མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་དྭགས་སུ་ཕེབས་པ།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་༧གོང་ས་མཆོག་ལ་དྭགས་ཀྱི་སླེ་རྒྱལ་སར་ཕེབས་འབྱོར་གནང་བ་དང་། དེར་ཇམ་མུ་ཀཤཱི་སྨིར་མངའ་སྡེ་བློན་ཆེན་ ཨོ་མར་ཨབ་ཌུལ་ལ་མཆོག་ནས་ཕེབས་བསུ་གནང་བ་དང་། ཁོང་གིས་སྣུམ་འཁོར་ཆུང་བ་དེའི་ནང་ནས་༧གོང་ས་མཆོག་ལྕོགས་ལམ་སར་ཕེབས་བསུ་གནང་བ་རེད།

ས་གནས་དེའི་ནང་བ་དང་ཁ་ཆེ། ཧིན་རྡུ་བཅས་ཀྱི་མང་ཚོགས་ཀྱིས་རང་རང་གི་སྲོལ་རྒྱུན་གྱི་ཆོས་གོས་སྤྲས་ཤིང་ལམ་གྱི་གཡས་གཡོན་གཉིས་སུ་ལག་ཏུ་ཁ་བཏགས་དང་མེ་ཏོག་གི་ཕྲེང་བ་སོགས་བཟུང་སྟེ་བང་སྒྲིག་ནས་༧གོང་ས་མཆོག་ལ་ཕེབས་བསུ་ཞུས་ཡོད་པ་རེད།

༧གོང་ས་མཆོག་ཕོ་བྲང་དུ་འབྱོར་རྗེས་ཁོང་གིས་མངའ་སྡེ་བློན་ཆེན་ཨབ་ཌུལ་ལ་མཆོག་དང་འབྲེལ་ཡོད་མི་སྣ་གཞན་རྣམས་ཀྱིས་ཁོང་ལ་ཕེབས་བསུ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

༧གོང་ས་མཆོག་གིས་མངའ་སྡེ་བློན་ཆེན་མཆོག་མཉམ་དུ་བཀའ་མོལ་གནང་ཡུན་རིང་ཁོང་གིས། ངོས་རང་ཁྱེད་ཀྱི་སྤོ་བོ་ Sheikh Mohammad Abdullah ལགས་ལ་གྲོགས་པོའི་འབྲེལ་འདྲིས་ཟབ་མོ་ཡོད་ལ། ཁྱེད་ཀྱི་པ་ལགས་Farooq Abdullah ལའང་འབྲེལ་བ་ཟབ་མོ་ཡོད་ཅེས་གསུངས་ཡོད་པ་རེད།

༧གོང་ས་མཆོག་ལ་དྭགས་སུ་ཟླ་འདིའི་ཚེས་ ༢༩ ཉིན་བར་དུ་བཞུགས་ཏེ་གསུང་ཆོས་སོགས་གནང་རྒྱུ་རེད།

འབྲེལ་ཡོད་གསར་འགྱུར།

ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢

མཆན། 6

  1. གངས་ཅན་པའི་ལས་དབང་། says:
    ལོ་ 17 སྔོན།

    གངས་ཅན་བོད་ཀྱི་ཆོས་བདེ་ཞིང་གནས་འགྲོ་བའི་མགོན་པོ་༧སྐྱབས་མགོན་རྒྱལ་བའི་དབང་པོ་ལ་ཕྱག་འཚལ་ལོ།།

    Reply
  2. འོས་ལངས། says:
    ལོ་ 17 སྔོན།

    མཛད་རྒྱུ་གཞན་དོན་དང་། བསམ་རྒྱུ་སེམས་ཅན་ལས་མེད་པའི་༧གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་ད་རེབ་ཉིན་ཤས་རིང་ལ་དྭགས་ལྕོག་ལམ་ཤར་གྱི་ཕོ་བྲང་ཁ་ཁུ་སིམ་པོ་དེ་རུ་སྐུ་ངལ་མང་ཙམ་གསོ་ཐུབ་ན་ཇི་འདྲའི་དགའ་བ་ལ་ཨང་། སྐབས་འཚོལ་རིང་ལུགས་པ་ཚོས་ས་ཕྱོགས་གང་དུ་ཡང་ཁོང་ལ་མཛད་བྲེལ་རྐྱང་རྐྱང་བཟོས་ནས་སྐུ་གཟུགས་ལྷོད་དལ་ཞིག་ནམ་ཡང་ཡོང་འཇུག་གི་མེད། ཁོང་གི་སྐུ་གཟུགས་སོས་དལ་བག་ཕེབས་ཤིག་བྱུང་ན་སྐུའི་འཕྲོད་དགེ་དང་བདེ་ཐང་བཅས་ལ་ཕན་པར་འགྱུར་ཞིང་། དེ་བྱུང་ན་སྐུ་ཚེའི་ཞབས་པད་བརྟན་པ་ལ་རང་བཞིན་གྱིས་ཕན་ཐོགས་ཤིག་ཡོང་ངེས་ཡིན།

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    འགྲོ་བའི་མགོན་པོ་ཁྱེད་སྐུ་ཅི་འདྲ་དང་།
    འཁོར་དང་སྐུ་ཚེའི་འཁོར་དང་ཞིང་ཁམས་དང་།
    ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ།
    དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག

    Reply
  4. ནད་པ says:
    ལོ་ 17 སྔོན།

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག།

    Reply
  5. གངས་མཚོ། says:
    ལོ་ 17 སྔོན།

    སྐྱབས་སུ་མཆིས།
    ཁོང་ནི་ཉིན་གཅིག་ལ་སྐུ་དལ་པོ་བྱེད་ནི་གཞུགས་ཡག་མི་འདུག་བོད་པ་དེ་ཚོ་
    བཀའ་དྲིན་དྲན་དགོས།།

    Reply
  6. Dhonling Bhu says:
    ལོ་ 17 སྔོན།

    སྤྱིར་༸རྒྱལ་བ་རིན་པོ་རྒྱ་གར་གྱི་མངའ་སྡེ་གང་ཞིག་གི་ནང་དུ་ཆིབས་བསྒྱུར་གྱི་སྐབས་མངའ་སྡེའི་བློན་ཆེན་གྱིས་ཕེབས་བསུ་དང་མཇལ་འཕྲད་སོགས་ཉུང་ཤས་ཤིག་ཡིན་པ་ལས། ད་རེས་ཇ་མུ་དང་ཀཤི་མིར་མངའ་སྡེའི་བློན་ཆེན་གྱིས་ཕེབས་བསུ་ཟབ་རྒྱས་ཞུས་པ་དེ་རླབས་ཆེན་ཞིག་ཏུ་རྩིས་བཞིན་ཡོད།

    དེང་གི་ཆར་མངའ་སྡེ་དེ་རྩོད་གཞི་ཅན་ཞིག་ཡིན་པ་དང་ལྷག་པར་རྒྱ་ནག་གི་དེའི་སྟེང་བྱུས་མེད་བྱུས་ཏོག་གི་པ་ཀིསི་ཏན་གྱི་རྒྱབ་ཏུ་ལངས་ཀྱི་ཡོད་ལ། དེས་རྒྱ་གར་ལ་སྤྱིའི་ཆ་ནས་རང་བཞིན་གྱི་དངངས་ཚབ་སྐྱེས་གཞི་ཞིག་ཏུ་འགྱུར་ཡོད། ངས་མཐའ་དོན་མངའ་སྡེ་འདིའི་རྙོག་དྲ་དེ་མྱུར་ནས་མྱུར་དུ་ཐག་གཅོད་ཐུབ་པ་དང་དེ་སྔར་རྒྱ་གར་གྱི་ཁོངས་ཡིན་པས་ད་དུང་ཡང་རྒྱ་གར་གྱི་ཁོངས་སུ་གནས་ན་དགེ་ཚན་ཆེ་བར་མཐོང།

    ཐུགས་རྗེ་ཆེ་ཨོ་མར་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese