མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་ཚན་བཞི་ཅན་གྱི་བོད་རྒྱའི་བསྒྲགས་གཏམ།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྗི་ནི་ཝར་བསྐོང་བའི་རྒྱ་བོད་ཚོགས་ཆེན་དེའི་སྟེང་གཞིས་བྱེས་བོད་མི་ཡོངས་ཀྱི་དཀའ་སྡུག་ལ་སེམས་ཁུར་དང་འབྲེལ་རང་དབང་སླར་གསོ་ཐུབ་པར་རྒྱབ་སྐྱོར་མཚོན་བྱེད་དུ་སྐུ་ཚབ་ཚོས་དོན་ཚན་བཞིར་སྤྱི་མོས་གྲོས་མཐུན་གྱི་དགོངས་ཚུལ་བཏོན་ཡོད་པ་རེད།

༡། གཞི་རྩའི་རིན་ཐང་དང་རྩ་དོན།
ཡོངས་ཁྱབ་ཀྱི་རིན་ཐང་ནི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་ནས་ཚུགས་ཡོད་ལ། དེའི་ནང་དུ་རང་དབང་དང། མང་གཙོ། ཁྲིམས་ཀྱི་དབང་སྒྱུར། འགྲོ་བ་མིའི་ཐོབ་ཐང་། འདྲ་མཉམ་དང་ལེགས་བྱང་རིས་མེད་ཀྱི་མཉམ་གནས་བཅས་འགྲོ་བ་མིའི་གཞི་རྩའི་རིན་ཐང་ལྟ་ཚུལ་དང། རྩ་དོན་བཅས་ཡོད་ལ། ད་རེབ་ཀྱི་ཚོགས་ཞུགས་པ་རྣམས་ཀྱིས་འདི་དག་རྩ་འཛིན་བྱས་ཡོད།

༢། བོད་དོན་གྱི་རང་བཞིནདང་། དེའི་རྩ་བ།
༡༽    བོད་ཀྱི་རྩ་བའི་གནད་དོན་ནི་རྒྱ་རིགས་དང་བོད་རིགས་བར་གྱི་རྩོད་རྙོག་ཅིག་མིན་པར།
རྒྱ་ནག་གཞུང་ནས་བོད་ཀྱི་རིག་གཞུང་རྩ་མེད་དང། བཙན་པོ་དབང་ཡོད་ཀྱི་སྲིད་གཞུང་བཙུགས་པ་ལས་བྱུང་བ་ཡིན།
༢ ༽ རྒྱ་ནག་གཞུང་གིས་བོད་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་བཤད་ཀྱིན་པ་དེར་དོན་དངོས་ཀྱི་ནོར་འཁྲུལ་ཤོར་ཡོད།
༣ ༽ བོད་ཀྱི་ཆོས་དང། རིག་གཞུང། སྐད་ཡིག་བཅས་ནི་ཆག་འཇིག་གི་ཁ་མཚམས་ལ་སླེབས་པ།
༤ ༽ བོད་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གིས་མཚོན་པའི་རང་ཐག་རང་གཅོད་དང། སྲིད་དོན་ནང་མཉམ་ཞུགས། ཆོས་དད་རང་མོས་སོགས་རྒྱ་གཞུང་གིས་འཕྲོག་ཡོད་པ།
༥ ༽ རྒྱ་ནག་གི་གཞུང་འབྲེལ་གསར་འགོད་བརྒྱུད་ལམ་གྱིས་བོད་ཀྱི་གནད་དོན་ཀྱི་ངོ་བོ་གང་ཡིན་མི་བརྗོད་པར། རྒྱ་བོད་གཉིས་དབར་ཁ་གཏད་གཅོག་རེས་བྱེད་ཀྱི་ཡོད་ཚུལ་གོ་ལྡོག་ནས་བརྗོད་ཡོད།

༣། བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་བྱུས།
༡༽ བོད་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གིས་མཚོན་པའི་ཆབ་སྲིད་ཀྱི་ལས་དོན་ནང་མཉམ་ཞུགས། ཆོས་དད་རང་དབང་བཅས་ལ་རྒྱ་གཞུང་ནས་དང་ལེན་གུས་བརྩི་ཞུ་དགོས་པ།
༢༽ བོད་ཀྱི་གནད་དོན་ཐག་གཅོད་དེ་རྒྱ་ནག་གི་མང་གཙོ་དང་འབྲེལ་བ་ཡོད་པ།
༣༽རྒྱ་རིགས་མི་དམངས་ཀྱིས་རྒྱ་ནག་ཆེན་པོའི་མི་རིགས་རིང་ལུགས་ཀྱི་ཉེས་དམིགས་ཤེས་པའི་ཐོག་ནས་བོད་མི་རིགས་ཀྱི་ལེགས་བྱང་། འཚོ་བ་སྐྱེལ་ཕྱོགས་ལ་ངེས་པར་དུ་གུས་བཀུར་ཞུ་དགོས་པ།
༤༽ རྒྱ་ནག་གཞུང་གིས་ཁྲིམས་ཀྱི་དབང་སྒྱུར་ལ་གུས་བརྩི་དང་ལེན་ཞུ་དགོས་པ།
༥༽ ༸གོང་ས་མཆོག་ཕྱིར་རང་གི་ཕ་ཡུལ་དུ་ཕེབས་ཆོག་པའི་གཡོལ་མེད་ཐོབ་ཐང་དེར་རྒྱ་ནག་གཞུང་གིས་བརྩི་བཀུར་བྱེད་དགོས།

༤། བཙན་བྱོལ་བོད་གཞུང་ལ་ཕུལ་བའི་དགོངས་ཚུལ།
༡ ༽རྒྱ་བོད་མཐུན་སྒྲིལ་གྱི་ཚོགས་པ་རྒྱལ་སྤྱིའི་ས་ཕྱོགས་གང་སར་བཙུགས་ཏེ། རྒྱ་བོད་གཉིས་མོས་ཀྱི་བསམ་འཆར་འདོན་སྤེལ་བྱ་རྒྱུ་ལ་སོགས་པའི་ལེགས་བྱང་བརྗེ་རེས་དང། སེམས་ཚོར་གྱི་འབྲེལ་བ་གོང་མཐོར་གཏོང་དགོས་པ།
༢ ༽ བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་དངོས་དོན་བསྐྱར་བཅོས་ཡོང་སླད་དུ་རྒྱ་བོད་མཁས་དབང་རྣམ་པར་ཞིབ་འཇུག་སྡེ་ཚན་ཞིག་གསར་འཛུགས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང། རིག་གཞུང་གི་གོ་རྟོགས་གོང་འཕེལ་ཡོང་བ་བྱ་རྒྱུ།
༣༽རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་བོད་ཀྱི་དངོས་དོན་གྱི་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུར་དྲ་རྒྱ་དོ་དམ་པས་འགོག་སྡོམ་བྱེད་ཀྱིན་ཡོད་པ་དེར་བོད་ཕྱོགས་ནས་ཚད་ངེས་ཅན་གྱིས་གདོང་ལེན་གྱི་ཐབས་བྱུས་ཤིག་ལག་བསྟར་བྱེད་དགོས་པ་དང། དེས་རྒྱ་མི་རིགས་ཚོ་དང་རྒྱལ་སྤྱིར་གནད་དོན་འཚོལ་ཞིབ་ལ་མཐུན་རྐྱེན་སྐྲུན་ཐུབ།   
༤༽ ༸གོང་ས་མཆོག་ལ་འོས་འཚམ་གྱི་ཆ་རྐྱེན་བསྐྲུན་པའི་ཐོག་ནས་རྒྱ་མི་རིགས་ཀྱི་ནང་དུ་ཁོང་གི་རིན་ཐང་གི་ལྟ་བ་གོང་མཐོར་གཏོང་ཐུབ་པ་དང། དེས་རྒྱ་རིགས་མང་ཚོགས་ཀྱི་ནང་དུ་མིའི་རིགས་ཀྱི་རིན་ཐང་ཤེས་རྟོགས་འབྱུང་བར་བསྐྱར་གསོ་ཐུབ་པར་ཞབས་འདེགས་ཐུབ་པ། བཅས་རེད།

མཇུག་སྣོན་གྱི་ཚུལ་དུ། ཚོགས་ཞུགས་པ་རྣམས་ཀྱིས་བརྗོད་དོན། ངེད་ཚོ་རྒྱ་བོད་སྐུ་ཚབ་ཚོགས་ཞུགས་པ་ཚོས་བོད་རིགས་ཚོའི་རང་དབང་སླར་གསོ་ཐུབ་པ་དང། རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་སླད་དུ་རེ་སྨོན་བྱེད་ཀྱིན་ཡོད་ལ། ངེད་ཚོའི་ནང་ཁུལ་ལའང་ཡིད་ཆེས་གཞི་ལ་བཞག་པའི་ཐོག་ནས་བསམ་ཚུལ་བརྗེ་ལེན་བྱས་པ། རང་དབང་ནི་ཆེས་མཐོའི་གནས་ཚད་དང་ལྡན་པ། བོད་ཀྱི་ལེགས་བྱང་དེ་ནི་འགྲོ་བ་མིའི་རིག་གཞུང་གི་ནང་དུ་རྩ་ཆེའི་རྒྱུ་ནོར་ཡིན་པ། ཇི་སྲིད་བོད་ལ་རང་དབང་མེད་པ་དེ་སྲིད་དུ་རྒྱ་ནག་ལ་རང་དབང་མེད་པ། བོད་ཀྱི་ལེགས་བྱང་དང་རིག་གཞུང་འཇིག་བཞིན་པ་དེའང་བོད་མི་ཚོའི་རྐྱེན་ངན་ཙམ་མིན་པར་རྒྱ་མི་རིགས་ཀྱི་རྐང་འདྲེན་དང། བཅོས་རྒྱུ་མེད་པའི་མི་རིགས་ཀྱི་གྱོང་གུད་ཆེ་ཤོས་ཞིག་རེད་ཅེས་བཀོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 9

  1. སངས་རྒྱས་ཆོས་འཕེལ། says:
    ལོ་ 17 སྔོན།

    རྒྱ་བོད་ཚོགས་ཆེན། ཚོགས་པ་དེར་གཅར་མཁན་སུ་དང་སུ་ཡོད་པ་གསལ་བཤད་མཛད་ཐུབ་མཁན་ཡོད་དམ།

    Reply
  2. ནད་པ says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ལགས། ཉེ་ཆར་ལྗི་ནི་བར་འཚོགས་པའི་རྒྱ་བོད་གཉིས་ཀྱི་ཚོགས་འདུའི་མཇུག་མཐར་བཞག་པའི་གྲོས་ཆོད་འདིའི་མ་དཔེ་དབྱིན་ཡིག་ནས་བོད་བསྒྱུར་སུས་གནང་བ་ཞིག་ཡིན་ནམ།

    ངས་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གི་དབྱིན་ཡིག་དེར་བལྟ་ཀློག་གང་མང་བྱས་མཐར་བོད་ཀྱི་དུས་བབ་ནང་དུ་བོད་ཡིག་ཏུ་འདི་སུས་བསྒྱུར་བ་ཡིན་ན་བསམས་བྱུང་བས་དགོངས་མངའ་ཞུ།

    Reply
  3. འགྲན་ཟླ་བྲལ་བའི་རི་བོ་ཧི་མ་ལ་ཡའི་ says:
    ལོ་ 17 སྔོན།

    ཁ་སང་འདིར་འབྱོར་བའི་རྒྱ་ནག་གི་རྩོམ་པ་པོ་ཝང་ལི་ཞོན་ཟེར་བའི་མི་དེའི་ང་ཚོའི་སྐྱབས་བཅོལ་གཞུང་དང་གཞོན་སྐྱེ་ཚོ་ལ་འཇིགས་སྐུལ་གྱི་ཚིག་མང་པོ་གཅིག་བེད་སྤྱོད་གཏོང་གི་ཡོད་པ་དང་། ཝང་ལི་ཞོན་པེ་ཅིན་ནས་འཚོ་བའི་མི་གཅིག་ཡིན་པའི་ཆ་ནས་པེ་ཅིན་རང་ནས་རྒྱ་ནག་འདི་མང་གཙོ་ཅན་དུ་འགྱུར་བའི་སྨོན་ལམ་བཏབ་ན་བཟང་བ་དང་། ཡིན་གཅིག་མིན་གཅིག་༧གོང་ས་༧ཏྰ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གཅིག་པོའི་མིང་གིས་རྩོམ་ཡིག་སྤེལ་དགོས་དོན་ཅང་མེད་ཀི་མོད། བོད་པའི་གཏམ་དཔེ་ལ་༼ སྐལ་མེད་ས་སྐེ་བསྲིངས། །བར་མེད་ས་ཆུ་བཏབ། ། ཟེར་བའི་དཔེ་ལྟར་ཡར་མར་གཉིས་ཀྱིས་མོས་མཐུན་མེད་པའི་མི་སྣ་འདི་འདྲའི་རིགས་གང་ཞིག་ནས་མགོ་ནག་པོ་འབུར་ནས་ཡོང་བ་རེད།

    Reply
  4. འགྲན་ཟླ་བྲལ་བའི་རི་བོ་ཧི་མ་ལ་ཡའི་ says:
    ལོ་ 17 སྔོན།

    ཁ་སང་འདིར་འབྱོར་བའི་རྒྱ་ནག་གི་རྩོམ་པ་པོ་ཝང་ལི་ཞོན་ཟེར་བའི་མི་དེའི་ང་ཚོའི་སྐྱབས་བཅོལ་གཞུང་དང་གཞོན་སྐྱེ་ཚོ་ལ་འཇིགས་སྐུལ་གྱི་ཚིག་མང་པོ་གཅིག་བེད་སྤྱོད་གཏོང་གི་ཡོད་པ་དང་། ཝང་ལི་ཞོན་པེ་ཅིན་ནས་འཚོ་བའི་མི་གཅིག་ཡིན་པའི་ཆ་ནས་པེ་ཅིན་རང་ནས་རྒྱ་ནག་འདི་མང་གཙོ་ཅན་དུ་འགྱུར་བའི་སྨོན་ལམ་བཏབ་ན་བཟང་བ་དང་། ཡིན་གཅིག་མིན་གཅིག་༧གོང་ས་༧ཏྰ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གཅིག་པོའི་མིང་གིས་རྩོམ་ཡིག་སྤེལ་དགོས་དོན་ཅང་མེད་ཀི་མོད། བོད་པའི་གཏམ་དཔེ་ལ་༼ སྐལ་མེད་ས་སྐེ་བསྲིངས། །བར་མེད་ས་ཆུ་གདབ། ། ཟེར་བའི་དཔེ་ལྟར་ཡར་མར་གཉིས་ཀྱིས་མོས་མཐུན་མེད་པའི་མི་སྣ་འདི་འདྲའི་རིགས་གང་ཞིག་ནས་མགོ་ནག་པོ་འབུར་ནས་ཡོང་བ་རེད།

    Reply
  5. འགྲན་ཟླ་བྲལ་བའི་རི་བོ་ཧི་མ་ལ་ཡའི་ says:
    ལོ་ 17 སྔོན།

    བོད་པའི་གཞོན་སྐྱེ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ལྟར་ལོ་འདི་དག་གི་རིང་དུ་བོད་མི་རིགས་ལ་གྲུབ་འབྲས་མ་ཐོན་པ་ཞིག་རྩ་བ་ནས་མ་རེད། གྲུབ་འབྲས་ཆེན་པོ་ཐོབ་ཡོད་པའི་ཚོར་སྣང་བྱུང་སོང་། རྒྱལ་ཁབ་གཅིག་གི་ཆགས་འཇིགས་ཀྱི་གནད་དོན་འདི་ད་ལྟའི་གཞོན་སྐྱེ་ཚང་མས་ཏིལ་གྱི་འབྲུ་ནང་བཞིན་རེ་རེར་བྱས་ཏེ་སླར་གསོ་བྱས་ན་འབྱུང་འགྱུར་མ་འོངས་བའི་ལས་ཀ་ཐམས་ཅད་འཇུག་འབྲས་ལེགས་པ་གཅིག་ཡོང་བར་ཐེ་ཚོམ་མེད་པ་དང་། ང་ཚོས་ནམ་ཡིན་ཡང་ནོར་ཡིག་འདི་བེད་སྤྱོད་མི་གཏོང་བའི་འབད་པ་བྱེད་དགོས་རྒྱུ་གལ་ཆེན་པོ་མཐོང་གི་འདུག

    Reply
  6. ཟུར་མཁར་ says:
    ལོ་ 17 སྔོན།

    མཆོག་ཏུ་བཀུར་པར་འོས་པའི་དུས་བབ་རྩོམ་སྒྲིག་པ་ལགས། གུས་པའི་ཟིན་བྲིས་སུ་བརྒྱུད་འགོད་བྱེད་ཆོག་པ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

    Reply
  7. འོས་ལངས། says:
    ལོ་ 17 སྔོན།

    བཀའ་ཁྲི་དང་དམིགས་བསལ་སྐུ་ཚབ་ཚོས་རྒྱ་གཞུང་ལ་དགོས་འདུན་བཏོན་པའི་ཚད་གཞི་ལས། ད་ཐེངས་ཀྱི་ཚོགས་ཆེན་ནས་སྤྱི་མོས་བྱུང་བའི་གྲོས་མཐུན་དེ་དག་ཚད་མཐོན་པོ་དང་གནད་ལ་འཁེལ་བ་འདུག ཚོགས་བཅར་བ་ཚོས་བོད་རྒྱ་གཉིས་ཀྱི་གནའ་དེང་གི་ལོ་རྒྱུས་ལ་རྒྱུས་མྱོང་ཡག་པོ་ལོན་ཡོད་པ་ནས་སོ་སོའི་ལོ་རྒྱུས་ཀྱི་འགན་ཡང་གང་འཚམས་ཤིག་འཁུར་ཡོད་པའི་རྣམ་པ་མངོན་ཡོང་། འདི་འདྲའི་དོན་གནད་འབྱིན་མཁན་དང་ལྟ་ཚུལ་འཛིན་མཁན་གྱི་རྒྱ་རིགས་ལ་དགའ་བསུ་ཡོད། མ་གཞི་ནས་ཤེས་ཡོན་པ་དང་། སྲིད་དོན་པ། རྩོམ་པ་པོ་བཅས་མང་པོ་ལྷན་འཛོམས་ཀྱི་ཚོགས་འདུ་ལ་ཁྱད་ཆོས་ཤིག་ཡོད་ཡོད་པ་རེད། གང་ལྟར་གྲོས་ཆོད་རྣམས་ལག་བསྟར་དང་དོན་སྨིན་ཡོང་བའི་འབོད་སྐུལ་ཞུ།

    Reply
  8. ཨརྱ། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་མཆོག་ལ་ཆེད་ཞུ། དོན་ཚན་འདི་ངའི་ཟིན་བྲིས་སུ་བཀོལ་འདྲེན་བྱེད་ཆོག་པའི་ཆོག་མཆན་བརྩེ་གནང་ཡོང་བར་ཞུ།

    Reply
  9. བཙན་པོ། says:
    ལོ་ 17 སྔོན།

    ཡིད་སྐྱོ་བ་ཞིག་ལ་འཚོགས་ཐོག་ཏུ་་་ཟམ་གདོང་བླ་མས་ལོ་རྒྱུས་ལ་ནག་ཐིག་བཟོས་འདུག རྒྱལ་རིན་པོ་ཆེ་ནས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་བྱེད་མ་ཐུབ་པའི་དབང་གིས་རྒྱ་བོད་ཞི་འགྲིག་བྱུང་མ་ཐུབ་པ་རེད། ཟམ་གདོང་བླ་མས་ ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་མཇུག་ཙམ་ནས་རྒྱ་ནག་ཡོན་གོང་མའི་དབང་སྒྱུར་སྐབས་རྒྱ་བོད་མཆོད་ཡོན་ཞེས་པའི་འབྲེལ་བ་དམིགས་བསལ་བ་དེ་བྱུང་རེད་ཟེར། གུང་ཁྲན་ཏང་གིས་བཤད་པ་ལྟར་ཡོན་གོང་མ་རྒྱ་ནག་ཡོན་གོང་མ་ཡིན་པ་ངོས་ལེན་བྱས་འདུག་པ་དེ་ནི་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དང་གཅིག་མཚུངས་རེད། ཟམ་གདོང་ནི་ལོ་རྒྱུས་ཀྱི་ཉེས་ཅན་པ་ཆགས་ཚར་བ་རེད། ཡོན་གོང་མ་ནི་སོག་པོ་ཡིན་པ་དང་། སོག་པོས་བོད་རྒྱ་གཉིས་ལ་དབང་བསྒྱུར་བ་ནི་ཡོང་གྲགས་རེད། བོད་རྒྱ་ཁོངས་ཡིན་མིན་གྱི་རྩོད་པ་ནི་ཡོན་གོང་མ་རྒྱ་ནག་གི་ཡོན་གོང་མ་ཡིན་ིམན་ལ་ཐུག་ཡོད་པ་རེད། ནམ་རྒྱུན་རྒྱ་ནག་གིས་བོད་ནི་ཡོན་གོང་མ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཆགས་པ་རེད་ཟེར་གི་ཡོད་པ་རེད། བོད་ཀྱིས་ཡོན་གོང་མ་ནི་སོག་པོ་རེད། བོད་སོག་པོས་ཆ་ཤས་ཆགས་ནས་ཕྱིས་སུ་རང་བཙན་ཆགས་པ་རེད་ཟེར་གི་ཡོད་པ་མ་རེད་དམ།
    དགོད་བྲོ་བ་ཞིག་ལ་རྒྱ་མི་ཚོས་་་རྒྱ་ནག་གཞུང་གིས་བོད་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་བཤད་ཀྱིན་པ་དེར་དོན་དངོས་ཀྱི་ནོར་འཁྲུལ་ཤོར་ཡོད། ཟེར་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese