མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོད་མངའ་རིས་གནམ་ཐང་།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

ལོ་འདི་འགར་རྒྱ་གཞུང་གིས་བོད་ལྗོངས་མངའ་རིས་ས་ཁུལ་དུ་འཛུགས་སྐྲུན་དང་ལས་གཞི་སྣ་ཚོགས་རྒྱ་སྐྱེད་གཏོང་གིན་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༢ ཉིན་སྐབས་གསུམ་པའི་མངའ་རིས་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་ཟེར་བའི་མཛད་སྒོ་གཞི་རྒྱ་ཆེན་པོ་ཞིག་མངའ་རིས་ཁུལ་ཐོག་ཏུ་བསྡུས་ཡོད་འདུག ཡུལ་སྐོར་དུས་སྟོན་དེའི་སྟེང་མངའ་རིས་ཁུལ་གྱི་དྲུང་ཆེ་གཞོན་པ་ཟླ་བ་བཀྲ་ཤིས་དང་། ལྷ་ས་གྲོང་ཁྱེར་གྱི་མགོ་གཙོ་རྡོ་རྗེ་ཚེ་རིང་། ལྷ་ས་གྲོང་ཁྱེར་གྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཝང་ཞང་མེན་སོགས་ཞུགས་ཏེ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་ཐུགས་འཁུར་འོག མངའ་རིས་ས་ཁུལ་གྱི་འཛུགས་སྐྲུན་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོར་སྣེ་ལེན་བྱས་ཏེ། ས་གནས་འབྲོག་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་འཕེལ་དུ་གཏོང་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

 

རྒྱ་གཞུང་གིས་སྤྱི་ལོ་ ༢༠༠༦ ལོ་ནས་བཟུང་བོད་ལྗོངས་མངའ་རིས་སྒེར་རྩེ་རྫོང་དུ་གནམ་ཐང་ཆེན་པོ་ཞིག་རྒྱག་གིན་ཡོད་པ་དང་། ད་ཆར་གནམ་ཐང་དེའི་རྒྱ་ཆ་༩༠ ཙམ་གྲུབ་ཡོད་འདུག འབྱུང་འགྱུར་ ༢༠༡༠ ལོར་ལས་གཞི་ཡོངས་སུ་འགྲུབ་པར་བྱ་འཆར་ཡོད་འདུག གཞན་མངའ་རིས་གངས་ཏེ་སེ་ཉེ་འཁོར་ལ་འཛམ་གླིང་གི་ས་བབ་ཆེས་མཐོ་བའི་གནམ་ཐང་དེ་བརྒྱག་འཆར་ཡོད་པ་དང་། སྤུ་ཧྲེང་རྫོང་འཁོར་ཆག་གྲོང་ཚོའི་འཁོར་ཆག་ཇོ་བོའི་ལྷ་ཁང་རྒྱ་ནག་གི་རྩ་ཆེའི་རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་བདམས་ཏེ། ས་དེར་ལམ་དང་གློག་སོགས་རྨང་གཞིའི་འཛུགས་སྐྲུན་རྒྱ་སྐྱེད་བཏང་སྟེ། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ། གུ་གེ་ཕོ་བྲང་། འཁོར་ཆག་ཇོ་བོ་སོགས་གཙོ་བོར་བྱས་ཏེ་མངའ་རིས་ས་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་གལ་ཆེན་པོ་ཞིག་བཟོ་འཆར་ཡོད་འདུག་ལ། དེ་དང་བསྟུན་ཏེ་ས་གནས་ཐོན་རྫས་སྐྱེལ་འདྲེན་དང་རྒྱ་རིགས་སྣེ་སྤོ་སོགས་ཀྱི་ལས་གཞི་ཡང་ཆེ་རུ་གཏོང་འཆར་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༡༧ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 5

  1. ཀླུ། says:
    ལོ་ 17 སྔོན།

    ཡུལ་ཤུལ་དཔལ་ཐང་གནམ་ཐང་ལ་སྔ་ཕྱི་བར་གསུམ་དུ་ས་གནས་བོད་མི་དང་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པའི་བར་མི་མཐུན་པའི་འགལ་ཟླ་དང་རྩོད་རྙོག་མང་པོ་བྱུང་དང་བྱུང་བཞིན་པ་འདྲ། ལྷག་པར་ད་ཆ་གནམ་གྲུ་གཏོང་འགོ་ཚུགས་ཀྱང་ཁུལ་དེའི་བོད་མི་ཚོའི་དུར་ཁྲོད་སྟེང་གི་བྱ་རྒོད་ཚོས་གནམ་གྲུ་འཕུར་བསྐྱོད་ལ་ཉེན་ཁ་ཡོད་ཚུལ་གྱི་འགལ་ཟླ་མུ་མཐུད་ཡོད་འདུག།

    Reply
  2. ནད་པ says:
    ལོ་ 17 སྔོན།

    གྲོགས་པོ་ཚོ་ཁམས་བཟང་། འཛམ་གླིང་གི་ཡངས་རྩེར་གནས་ཤིང་ས་གཙང་ལ་སྤྲིན་དཀར་གྱི་འདབ་མ་མིག་ལ་མངོན་པར་བཀྲ་པའི་གངས་ལྗོངས་ཀྱི་མཁའ་དབྱིངས་སུ་ད་ཆ་གནམ་གྲུ་འཕུར་བསྐྱོད་བྱེད་བཞིན་ཡོད་པ་དེ་ཡག་པོ་རེད།

    རྒྱ་ནག་ཡར་རྒྱས་སུ་འགྲོ་བཞིན་པ་ལྟར་བོད་ལའང་འཛུགས་སྐྲུན་དང་། དེང་རབས་ཀྱི་དཔལ་ཡོན་ཕུན་སུམ་ལེགས་ཚོགས་སུ་འགྲོ་དགོས་པ་ནི་འཛམ་གླིང་གི་ཤུགས་རྐྱེན་དང་འགྲོ་བ་མིའི་དུས་རབས་ཀྱི་དགོས་མཁོ་ཉག་གཅིག་ཡིན།

    གནམ་ལ་མཁའ་གྲུ་དང་། ཆུ་ལ་གྲུ་གཟིངས། ས་ལ་རླངས་འཁོར། ཁང་པར་གློག་ཆུ་སོགས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པོ་དང་ཡར་རྒྱས་ཇི་ཙམ་བཏང་ཐུབ་ན་དངོས་གནས་མི་མང་ལ་ཕན་པའི་བྱ་བ་བཤང་པོ་ཞིག་ཡིན་པས་རྗེས་སུ་ཡིད་རངས་ཞུ།

    Reply
  3. སྒྲོལ་མ། says:
    ལོ་ 17 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་ཁང་ལ་ཐུགས་རྗེ་ཆེ་ཞུ། རྒྱལ་མཚམས་ལས་བརྒལ་ཏེ། བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་འདོན་སྤེལ་བྱས་པ་དང་། ལྷག་པར་དུ་ཆབ་སྲིད་ཁོ་ན་མ་ཡིན་པར། རིག་གནས་སློབ་གསོ་དང་སྤྱི་ཚོགས་བྱ་འགུལ། དུས་སྟོན་མཛད་སྒོའི་བྱ་འགུལ་ལས་རིགས་བཅས་ལ་ཁ་ཕྱོགས་པ་འདི་ནི། བོད་ཀྱི་དུས་བབ་དྲ་བའི་མདུན་སྐྱོད་ཀྱི་གོམ་སྟབས་ཆེན་པོ་ཞིག་རེད། ད་དུང་མུ་མཐུད་དུ། ལས་དོན་བཟང་པོའི་རིགས་ལ་ངོས་ལེན་དང་བསྔགས་བརྗོད་བྱས་ན། གཞིས་བཞུགས་པ་ཚོའི་སེམས་ཤུགས་དང་སྤོབས་པ་ཡིན་ལ། ངན་པར་ཐེར་འདོན་དང་སྐྱོན་བརྗོད་བྱས་ན། གཞིས་བཞུགས་པ་ཚོས་དོ་སྣང་དང་ཡིད་གཟབ་བྱ་ངེས་ཡིན།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    འགད་རྫས་མང་ཙམ་གྲ་སྒྲིག་དགོས་ས་རེད།

    Reply
  5. ཁྱུང་ཚང་། says:
    ལོ་ 17 སྔོན།

    རྒྱ་གླང་དེ་དག་ལ་དམིགས་བསལ་མཐུན་སྦྱོར་མ་བྱས་ན་བོད་ལ་གནས་སྤོར་བྱེད་མཁན་ཉུང་བའི་རྒྱུ་མཚན་གཙོ་བོ་བོད་ལ་དེང་རབས་མཐུན་རྐྱེན་ཆ་ཚང་བ་ཞིག་མེད་པས་རེད་ལ། རྒྱ་གླང་གཞུང་གིས་ཐོག་མར་མཐུན་རྐྱེན་ཡོངས་སུ་ཚང་བའི་འཛུགས་སྐྲུན་ཞིག་བཟོས་ནས་ད་བཟོད་བོད་ས་ཧམ་བཟུང་གིས་རྒྱ་གླང་དེ་དག་སྐད་གཏོང་འཆར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese