མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་བརྟན་ལྷིང་ནི་འཇིག་རྟེན་ཞི་བདེའི་གཞི་རྩ་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཆབ་སྲིད་དབང་འཛིན་པའི་ལྟ་གྲུབ་དང༌སྲིད་བྱུས། ལས་དོན་བྱེད་ཕྱོགས་བཅས་ལ་འདོད་བློ་མ་ཁེངས་པ་དང་། མོས་མཐུན་མེད་པ། ངོ་རྒོལ་གདོང་ལེན་བྱ་དགོས་སྣ་ཚོགས་ཤིག་སྔར་ཡང་བྱུང་ཡོད་ལ།  ཕྱིས་ཀྱང་ཡོང་སྲིད་མོད། དེ་ལ་བརྟེན་ནས་བོད་རྒྱ་མི་རིགས་གཉིས་བར་མཐུན་འབྲེལ་ཉམས་ཆག་མི་འགྲོ་བ་བྱ་རྒྱུ་ནི་གནད་ཀྱི་དོན་པོ་ཡིན། ཞེས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སུད་སིའི་གྲོང་ཁྱེར་ཇི་ནེ་ཝའི་རྒྱལ་སྤྱིའི་བོད་རྒྱ་ལྷན་ཚོགས་སྟེང་གསུངས་ཡོད།

 

ཀུན་གྱིས་མཁྱེན་གསལ་ལྟར་རྒྱ་བོད་མི་རིགས་གཉིས་ནི་དུས་ཚོད་མང་པོའི་རིང་ཕན་ཚུན་སྤུན་ཟླ་ལྟ་བུའི་མཛའ་བརྩེ་དང༌། སྐབས་རེ་གཡུལ་འགྱེད་རེས་ཀྱང་བྱུང་མོད། ཁྱིམ་མཚེས་ཉེ་པོ་ཞིག་ཏུ་གནས་ཏེ་ཕྱི་ལོ་བརྒྱ་ཕྲག་བདུན་པ་ཙམ་ནས་བཟུང་ཆོས་ཕྱོགས་ནས་ཀྱང་ཕན་ཚུན་གོ་རྟོགས་སྤེལ་རེས་བྱེད་འགོ་ཚུགས་ཤིང༌། ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་མཇུག་ཙམ་ནས་རྒྱ་ནག་ཡོན་གོང་མའི་དབང་སྒྱུར་སྐབས་རྒྱ་བོད་མཆོད་ཡོན་ཞེས་པའི་འབྲེལ་བ་དམིགས་བསལ་བ་དེ་བྱུང་སྟེ་མན་ཇུའི་སྐབས་ཀྱང༌། མི་རིགས་གཉིས་ཐུན་མིན་འབྲེལ་བའི་ངང་གནས་ཡོད། ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་ནང་འཇིག་རྟེན་ཁྱོན་ཡོངས་སུ་ཆབ་སྲིད་དང༌དཔལ་འབྱོར། སྤྱི་ཚོགས་གང་ཐད་ནས་འགྱུར་བ་རླབས་ཆེན་བྱུང་བའི་འོག་དམར་ཤོག་ཚོགས་པས་རྒྱ་ནག་གི་སྲིད་དབང་འཛིན་པ་ནས་བཟུང་བོད་རྒྱ་མི་རིགས་གཉིས་ཀར་བསམ་ཡུལ་ལས་འདས་པའི་དཀའ་ངལ་བྱུང་སྟེ། སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་བརྒྱད་ཁྲི་བརྒལ་བ་བཙན་བྱོལ་དུ་ཕེབས་དགོས་བྱུང་སྟེ་ལོ་ངོ་ལྔ་བཅུ་སོང་བ་དང༌། བོད་ནང་ཡོད་པའི་བོད་མི་ས་ཡ་དྲུག་ལའང་སྡུག་བསྔལ་རྒྱུན་ཆད་མེད་པར་མྱོང་དགོས་བྱུང་བ་ད་ལྟའང་དེ་མུར་གནས་ཡོད། འོན་ཀྱང་། སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ངལ་འདི་དག་ཆབ་སྲིད་དབང་འཛིན་པ་ཉུང་ཤས་ཀྱི་མིག་རྒྱང་ཐུང་ཞིང་། གུ་དོག་པའི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ལས། རྒྱ་མི་རིགས་ཀྱིས་བཟོས་པ་མིན་པའི་ངོས་འཛིན་གསལ་པོ་གནང་སྟེ། བོད་རྒྱ་མི་རིགས་གཉིས་བསམ་བློའི་ཁ་བྲལ་མི་འགྲོ་བའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་རྒྱུན་མཐུད་གནང་ཡོད། རྒྱ་རིགས་ཀྱི་ངོས་ནས་ཀྱང་དངོས་དོན་མཁྱེན་མཁན་མང་པོས་ྋགོང་ས་ཆེན་པོར་གུས་བརྩི་དང༌། བོད་རིགས་ལ་ཤ་ཚ་གནང་མཁན་གྲངས་ལས་འདས་པ་ཞིག་ཡོད་པ་དེ་དག་དེང་སྐབས་མངོན་གསལ་ཆེ་རུ་འགྲོ་བཞིན་པ་དཔེར་ན་སྔ་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་དོན་སྐོར་དངོས་ཡོད་གནས་ཚུལ་དང་མཐུན་པའི་དྲང་བདེན་གྱི་རྩོམ་ཡིག་འབྲི་མཁན་རྒྱ་ནག་ཕྱི་ནང་གཉིས་སུ་ཅི་ཙམ་མང་པོ་བྱུང་ཡོད་པ་ཀུན་གྱིས་མཁྱེན་གསལ་དང༌། དེ་དག་གིས་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་མཚོན་གྱིན་ཡོད།

 

དེ་སྔོན་རྒྱ་གཞུང་དབང་འཛིན་པ་ཚོས་བོད་རིགས་ཡོངས་རྫོགས་ཞིང་བྲན་རིང་ལུགས་ནས་བཅིངས་བཀྲོལ་ཐོབ་སྟེ། རང་དབང་བདེ་སྐྱིད་ཀྱི་ངང་རྒྱ་གཞུང་ལ་ཡིད་ཆེས་བློ་གཏད་བྱེད་མཁན་ཤ་སྟག་ཡིན་པ་དང༌། རྙོག་དྲ་བཟོ་མཁན་ཏཱ་ལའི་རུ་ཚོགས་ཁ་བྲལ་བ་ཆེས་ཉུང་ཤས་ཤིག་ཡིན་པའི་འགྲེལ་བརྗོད་བྱེད་སྲོལ་ཡོད་ཀྱང༌། སྔ་ལོའི་གསུམ་བཅུའི་དོན་རྐྱེན་ནས་བཟུང་བོད་དུ་བྱུང་བའི་ཞི་བའི་ལས་འགུལ་ཡོངས་རྫོགས་རྒྱ་མི་རིགས་ལ་རྒོལ་རྡུང་ཡིན་ཚུལ་གྱི་མི་རིགས་ཁ་བྲལ་གཏོང་རྒྱུའི་འཆར་གཞི་ལྡན་པའི་ལས་འགུལ་དང༌། དྲིལ་བསྒྲགས་ཤུགས་ཆེན་སྤེལ་དང་སྤེལ་བཞིན་པ་དེའི་དབང་གིས་རྒྱ་རིགས་མང་ཚོགས་ནང་རྒྱ་གཞུང་གི་ལོག་པའི་དྲིལ་བསྒྲགས་ལ་རྨོངས་ཏེ། མི་རིགས་འཁོན་འཛིན་གྱི་བསམ་ཚུལ་ཡོད་མཁན་ཇི་སྙེད་ཅིག་བྱུང་ཡོད་ཚོད་འདུག་ཀྱང༌། ད་ཆ་རིམ་པས་བདེན་པ་མཐའ་གསལ་གྱིས་དངོས་དོན་ར་འཕྲོད་ཡོང་གི་ཡོད་པ་ནི་ཉེ་ཆར་པེ་ཅིང་ནས་ཐོན་པའི་སྔ་ལོའི་བོད་ཀྱི་བྱུང་རྐྱེན་ཐོག་ཉམས་ཞིབ་བྱས་པའི་སྙན་ཐོ་ལྟ་བུས་རྒྱ་རིགས་ནང་རྒྱུན་དུ་རྒྱ་གཞུང་གི་རྫུན་པའི་དྲིལ་བསྒྲགས་ལ་མགོ་འཁོར་ནས་མི་བཞུགས་པའི་དན་རྟགས་གསལ་སྟོན་བྱས་ཡོད་ཅིང༌། ྋགོང་ས་མཆོག་གིས་ཀྱང༌། ད་ལྟའི་རྒྱ་གཞུང་གི་དབུ་ཁྲིད་ཚོར་ངའི་ཡིད་ཆེས་སྲབ་ཏུ་སྲབ་ཏུ་འགྲོ་ཡོད་ཀྱང་། རྒྱ་ནག་མི་དམངས་ལ་ངའི་ཡིད་ཆེས་འགྱུར་བ་མེད་ཅེས་ཡང་ཡང་བཀའ་གནང་གིན་ཡོད།

 

མི་རིགས་ཆིག་སྒྲིལ་ནི་རྒྱལ་ཁབ་བརྟན་ལྷིང་གི་གཞི་རྩ་ཡིན་པ་དང༌། རྒྱ་ནག་བརྟན་ལྷིང་ནི་འཇིག་རྟེན་ཞི་བདེའི་གཞི་རྩ་ཡིན་སྟབས། གནད་དོན་འདི་སུས་ཀྱང་སྣང་ཆུང་བྱེད་ཐབས་མེད། ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་བོད་མི་ས་ཡ་དྲུག་གི་རང་དབང་ཅན་གྱི་མགྲིན་ཚབ་པ་ཡིན་པ་དང༌། དེའི་ངོས་ནས་འབྱུང་འགྱུར་བོད་མིའི་དཀའ་རྙོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་རྩ་ཁྲིམས་ཀྱི་དགོངས་དོན་འོག སེལ་ཐབས་བྱེད་རྒྱུའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྟན་བཟུང་བྱེད་ཀྱིན་ཡོད་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྣམས་ལ་ཡང་ཡང་གསལ་བརྗོད་ཟིན་པ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༠༢ ནས་བཟུང་ྋགོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམ་པས་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་མཛད་གཙོ་རྣམ་པ་དང་འབྲེལ་མོལ་ཐེངས་བརྒྱད་དང༌། ནང་ལུགས་ཀྱི་གོ་བསྡུར་ཐེངས་གཅིག་བཅས་ཞུས་པའི་བརྒྱུད་རིམ་ནང་ཡིག་ངག་གཉིས་ཐོག་ནས་གསལ་པོ་བཟོས་ཟིན། ལྷག་པར་སྔ་ལོ་འབྲེལ་མོལ་བརྒྱད་པའི་སྐབས་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ད་ལྟ་རྒྱ་ཁྱབ་ཡོངས་གྲགས་བྱས་ཟིན་པ་དེའི་ནང་གསལ་འཁོད་ཡོད་པ་དེ་ནས་ཚང་མས་མཁྱེན་རྟོགས་ཐུབ་རྒྱུ། ང་ཚོའི་ངོས་ནས་བོད་རྒྱ་མི་རིགས་ཁ་བྲལ་མི་འགྲོ་བའི་ཐབས་ཚུལ་ལ་འབད་བརྩོན་རྒྱུན་འཁྱོངས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྟབས། འབྱུང་འགྱུར་ཡང་རྒྱ་ནག་དབང་འཛིན་པ་རྣམས་དང་ལྷན་དུ་སྔ་ལོ་ཕུལ་ཟིན་པའི་བསམ་འཆར་གྱི་ཐོག་མུ་མཐུད་འབྲེལ་མོལ་ཞུ་རྒྱུའི་བསམ་ཚུལ་ལ་འགྱུར་བ་གང་ཡང་མེད།

 

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་མང་པོ་འདུས་པའི་རྒྱལ་ཁབ་ཅིག་ཡིན་སྟབས། དེའི་གཞུང་སྲིད་དབང་འཛིན་པས་ཁྱབ་ཁོངས་མི་རིགས་ཚང་མའི་མངོན་འདོད་བསྒྲུབ་དགོས་ཤིང༌། དེ་ལྟར་བསྒྲུབ་ན་རྩ་ཁྲིམས་ཀྱི་དགོངས་དོན་མི་རིགས་འདྲ་མཉམ་དང༌མི་རིགས་མཐུན་འབྲེལ་ཡང་ཡོང་ཐུབ། ད་ལྟའི་ཆབ་སྲིད་དབང་འཛིན་པའི་ལྟ་གྲུབ་དང༌སྲིད་བྱུས། ལས་དོན་བྱེད་ཕྱོགས་བཅས་ལ་འདོད་བློ་མ་ཁེངས་པ་དང་། མོས་མཐུན་མེད་པ། ངོ་རྒོལ་གདོང་ལེན་བྱ་དགོས་སྣ་ཚོགས་ཤིག་སྔར་ཡང་བྱུང་ཞིང༌། ཕྱིས་ཀྱང་ཡོང་སྲིད་མོད། དེ་ལ་བརྟེན་ནས་བོད་རྒྱ་མི་རིགས་གཉིས་བར་མཐུན་འབྲེལ་ཉམས་ཆག་མི་འགྲོ་བ་བྱ་རྒྱུ་ནི་གནད་ཀྱི་དོན་པོ་ཡིན་པས། ད་རེས་ཚོགས་ཆེན་འདིར་ཕེབས་པའི་ཚོགས་མི་རྣམ་པས་རྒྱ་ནག་མང་ཚོགས་ལ་བོད་མི་རིགས་དང༌། ལྷག་པར་དུ་བཙན་བྱོལ་བོད་མི །ྋགོང་ས་སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཅས་ཀྱི་བསམ་ཚུལ་དང་ལང་ཕྱོགས་ཅི་ཡིན་དངོས་དོན་གྱི་གནས་ཚུལ་རྒྱ་རིགས་མང་ཚོགས་ལ་ར་སྤྲོད་དང༌། དེ་ལ་བརྟེན་ནས་མི་རིགས་མཐུན་འབྲེལ་སྲ་བརྟན་ཡོང་ཐབས་གནང་སྐྱོང་ཞུ་རྒྱུ་དང༌། དེ་བཞིན། ང་ཚོར་འབྱུང་འགྱུར་བྱེད་ཕྱོགས་ཐོག་དགོངས་འཆར་སློབ་སྟོན་གནང་རོགས་གནང་ཞེས་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།

 

གཞན་ཡང་གོ་སྐབས་འདི་བཟུང་སྟེ་ཉེ་ཆར་ཤར་ཏུར་ཀི་སི་ཐན་ཤིན་ཅང་དུ་བྱུང་བའི་ཡིད་སྐྱོའི་གནས་ཚུལ་ལ་བློ་ཕམ་ཚད་མེད་དང་། སྐབས་དེར་ཚེ་སྲོག་ཤོར་བ་དང༌རྨས་སྐྱོན་ཕོག་པ། དེ་མིན་གོད་ཆགས་བྱུང་མཁན་ཚང་མར་གདུང་སེམས་མཉམ་སྐྱེད་ཀྱིས་ཐུགས་གསོ་དང་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༨ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 4

  1. ཨརྱ། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་མཆོག་ལ་དགོངས་སེལ་བཅས་ཞུ་རྒྱུར། གོང་གི་༧གོང་ས་མཆོག་གི་གསུང་བཤད་དང་། བཀའ་ཁྲིའི་གསུང་བཤད་འདི་གཉིས་བདག་གི་ཟིན་བྲིས་སུ་འདྲེན་བཀོལ་བྱེད་ཐལ་ཤོར་བས་ཆོག་མཆན་བརྩེ་གནང་ཡོད་པར་ཞུ།

    Reply
  2. བཙན་པོ། says:
    ལོ་ 17 སྔོན།

    ཟམ་གདོང་བླ་མས་ལོ་རྒྱུས་ལ་ནག་ཐིག་བཟོས་འདུག རྒྱལ་རིན་པོ་ཆེ་ནས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་བྱེད་མ་ཐུབ་པའི་དབང་གིས་རྒྱ་བོད་ཞི་འགྲིག་བྱུང་མ་ཐུབ་པ་རེད། ཟམ་གདོང་བླ་མས་ ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་མཇུག་ཙམ་ནས་རྒྱ་ནག་ཡོན་གོང་མའི་དབང་སྒྱུར་སྐབས་རྒྱ་བོད་མཆོད་ཡོན་ཞེས་པའི་འབྲེལ་བ་དམིགས་བསལ་བ་དེ་བྱུང་རེད་ཟེར། གུང་ཁྲན་ཏང་གིས་བཤད་པ་ལྟར་ཡོན་གོང་མ་རྒྱ་ནག་ཡོན་གོང་མ་ཡིན་པ་ངོས་ལེན་བྱས་འདུག་པ་དེ་ནི་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དང་གཅིག་མཚུངས་རེད། ཟམ་གདོང་ནི་ལོ་རྒྱུས་ཀྱི་ཉེས་ཅན་པ་ཆགས་ཚར་བ་རེད། ཡོན་གོང་མ་ནི་སོག་པོ་ཡིན་པ་དང་། སོག་པོས་བོད་རྒྱ་གཉིས་ལ་དབང་བསྒྱུར་བ་ནི་ཡོང་གྲགས་རེད། བོད་རྒྱ་ཁོངས་ཡིན་མིན་གྱི་རྩོད་པ་ནི་ཡོན་གོང་མ་རྒྱ་ནག་གི་ཡོན་གོང་མ་ཡིན་ིམན་ལ་ཐུག་ཡོད་པ་རེད། ནམ་རྒྱུན་རྒྱ་ནག་གིས་བོད་ནི་ཡོན་གོང་མ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཆགས་པ་རེད་ཟེར་གི་ཡོད་པ་རེད། བོད་ཀྱིས་ཡོན་གོང་མ་ནི་སོག་པོ་རེད། བོད་སོག་པོས་ཆ་ཤས་ཆགས་ནས་ཕྱིས་སུ་རང་བཙན་ཆགས་པ་རེད་ཟེར་གི་ཡོད་པ་མ་རེད་དམ།

    Reply
  3. འོས་ལངས། says:
    ལོ་ 17 སྔོན།

    ད་ནི་རྒྱ་ནག་མེད་ན་འཇིག་རྟེན་མེད་པ་འདྲ་ཞིག་དང་། འཇིག་རྟེན་འདིའི་སྐྱེ་བོ་ཡོད་དོ་ཅོག་རྒྱ་ནག་ལ་བརྟེན་དགོས་ཀྱི་ཡོད་པ་འདྲ་ཞིག་འདུག་ག ཧ་ཅང་ཐལ་དྲགས་པའི་གཏམ་བརྗོད་རང་རེད། རྒྱ་ནག་གི་དཔོན་རིགས་ཚོའི་བཤད་སྟངས་ལེབ་བཤུས་བྱས་ཡོད་པ་ལས། ཆབ་སྲིད་སྐྱབས་བཅོལ་བ་ཞིག་གམ། ཡང་ན་རྒྱ་ནག་དམར་གཞུང་དང་ཁ་གཏད་ཡིན་པའི་སྲིད་གཞུང་ཞིག་གི་བཤད་སྟངས་ནི་ནམ་ཡང་མ་རེད། བོད་བཙན་པོའི་སྐབས་ཀྱི་སྡོམ་ཚིག་༼ རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད།༽ཅེས་པ་འདི་ནི་ཡུལ་དུས་གནས་གསུམ་གང་དུ་ཡང་ཉམས་མྱོང་ཚད་མ་དང་། སྡོམ་ཚིག་བསླུ་མེད་ཅིག་ཡིན།

    Reply
  4. མཁར་རྔ་། says:
    ལོ་ 17 སྔོན།

    སེམས་དཔའ་ཆེན་པོ།
    སྐུ་ཉིད་ཀྱིས་སྣེ་མང་རང་བཞིན་ལྡན་པའི་གསར་གཏོད་དང་། རྙོག་འཛིངས་རང་བཞིན་གྱི་ཆབ་སྲིད་ལ་ཁ་གཏད།
    ཡང་སྒོས་༧གོང་ས་མཆོག་གི་དགོངས་གཞིར་བློ་གཏད་འགྱུར་མེད་ཀྱིས། བློ་གྲོས་དང་རྣམ་དཔྱོད་ལྡན་པའི་སྒོ་ནས་ལུགས་གཉིས་ཐབས་བརྒྱས་བསྐྱང་བའི་དར་ཆ་སྲིད་རྩེར་བསྒྲེངས།
    རྒྱ་ཆེ་ཞིང་། གཏིང་ཟབ་པ། སྡོམ་ཚིག་རང་བཞིན་གྱི་ཞལ་ཆེམས་མན་ངག་བརྗེད་དུ་ཕངས་པ་རྣམས་ངེད་ཅག་མི་རབས་གསར་བྱུང་རྣམས་ཀྱི་ཕྲག་ཏུ་ལྕི། སྐུ་ཉིད་མ་འོངས་པར་སླར་ཡང་བཀའ་བློན་ཁྲི་པའམ། ཡང་ན་དེ་ལས་གཞན་ད་དུང་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese