལ་ནས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོ་རུ་གནས་སྤོར་བྱས་རྗེས། མི་རིགས་འདིའི་བདེ་སྡུག་ཡུན་རིང་སེམས་སུ་ཉར་བའི་ན་ཟུག་མངོན་པར་མཚོན་ཆེད་རང་ཤི་བརྒྱབས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 24

  1. སྟག་ཤ་ར says:
    ལོ་ 17 སྔོན།

    རེ་བ་རུམ་གང་ཁུར་ནས་ན་ཟུག་དང་མཉམ་དུ་གཤིན་རྗེའི་སྒོ་གྲོང་ལ་ཕེབས།
    སྙིང་ནས་མི་བཟོད་གི

    Reply
  2. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    ཁོང་ཚོས་དཔྱིད་ཀྱི་དཔལ་ཡོན་མ་མཐོངམོད། ། ང་ཚོར་མཛེས་པའི་དུས་ཚིགས་བསུས་ནས་བཞུད་། ། སེམས་གཏིང་ནས་གུས་འདུད་་དང་དྲན་གསོ་ཞུ།

    Reply
  3. རང་རྟོན། says:
    ལོ་ 17 སྔོན།

    ངོ་མ་དཔའ་བོ་རེད།ང་ཚོ་ལ་འདི་འདྲ་བའི་དཔའ་བོ་འཁྲུངས་བ་ནི་ངོ་མ་གཟི་བརྗིད་རེད།འུ་ཚོ་བྱེས་པ་ཚོས་ཀྱང་དེ་ལྟ་བུའི་དཔའ་བོ་རྣམས་ཀྱི་བཀའ་དྲིན་བརྗེད་ག་ལ་ཉན།

    Reply
  4. སྦྲ་ནག་པ་རོལ་དབྱངས། says:
    ལོ་ 17 སྔོན།

    རིགས་ཞེན་དང་སྙིང་སྟོབས
    ཞུམ་པ་མེད་པའི་ཁྱེད་ཀྱི་བྲང་གཞུང་ནས་འཕྱུར་ཏེ
    ཡ་ང་བའི་ལོ་ཟླ་འདི་དག་གི་རིང་ལ
    ཁྱེད་ཀྱིས་འཁུར་མི་འདོད་པའི་སུ་ཞིག་གི་བརྙས་བཅོས་དང་དྲག་གནོན
    ཡོད་ཚད་ཀྱི་ངོ་གདོང་ལ་མཆིལ་ཞགས་རེ་འཕངས་ཏེ
    གཅེས་བའི་ཚེ་སྲོག་དྲོན་མོ
    རྒྱལ་དར་དམར་པོ་ལྷབ་ལྷབ་ཏུ་བསྐྱོད་པའི་ཁོར་ཡུག་ཅིག་ནས
    སེམས་ཁོངས་ནས་བཞུར་བའི་མིག་ཆུ་དང་མཉམ་དུ
    ལྷག་བསམ་ཀྱིས་བཞུས

    Reply
  5. ཟུངས་ཁྲག says:
    ལོ་ 17 སྔོན།

    བོད་གངས་ཅན་པའི་དཔའ་བོ་ཆུང་ཆུང་ཞིག་ལྷག་བསམ་དང་རེ་འདུན་འཁུར་ནས་འུ་ཅག་དང་བྲལ་སོང་། རྒྱང་བཞུད་ཀྱི་དཔའ་རྒོད་ཆུང་ཆུང་ང་ཚོའི་ཁྱོད་གླེང་བཞིན་ཁྱོད་ཀྱི་སྙིང་སྟོབས་དང་རེ་འདུན་ ད་དུང་ཟུངས་ཁྲག་གི་བཞུར་རྒྱུན་གངས་ཅན་པའི་སྙིང་དབུས་ན་འཚོལ་བཞིན་ཡོད།

    Reply
  6. ནད་པ says:
    ལོ་ 17 སྔོན།

    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲིད་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པད་མོས་རྗེས་གཟུང་ཤོག།

    Reply
  7. Dhonling Bhu says:
    ལོ་ 17 སྔོན།

    ང་ཚོས་ནམ་ཡང་ལོ་ཆུང་དཔའ་བོ་གཡུང་ལྷུན་གྲུབ་བརྗེད་མི་རུང། ཁོང་ནི་ལོ་ཆུང་དཔའ་བོད་ངོ་མ་སྟེ། བོད་བསྟན་སྲིད་དང་མི་རིགས་ཀྱི་ལས་དབང་སྐྱོ་བོ་དེ་གཟིགས་ནས་རང་ཉིད་རང་སྲོག་བཅད་པ་ཞིག་ཡིན། ཁོང་གི་ང་ཚོའི་ན་ཆུང་ལོ་གཞོན་མང་པོའི་སེམས་ཀྱི་མེ་ཏོག་དཀར་པོ་ཞིག་སྟེ། ཚང་མས་གུས་བཀུར་དང་བསྔགས་བརྗོད་བྱེད་ས་ཞིག་ཡིན། ང་ཚོས་ནམ་ཡང་ཁྱེད་དང་ཁྱེད་ལྟ་བུའི་མི་རིགས་ཀྱི་ཆེད་དུ་རང་སྲོག་ཕངས་མེད་གཏོང་མཁན་ཡོངས་ལ་གུས་བཀུར་དང་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན། ང་ཚོ་ཁྱེད་ཚོའི་རྒྱབ་ཏུ་ལངས་ནས་བདེན་པའི་རྒྱལ་ཁ་ལེན་རྒྱུ་དམ་བཅའ་འཇོག་

    Reply
  8. newgenerationtb says:
    ལོ་ 17 སྔོན།

    Very Sad!

    Reply
  9. འབྲོང་བུ། says:
    ལོ་ 17 སྔོན།

    ཚེ་སྲོག་ཆུང་ཆུང་ཞིག་རྒྱང་དུ་བཞུད་ཤུལ་ན།་་་་ན་ཆུང་གང་མང་ཞིག་གིས་སྨོན་
    འདུན་གཏོར་བཞིན་མདུན་དུ་བསྐྱོད་ཀྱིན་ཡོད།་་་་དཔའ་བོ་ཆུང་ཆུང་ལགས།་་་རྣམ་ཤེས་ཕྲ་མོས་གངས་ལྗོངས་ལ་ཕྱིར་བལྟ་ཞིག་བྱོས་དང།་་་ཁྱེད་ཀྱི་ཞབས་རྗེས་ཤིན་ཏུ་གསལ་ལ་།་་་་ཞབས་རྗེས་དེའི་ཤུལ་ན་ལ་རྒྱའི་རླུང་རྟ་མཁའ་དབྱིངས་སུ་བསྐྱོད་
    བཞིན་འདུག་་་་་་ཁྱེད་ཀྱི་ཚེ་སྲོག་གི་མྱུ་གུ་ཡང་བསྐྱར་གངས་རིའི་ལྗོངས་སུ་འཕོ་
    ཐུབ་པར་སྨོན།

    Reply
  10. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    དགྲ་ལན་པོ་མེད་ན་ཁྲེལ་མེད་རེད། ཟས་ལན་པོ་མེད་ན་མ་རབ་རེད།

    Reply
  11. ཨརྱ། says:
    ལོ་ 17 སྔོན།

    འདི་ནི་སྙིང་སྟོབས་ཀྱི་གཞི་མ་རེད། འདི་ནི་དྲང་བདེན་གྱི་ཚེ་སྲོག་རེད། ཡོད་ཚད་མིའི་རིགས་ཆེན་པོ་ལ་གནང་བའི་དཔའ་རྒོད་ཁོང་ལ་གུས་བརྩི་བླ་མེད་ཞུ་ཞུ་ཞུ་ཞུ་། གཞན་དེབ་འདི་གང་ནས་དཔར་ཡོད་པ་རེད།

    Reply
  12. ཁྱུང་ཚང་། says:
    ལོ་ 17 སྔོན།

    ཧ་ཅང་བློ་ཕམ་པོ་རེད། ཨ་ཁ་ཁ།

    Reply
  13. བདེ་བ་ཅན། says:
    ལོ་ 17 སྔོན།

    མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ལ་གཅེས་པའི་ན་ཆུང་རྒྱལ་གཅེས་པ་གཡུང་ལྷུན་གྲུབ་ལགས་ནས་སྙིང་སྟོབས་དང་འདུན་པ་ཆེན་པོ་ཞིག་རྒྱབ་ཏུ་འཁུར་ཏེ་ང་ཚོ་དང་ཁ་བྲལ་བ་དེར་བློ་ཕམ་ཤིན་ཏུ་ཆེ། ཡིན་ནའང་ཁྱེད་ཀྱི་སྙིང་སྟོབས་དང་མི་རིགས་ལ་བཅངས་པའི་དུང་ཞེན་ཟབ་མོས་ཁྱེད་ཉིད་གང་མགྱོགས་མི་ཡུལ་དུ་འཕོས་ཏེ་ང་ཚོ་དང་མཉམ་དུ་འཛོམས་ཏེ་བསམ་འདུན་ཟབ་མོ་མངོན་དུ་གྱུར་བའི་སྨོན་ལམ་ཡོད༎

    Reply
  14. ཆོས་ལོ says:
    ལོ་ 17 སྔོན།

    ཧ་ཅང་བློ་ཕམ་བྱུང་བའི་སྐད་ཆ་འདི་ཐོས་རྗེས་སེམས་ཚབས་ཡོངས་བཞིན་འདུག།

    Reply
  15. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    ཇི་སྲིད་དབུགས་ཀྱི་རྒྱུ་བ་མ་འགག་བར། །དེ་སྲིད་དཔའ་རྒོད་འདི་ཡི་མཛད་རྗེས་བསྔག །

    Reply
  16. སངས་རྒྱས་ཆོས་འཕེལ། says:
    ལོ་ 17 སྔོན།

    བྱིས་པ་འདི་ལ་རང་སྲོག་གཏང་ཐོབ་པའི་ཤ་ཞེན་དང་སྙིང་སྟོབས། རྩོམ་དེབ་འདྲི་ཐུབ་པའི་རྣམ་དཔྱོད་ཅན་ཞིག་ཡིན་རུང། ཁང་པ་ཐོག་ནས་འཆང་དེ་རང་སྲོག་བཏང་བ་ནི། ཁ་ཆེའི་བྱེད་སྤྱོད་ལས་མ་འདས་སོ། ཨོྂ་མ་ནི་པདྨེ་ཧཱུྂ།

    Reply
  17. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    གནམ་སྔོན་པོའི་འོག་ནས་མི་བསད་སོང་། ས་དོག་མོའི་སྟེང་ལ་ཁྲག་ཤད་བྱུང་།

    བོད་པ་རེད། མགོན་མེད་པའི་བོད་པ་རེད། རྒྱ་དམར་པོས་བསད་པའི་བོད་པ་རེད། འཛམ་གླིང་རྒྱལ་སྤྱིས་མ་བསྐྱབས་པའི་བོད་པ་རེད།

    ང་ཚོས་མི་བརྗེད། ནམ་ཡང་མི་བརྗེད། ཤ་དང་རུས་པའི་གཏིང་ནས་མི་བརྗེད།

    གཅེས་པའི་ཕ་ཡུལ་ཕྲོགས་པའི་འཁོན་འཛིན་དང་། སྤུན་ཟླ་བཙོན་ལ་བཟུང་བའི་མནར་གཅོད་གཉིས། བོད་རིགས་སྲོག་རྩ་བཅད་པའི་དགྲ་ཤ་གསུམ།

    ནམ་ཡང་དྲན་བཞིན་ཡོད། མཚན་མོ་མུན་ནག་ནང་ནས་དྲན་བཞིན་ཡོད། གདོང་བ་མིག་ཆུ་ཤར་རེར་དྲན་བཞིན་ཡོད།

    ང་ཚོས་མི་བརྗེད། ཤི་དུར་ས་སླེབས་ཀྱང་མི་བརྗེད། མི་བརྗེད།།

    བོད་གངས་ཅན་ཡུལ་ནས་མི་བསད་སོང། ལྷོ་འཛམ་བུ་གླིང་ལ་ཁྲག་ཤད་བྱུང་།

    བོད་པ་རེད། སྐྱབས་མེད་པའི་བོད་པ་རེད། རྒྱ་དམར་པོས་བསད་པའི་བོད་པ་རེད། རྒྱལ་ཁབ་གཞན་ཚོས་མ་བསྐྱབས་པའི་བོད་པ་རེད།

    ང་ཚོས་མི་བརྗེད། ནམ་ཡང་མི་བརྗེད། མི་ཚེ་མི་རབས་བར་དུ་མི་བརྗེད།

    རྩ་ཆེན་གཏེར་ཁ་བརྐུས་པའི་ར་འདའ་དང་། རིག་གཞུང་རྩ་མེད་བཟོ་བའི་བྱུས་ངན་གཉིས། བཙན་གནོན་སྣ་དགུ་བཏང་བའི་སྙིང་ནད་གསུམ།

    ནམ་ཡང་དྲན་བཞིན་ཡོད། མཚན་མོ་མུན་ནག་ནང་ནས་དྲན་བཞིན་ཡོད། གདོང་བ་མིག་ཆུ་ཤར་རེར་དྲན་བཞིན་ཡོད།

    ང་ཚོས་མི་བརྗེད། ཤི་དུར་ས་སླེབས་ཀྱང་མི་བརྗེད། མི་བརྗེད།།

    Reply
  18. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཡ་ང་བའི་དོན་རྐྱེན་འདིས་ཁྲོད་དུ་ན་ནིང་ཁོ་རང་གྲོངས་མ་ཐག སྐད་གསེང་མཐོན་པོའི་རང་གི་མི་རིགས་འདི་ཉིད་རང་དབང་གི་གནམ་འོག་ཞིག་ལག་པར་ཡོང་ཆེད་དུ་བསྒྲགས་ནས་ཁང་བརྩེགས་དེ་ལས་མཆོང་བ་གོ་མ་ཐག ཡིད་ལ་གཟོད་དུ་མེད་པ་ཞིག་སྐྱེ་སུ་བཅུགས་པ་རེད། ཡིན་ཡང་། ལོ་ངོ་གཅིག་ཙམ་གྱི་རྗེས་ཀྱི་དེ་རིང་ཁོང་གི་བརྩམས་ཆོས་འདི་བོད་མི་རིགས་ལ་བཞག་ཡོད་པ་དཔར་བསྐྲུན་བྱས་ཡོད་པ་དེར་སྙིང་ཐག་པ་ནས་གུས་ཞེན་དང་དགའ་བརྩི་ཡོད་ལ་འདི་ནི་དབྱིན་རྒྱ་ཧིན་ལ་སྒྱུར་ནས་བོད་མི་རིགས་ཀྱི་གཞོན་སྐྱེས་འདིས་རང་གི་ཚེ་སྲོག་གི་བདེན་དབུང་བྱས་པ་མི་ཡུལ་འདི་ལ་བསྒྲགས་ཐུབ་པར་ཤོག

    Reply
  19. འཇམ་དཔལ། says:
    ལོ་ 17 སྔོན།

    དངོས་ནས་བོད་ནང་རང་དབང་མེད་པ་ཚང་མས་མཁྱེན་གསལ་རེད་
    ན་གཞོན་དེ་ལྟ་བུ་རང་སྲོག་རང་གི་གཅོད་དགོས་པའི་གནས་གཏང་ནི་ང་ཚོ་བོད་རིགས་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པ་དེ་མཚོན་ཐུབ་
    ཤེས་ཡོན་ཅན་བོད་རིགས་ན་གཞོན་དེ་ལྟ་བུ་འཇིག་རྟེན་འདི་ནས་ཁ་བྲལ་བར་ང་ཚོ་བོད་རིགས་ཚང་མས་བློ་ཕམ་བྱེད་དགོས་པ་ཞིག་དང་སྨོན་ལམ་བཅས
    དིང་རི་མཚོ་སྒོ་བའཇམ་དཔལ་ནས

    Reply
  20. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ཤེས་རིག་དང་ལ་རྒྱ་སྙིང་སྟོབས་ཀྱི་གློག་ཞགས་ལམ་ལམ་དུ་འཁྱུག་པའི་རང་རིགས་ཀྱི་སོན་རྩ་འདིའི་རིན་ཆེན་ཚེ་སྲོག་གིས་ང་ཚོ་ལ་མི་རིགས་འདིའི་རིན་ཐང་དང་དཀའ་སྡུག་བདེན་དོན་ཡོད་ཚད་རང་མི་རིགས་ཤིག་ཡིན་ཕྱིན་དེ་ལ་དོ་སྣང་དང་འགན་ལེན་གྱི་རེ་བཅོལ་དང་ཁ་ཆེམས་ཤིག་བཞག་ནས་བཞུད་སོང་།

    Reply
  21. རས་པ། says:
    ལོ་ 17 སྔོན།

    ཁོང་ཉིད་ཀྱིས་གཞོན་པའི་ལང་ཚོ་དང་། ཡིད་དུ་འོངས་པའི་མ་འོངས་པའི་མདུན་མ་ཡོད་ཚད། མི་རིགས་ཤིག་གི་ཆེད་དུ་ཞུའམ། གང་ལྟར་འདི་ལྟར་དོར་བར་ཕངས་སེམས་དང་བཅས་འདས་པོ་འདི་ལ་རྗེས་དྲན་ཞུ།

    Reply
  22. Drungtso says:
    ལོ་ 17 སྔོན།

    དངོས་གནས་ང་ཚོའི་བོད་ཀྱི་ན་གཞོན་དེ་དག་གི་སྙིང་དབུས་ན་ནམ་ཡང་དོར་ཐབ་མེད་པ་ནི་རང་དབང་ཡིན་པ་དངོས་སུ་གོ་ཐུབ་པ་ལགས། ན་གཞོན་དེ་ལྟ་བུ་འཇིག་རྟེན་འདི་ནས་ཁ་བྲལ་བར་བློ་ཕམ་གྱི་གནས་སུ་འགྱུར། སྨོན་ལམ་དང་བཅས།

    Reply
  23. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    ཨ་ཨ་ཨ་ དངོས་གནས་བློ་ཕམ་བྱེད་རང་རེད།

    Reply
  24. ནོར། says:
    ལོ་ 17 སྔོན།

    ཨ་ཤུ་རེ་གོ ངའི་ཕུ་ནུ་སྟག་ཕྲུག་འདྲ་བོ
    ༀ་མ་ཎི་པདྨེ་ཧཱུཾ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese