མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་བོད་ཀྱི་གཞི་རིམ་འབྲེལ་བ་འཛུགས་ཕྱོགས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གྱིས་སོ་སོའི་རྒྱལ་པོར་མི་སྐྲག་པར་གཞན་པའི་མི་ལ་སྐྲག་པ་དང་། སོ་སོའི་ཨ་ཕར་མི་བརྩི་བར་ཁྱིམ་མཚེས་ཀྱི་ཨ་ཕར་བརྩི་བའི་སྤྱོད་ངན་དེ་དོར་ནས་རང་ཚུགས་ཐུབ་པ་ལ་ཁ་ཕྱོགས་རྒྱུ་གལ་ཆེན་པ་རེད་ཟེར།

འདི་གར་གནས་ཚུལ་འབྱོར་བ་ལྟར་ན། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་གོ་སྒྲིག་འོག ཕྱི་ཚེས་ ༣ ཉིན་རྒྱ་གར་དང་ཧྥ་རན་སི་བཅས་ནས་མཁས་དབང་དང་ཆབ་སྲིད་པ། བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གདན་ཞུས་ཀྱིས་བོད་དོན་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཀ་ཐུ་མན་གྲུ་རུ་འཚོགས་ཡོད། ཚོགས་འདུའི་ཐོག་ད་ལྟའི་ཆར་རྒྱ་གར་གྲོས་ཚོགས་གྱི་ཚོགས་མི་ཡིན་པ་དང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བྷེ་རྒྱ་ཤེས་བྷུ་ཤན་ཏེ་ཝ་རེ་དང་། རྒྱ་གར་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་དང་། རྗ་ཝར་ལ་ནེ་རོའི་སློབ་གྲྭ་ཆེན་མོའི་མཁས་དབང་ཨ་ནན་ཀོའུ་མར། ཧྥ་རན་སི་ནས་བོད་དོན་རྒྱབ་སྐྱོར་བ་ཧྥུ་རན་སེ་སུ། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སོའུ་ཏེབ། བོད་མི་མང་སྤྱི་འཐུས་ཚེ་བརྟན་ནོར་བུ་སོགས་ཀྱིས་རིམ་པས་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་སྟེང་གཏམ་དཔྱད་སྤེལ་ཡོད།

སྐབས་དེར་བོད་མི་ཚོའི་བདེན་པའི་འཐབ་རྩོད་དང་ཞི་བའི་ལས་འགུལ་ཁག་ལ་བལ་ཡུལ་གཞུང་དང་མི་མང་གི་ཕྱོགས་ནས་རྒྱབ་སྐྱོར་འཚོལ་ཐབས་བྱེད་རྒྱུ་ནི་གལ་ཆེན་ཡིན་པ་དང་། དེ་ཡང་ཐོག་མར་བོད་མི་ཚོས་བལ་བོའི་སྐད་ཡིག་ཐོག་བོད་དོན་སྐོར་གྱི་ཚགས་པར་འདོན་རྒྱུ་དང་། བལ་ཡུལ་གྱི་མཐོ་སློབ་ཁག་གིས་གཙོས་པའི་སློབ་གྲྭའི་ནང་བོད་བརྒྱུད་ནང་ཆོས་སྡེ་ཚན་དང་བོད་རིགས་པའི་སྡེ་ཚན་འཛུགས་རྒྱུ། བལ་བོའི་གྲོས་ཚོགས་དང་མི་དམངས་ཁྲོད་བོད་གྱི་གྲོགས་པོ་དང་མཛའ་འབྲེལ་ཚོགས་པ་འཛུགས་རྒྱུ། ལྷག་པར་བལ་ཡུལ་ཧི་མ་ལ་ཡའི་ནང་བའི་མི་རིགས་ཚོ་ལ་བོད་མི་ཚོས་མཛའ་འབྲེལ་དམ་པོ་འཛུགས་རྒྱུ་སོགས་ཀྱི་གཏམ་དཔྱད་སྤེལ་བ་དང་། ལྷག་པར་མཁས་དབང་ཨ་ནན་མཆོག་གིས་བལ་ཡུལ་གྱིས་སོ་སོའི་རྒྱལ་པོར་མི་སྐྲག་པར་གཞན་པའི་འགྲོ་བར་སྐྲག་པ་དང་། སོ་སོའི་ཨ་ཕར་མི་བརྩི་བར་ཁྱིམ་མཚེས་ཀྱི་ཨ་ཕར་བརྩི་བའི་སྤྱོད་ངན་དེ་དོར་ནས་རང་ཚུགས་ཐུབ་པ་ལ་ཁ་ཕྱོགས་རྒྱུ་གལ་ཆེན་ཡིན་པ་སོགས་བཤད་སོང་།

ཡིན་ཡང་ཟླ་འདིའི་ཟླ་མགོར་བལ་ཡུལ་བོད་ཀྱི་བདེ་དོན་ལས་ཁུངས་ནས་གནས་ཡུལ་རྒྱལ་ཁབ་ནང་གི་གནས་སྟངས་དང་བསྟུན་ནས་བོད་མི་ཚོས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཡིག་ཆ་གང་སར་བཀྲམས་པ་དང་མཉམ་དུ། ལས་འགུལ་སྤེལ་ཏེ་དཀའ་ངལ་རིགས་འཕྲད་ཚེ་བོད་ཀྱི་བདེ་དོན་ལས་ཁུངས་ཀྱིས་འགན་འཁུར་རྒྱུ་མིན་ཚུལ་ཀྱང་བཀོད་ཡོད། གསལ་བསྒྲགས་དེའི་ཐད་བོད་མི་དང་ལྷག་དོན་སྔོན་མ་ནས་བོད་དོན་ལས་འགུལ་སྤེལ་མཁན་དང་བླངས་པ་ཚོའི་ཁྲོད་འདོད་པ་མ་ཁེངས་བའི་བསམ་ཚུལ་སྟོན་མཁན་དང་བློ་ཕམ་བྱེད་མཁན་མང་པོ་ཡོང་གིན་ཡོད།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༨ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 5

  1. སངས་རྒྱས་ཆོས་འཕེལ། says:
    ལོ་ 17 སྔོན།

    བལ་ཡུལ་ནི་ལོ་གྲངས་སྟོང་ཕྲག་ལྷག་གི་བོད་ཀྱི་ཁྱིམ་ཚེས་གྲོགས་པོ་དང་གཉེན་མཚན་ཞིག་རེད་ལ། ཧི་མ་ལ་ཡི་རི་བརྒྱུད་དུ་ཡོད་པའི་ད་ལྟ་བལ་བོའི་ཁོངས་གཏོགས་ནི་བོད་ཀྱི་ཤ་རུས་གཅིག་པའི་སྤུན་ཟླ་རེད། ད་ལྟ་ཁོང་རྣམས་པར་རྒྱལ་ཁབ་ཀྱི་ཆབ་སྲིད་ལྷིང་འཇགས་མེད་པའི་ཐོག་ཏུ་བོད་དོན་ཐོག་ཏུ་རོགས་པ་བྱེད་ཐུབ་ཀྱི་མེད་པ་ནི་གནས་སྐབས་ཙམ་རེད་མ་གཏོགས་རྗེས་མར་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་གྲོགས་པོ་ཆེ་ཤོས་སུ་འགྱུར་རྒྱུ་ནི་སྔོན་དཔག་བྱས་ན་ཤེས་ཐུབ། དེ་སྔོན་བོད་ས་ཤོར་ནས་ད་བར་བོད་མི་སྐྱབས་བཅོལ་ཁྲི་ཚོ་མང་པོར་གནས་ཚང་མཐུན་རྐྱེན་རང་དབང་སོགས་ཚད་མེད་བཀའ་དྲིན་སྐྱོང་ཡོད། ད་དུང་ཕྱོགས་གང་ཐད་ནས་བལ་གཞུང་དང་བལ་བོའི་མི་མང་དང་འབྲེལ་བ་བྱེད་རྒྱུ་དེ་གནད་འགག་ཆེ་ཤོས་སུ་མཐོང་། ཁྱིམ་ཚང་གཅིག་ནས་ཆད་པའི་མི་ལ་གནས་སྐབས་མི་མཐུན་པ་ཡོང་སྲིད་ཀྱང་ཕུག་གིས་འདོར་མི་སྲིད་པ་ཆོས་ཉིད་རེད།
    དེ་བས་བལ་བོ་ལ་ཁ་ངན་སྨྲ་བ་དོར་ནས་འབྲེལ་བ་གང་ཐུབ་བྱེད་དགོས་ཀྱི་འདུག

    Reply
  2. bhare says:
    ལོ་ 17 སྔོན།

    དེ་ཚོ་ཕན་ཐོག་མཁན་མ་རེད།

    Reply
  3. ཀླུ། says:
    ལོ་ 17 སྔོན།

    བལ་ཡུལ་གྱི་ཧི་མ་ལ་ཡའི་ནང་བའི་མི་རིགས་ཚོས་བལ་ཡུལ་ནས་བོད་དོན་ལ་ཁ་ཡ་མི་བྱེད་ལ་ཐ་ན་གོང་ས་མཆོག་ད་བར་ཆོས་ཕྱོགས་ནས་གདན་ཞུ་ཙམ་ཡང་བྱེད་ཐུབ་གི་མེད་པ་དང་འབད་བརྩོན་བྱེད་གྱི་མེད་པ་དེ་རེད་ལ་ཕྱི་རྒྱལ་ནས་ཁོང་ཚོས་བོད་མི་ཡིན་ཞེས་ཨུ་ཚུགས་རྒྱབ་ནས་སྐྱབས་བཅོལ་ཨི་རག་བལྟ། ད་དུང་རང་བཙན་ལག་དེབ་ར་མང་ཆེ་བར་འདུག་ཟེར།

    Reply
  4. འབྲོག་ཁྱི། says:
    ལོ་ 17 སྔོན།

    དངོས་ནས་བལ་ཡུལ་གཞུང་གི་མཐོ་སློབ་ཁག་གཙོས་པའིམི་དམངས་ལ་གཙོ་བོ་ནང་ཆོས་ཀྱི་གོ་རྟོག་སྤེལ་ཐབས་བྱས་ན་ཕན་ཐོག་ཡོང་གི་རིད་གང་ཡིན་ཟེར་ན་ཁོ་ཚོ་མང་ཆེ་ཤོས་ཕ་མེས་ནས་ནང་ཆོས་ཀྱི་རྒྱུད་འཛིན་པ་ཤ་ཏག་རིད་དེ་དང་ཆབ་ཅིག་ཏུ་བོད་ཀྱིཐོན་མིན་རིག་གཞུང་དང་ད་ལྟ་དངོས་ཡོད་ཀྱི་དཀའ་ངག་གང་འཕྲད་པ་དེ་དག་ཁོ་ཚོར་ཤེས་སུ་འཇུག་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་མཐོང་གི་འདུག།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    སྤྱི་འཐུས་ཚེ་བརྟན་ནོར་བུ་ལགས་ནི། སྔོན་མ་རྩོམ་སྒྲིག་པ་ཞིག་ཡིན་ལ། ལྷག་པར་དུ་བལ་བོའི་སྐད་ཡིག་གི་མཁྱེན་རྒྱའང་ཆེ་རབས་ཤིག་འདུག་སྟབས། ཁོང་གིས་བལ་བོའི་སྐད་ཡིག་གི་ནང་དུ་འདོན་རྒྱུའི་གསར་ཤོག་དེའི་འགན་འཁྱེར་ཐུབ་ན་ཡག་པོ་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese