མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པོ་ཏ་ལའི་ཉེན་ཁ།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་པོ་ཏ་ལའི་འོག་ཏུ་བསྐོར་ལམ་གསར་བ་ཞིག་བཟོ་རྒྱུ་རེད།

ཕྱི་ཚེས་ ༡༣ ཉིན་རྩོམ་པ་པོ་འོད་ཟེར་ལགས་ཀྱི་དྲ་ཚིགས་སུ་གནས་ཚུལ་བཀོད་པ་ལྟར་ན། རྒྱ་གཞུང་གིས་ཕོ་བྲང་པོ་ཏ་ལའི་ཤར་བྱང་གཉིས་མཚམས་ཀྱི་ས་འོག་ཏུ་མི་དང་རླངས་འཁོར་འགྲོ་སའི་སྐོར་ལམ་ཞིག་གསར་འཛུགས་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག་ལ། དེ་ནི་ཕྱི་ཚེས་ ༡༢ ཉིན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་གཏན་འབེབས་བྱས་པའི་གནས་ཚུལ་ཞིག་ཡིན་འདུག ཐེངས་འདིའི་ས་འོག་བསྐོར་ལམ་གྱི་ལས་གཞི་འདིའི་ནང་ས་འོག་ཏུ་མི་དང་རླངས་འཁོར་རང་སར་འགྲོ་སའི་ལམ་བུ་དང་། ཟམ་པ་སོགས་ས་འོག་ཏུ་གྲོང་ཁྱེར་གྱི་རྣམ་པ་གསར་བ་ཞིག་རྒྱག་རྒྱུ་ཡིན་འདུག་ལ། ས་འོག་བསྐོར་ལམ་དེའི་སྣེ་གཉིས་ལྷ་ས་གྲོང་ཁྱེར་པེ་ཅིན་དཀྱིལ་ལམ་ནས་ནང་འཛུལ་བྱས་ཏེ་ཕོ་བྲང་པོ་ཏ་ལའི་སྣེ་གཉིས་ནས་ཕྱིར་འདོན་སའི་སྒོ་གསར་་བ་བཏོད་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འཆར་གཞིའི་ནང་གསལ་བ་ལྟར་ན། བསྐོར་ལམ་འདིའི་ལྷོ་བྱང་གཉིས་ཀྱི་རིང་ཚད་ལ་རྨིས་ཁྲི་ ༦༠ ནས་ ༨༠ ཡིན་པ་དང་། འགྲོ་གྲོན་རྒྱ་སྒོར་ཁྲི་ ༥༠༠༠ ལྷག་བཏང་སྟེ་ཉིན་གྲངས་ ༡༥༠ ནང་ཡོངས་དུ་འགྲུབ་དགོས་པའི་དགོས་འདུན་བཏོན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༣ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༨ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 7

  1. རལ་གྲི་ཅན། says:
    ལོ་ 17 སྔོན།

    རྩེ་ཕོ་བྲང་པོ་ཏ་ལ་ནི་བོད་མའི་བླ་སྲོག་དང་གཟི་བརྗིད་རེད། ཕོ་བྲང་འདི་མཇལ་
    ཐངས་རེ་ལ་གོང་ས་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཀའ་དྲིན་རེ་
    དྲན་རྒྱུ་བོད་མི་ཞིག་ཡིན་ན་མ་བརྗེད།

    Reply
  2. རང་རྟོན། says:
    ལོ་ 17 སྔོན།

    རྒྱ་ནག་དེ་དངོས་གནས་ཧམ་པ་ཆེ་བ་ལ།འཛམ་གླིང་མི་མང་གིས་གཟིགས་ཡོད་དམ།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ད་འདི་བ་ཚང་གིས་འདུག་གི་གཏན་ནས་འཇུག་འདོད་མེད་པ་འདྲ། གཅིག་རྗེས་གཉིས་མཐུད་དུ་རིག་གནས་ཀྱི་འབྱུང་ཁུངས་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཕོ་བྲང་དམར་པོ་ཡང་མེད་པར་གཏོང་འདོད་ཡིན་པ་འདྲ་སྙམ་ཞོར་དུ་པོ་ཏ་ལའི་ཉེན་ཁ་ཟེར་བ་བཀླགས་རྗེས་བསམ་བློ་མང་བོ་ཞིག་གཏོང་དགོས་བྱུང་སོང་། དེ་ནས་རྒྱའི་སྲིད་གཞུང་ལ་དྲི་བ་ཞིག་དྲི་ས་ཡོད་རྒྱུ་ན། ངས་རྒྱའི་གནམ་སྡེ་སྒོ་མོ་ཆེ་འོག་དུ་གཞུང་ལམ་ཞིག་བཟོ་རྒྱུ་ཡིན་ཟེར་ནས་འཛམ་གླིང་ལ་གསལ་བསྒྲགས་བྱས་པ་ཡིན་ན། རྒྱ་འདི་བ་ཚང་གི་ང་ལ་ལན་གང་ཞིག་འདེབས་བརྩིས་ཡོད་དམ། ཡང་ན་གསོད་ཐབས་བྱེད་སྲིད། ཡང་ན་ཉིན་མ་དེ་ནས་བཟུང་མུན་ནག་བཙོན་དུ་འཇུག་སྲིད། དེ་མིན་ན་ཁ་བྲལ་རིང་ལུགས་པ་ཟེར་ནས་མིང་ཚིག་མི་འབྱོར་བ་ཞིག་ང་ལ་བཏགས་ནས་འཛམ་གླིང་ལ་གསལ་བསྒྲགས་ཉིན་མཚན་མང་བོར་བྱེད་པ་མ་ཟད། དེ་རུ་གཞུང་ལམ་ཞིག་བཟོ་ཐུབ་རྒྱུ་ནི་མི་སྲིད་པ་ལྟ་བུ་ཆགས་ངེས་ཡིན། གང་ཡིན་ཟེར་ན་དེ་ནི་འཛམ་གླིང་གི་རིག་གནས་སྲུང་སྐྱོབས་ཀྱི་སྡེ་ཚན་ནང་དུ་བཀོད་ཡོད་སྟབས། ལས་སླ་བོ་རྒྱལ་ཁབ་སུས་ཀྱང་བཤིག་གསོ་སོགས་བྱེད་ཆོག་གི་མེད་པ་རེད། དེ་དང་འདྲ་བའི་ཅུ་ཅག་བོད་པ་ཚང་གི་ཕོ་བྲང་དམར་པོ་ཡང་འཛམ་གླིང་གི་རིག་གནས་སྲུང་སྐྱོབས་ཀྱི་ཁུངས་སུ་ཐོ་འགོད་བྱས་ཟིན་པ་ཡིན་ན། འདི་ལ་འཛམ་གླིང་རིག་གནས་སྲུང་སྐྱོབས་ལས་ཁུངས་ཀྱི་འགན་ཞིག་མི་ལེན་པ་གང་ཡིན་ནམ། ཡང་ན། ཉེན་པ་མེད་པར་གཟིགས་ཀྱི་ཡོད་པ་རེད་དམ།

    Reply
  4. ཀླུ། says:
    ལོ་ 17 སྔོན།

    ད་ངོ་མ་ཉེན་ཁ་རེད། ཕོ་བྲང་སྟེང་གི་ཡོད་ཚད་རྫོགས་ནས་འོག་ལ་འགྲོ་འདོད་རེད།
    རྒྱ་ནག་གི་གསར་ན་འཛི་ལྟར་བཤད་འདུག་་་་་་་་་་་
    ཚེས༢༠ཉིན་གྱི་ཕྱི་དྲོར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ལྷ་སར་ཆེས་དོ་སྣང་བྱེད་པའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཤར་ནུབ་གཉིས་སུ་མི་འགྱང་བར་ས་འོག་གི་མིའི་བགྲོད་ལམ་ཞིག་གཏོད་རྒྱུ་ཡིན་ཞིང་། ཐེངས་རེར་ས་དེའི་ཤར་ནུབ་གཉིས་སུ་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་དང་མཇལ་སྐོར་བ། ལམ་འགྲོ་བ་སོགས་ཧ་ཅང་མང་བས། རྟག་ཏུ་འཚང་ཁ་ཤིག་ཤིག་བྱེད་ཀྱི་ཡོད། ས་འོག་གི་མིའི་བགྲོད་ལམ་འདི་གཏོད་རྗེས་འགྲིམ་འགྲུལ་སྟབས་བདེ་མིན་པའི་གནས་ཚུལ་དེ་དུས་དེ་ནས་བཟུང་འདས་སོང་གི་ལོ་རྒྱུས་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་མ་ཟད། གནམ་ཟམ་དང་། ས་འོག་གི་མིའི་བགྲོད་ལམ་ཡོད་པའི་རྣམ་པ་གསར་བ་ཞིག་ཀྱང་ང་ཚོའི་མིག་ལམ་དུ་མངོན་རྒྱུ་རེད།
    ལྷ་ས་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞིའི་རྒྱུན་ལས་གྲོས་ཚོགས་སྟེང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ས་འོག་བགྲོད་ལམ་བསྐྲུན་པར་གྲོས་བསྡུར་བྱས་པའི་སྐོར་གྱི་གྲོས་ཆོད་ཕུལ་བའི་ནང་གསལ་བ་ལྟར་ན། བགྲོད་ལམ་དེ་གཉིས་ནི་ནུབ་བྱང་གི་ཕྱོགས་སུ་ཡོད་དེ། ལམ་དེའི་ནུབ་ནས་བྱང་བར་གྱི་རིང་ཚད་ལ་རྨིད་དྲུག་ཅུ་ནས་བརྒྱད་ཅུ་ཡོད་པ་དང་། མ་དངུལ་ཁྱོན་སྡོམ་སྒོར་ཁྲི་ལྔ་སྟོང་ལྷག་བཏང་ཁར། ཨར་ལས་ལག་རྩལ་དང་ས་འོག་བགྲོད་ལམ་གྱི་སྣེ་གཉིས་ཀྱི་སྒོ་མོ་བཅས་ཀྱི་བཟོ་བཀོད་ཡོད་ཚད་ཕོ་བྲང་པོ་ཏ་ལའི་ཉེ་འཁོར་གྱི་བཀོད་པ་དང་མཐུན་པར་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་གཞི་ནས་མངོན་ཐུབ་པ་ཞིག་བྱ་བའི་ཚུལ་བརྗོད་ཡོད།
    རྒྱུས་ལོན་ལྟར་ན། ལས་གཞི་དེ་ཉིན་བརྒྱ་དང་ལྔ་བཅུའི་རིང་ལ་ལས་ནས་ཡོངས་སུ་འགྲུབ་རྒྱུ་རེད།

    Reply
  5. བདེ་བ་ཅན། says:
    ལོ་ 17 སྔོན།

    གནས་ཚུལ་འདི་བཞིན་འོད་ཟེར་ལགས་ཀྱི་དྲ་གནས་ཙམ་མ་ཡིན་པའི་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ཐོག བཀོད་དེ་ད་དུང་ཧམ་བཤད་ཆེ་མདོག་གིས་ས་འོག་བགྲོད་ལམ་བཟོས་རྗེས་བོད་ལ་གནམ་དང་ཆུ་ས་འོག་གི་ལམ་མེད་པའི་ལོ་རྒྱུས་ྱམཇུག་བསྒྲིལ་རྒྱུའི་འུར་གཏམ་བརྒྱབ་འདུག གནས་ཚུལ་འདི་ནི་ང་ཚོ་བོད་མི་ཚོ་དངོས་གནས་སེམས་ཁྲལ་བྱེད་དགོས་པ་ཞིག་འདུག འདས་པའི་ལོ་རྒྱུས་ནང་ལྷ་སར་གནམ་གྲུ་ཐོག་མར་ཡོང་སྐབས་བོད་མི་ཚོས་ང་ཚོའི་ཕོ་བྲང་སྟེང་དུ་གནམ་གྲུ་འཕུར་ཡོང་བ་དེར་རྣམ་རྟོག་གིས་མི་བཟོད་པའི་ཤོད་ཚུལ་སྣ་ཚོགས་བྱུང་ཡོད། འོན་ཏེ་ད་ལྟ་ཕོ་བྲང་གི་མདུན་ངོས་ནས་ས་འོག་འད྄ུད་དེ་འགྲོ་ལམ་བཟོ་གཏན་འཁེལ་བ་འདིས་ཡུལ་བསྐོར་སྤྲོ་འཆམ་པའི་སྣང་བ་སྐྱིད་དུ་གཏོང་ཐུབ་ཀྱང་། ལས་གཞིས་འདིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ 1994་ལོར་འཛམ་གླིང་གི་རྩ་ཆེའི་འཛུགས་སྐྲུན་རིག་དངོས་བཤུལ་བཞག་གྲས་སུ་ཐོ་འགོད་ཟིན་པའི་ལོ་རྒྱུས་དང་རིན་ཐང་ལྡན་པའི་ང་ཚོའི་ཕོ་བྲང་པོ་ཏཱ་ལ་འདི་སྲ་བརྟན་ཡོང་ཐབས་ལ་ཚོད་དཔག་བྱ་དཀའ་བའི་གནས་སུ་ལྷུང་ཡོད་ཅིང༌། དཔྱད་ཞིབ་རིག་པ་བ་ཁག་ཅིག་གིས་འཆར་གཞི་འདི་ནི་ལྷ་ས་གྲོང་ཁྱེར་གྱི་འཛུགས་སྐྲུན་འཆར་འགོད་ལས་གཞིའི་ཁྲོད་ཕྱི་ལོ་ 2007་ལོར་གཏན་འཁེལ་བྱུང་ཡོད་ནའང་ལྷ་སའི་བྱང་ཕྱོགས་དང་ཤར་ནུབ་ཀྱི་འགྲོ་ ལམ་རྒྱ་ཆེར་གཏོང་རིང་ཡུལ་མིའི་སྡོད་ཁང་སོགས་ལ་དོ་ཕོག་ཤུགས་ཆེ་བྱུུང་བ་མ་ཟད། ལོ་རྒྱུས་སྟེང་ལྷ་ས་འདི་ཉིད་མཚོ་ཐོག་ཏུ་ཆགས་པའི་དངོས་ཡོད་རྒྱུ་མཚན་གྱི་ཐོག་ནས་ཁོང་ཚོས་དཔྱད་ཞིབ་བྱ་རྒྱུའི་དུས་ཚོད་ཟིན་ཡོད་པ་མ་ཟད། དེ་མིན་གཙུག་ལག་ཁང་གི་བར་བསྐོར་ནང་ཁུལ་དུའང་ས་འོག་བགྲོད་ལམ་འདི་གཏོད་རྒྱུའི་ནང་ཁུལ་གྱི་འཆར་གཞིར་ཞིབ་འཇུག་བྱ་བཞིན་ཡོད་པའི་གནས་ཚུལ་ཡོད། ང་ཚོས་དཔྱད་ཞིབ་བྱས་ཚེ་ལྷ་ས་གྲོང་ཁྱེར་དུ་ཡུལ་བསྐོར་སྤྲོ་འཆམ་པ་ཉིན་ལྟར་ཁྲི་ལས་བརྒལ་བ་ཡོང་གི་ཡོད་ཅིང༌། ཉིན་ལྟར་ཕོ་བྲང་པོ་ཏཱ་ལར་ས་གནས་བོད་རིགས་ཡུལ་མི་ཐེ་བའི་མི་གྲངས 3000་ལྷག་ཙམ་ལས་དེ་མིན་རྣམས་རང་རང་གི་འདོད་མོས་བཞིན་ཕོ་བྲང་པོ་ཏཱ་ལ་མཇལ་རྒྱུའི་གོ་ སྐབས་སྤྲོད་ཀྱི་མེད་ཅིང༌། དེ་ནི་ཕོ་བྲང་གི་ འཛུགས་སྐྲུན་རྙིང་པའི་གྲས་ཤིག་ཡིན་པས་མི་ ཚོགས་མང་ཚེ་རྡིབས་རྒྱུའི་ཉེན་ཁ་ཡོད་པའི་འགྲེལ་ བརྗོད་བྱ་གི་ཡོད། ད་ལྟ་མི་ཚོགས་དེ་འདྲའི་མང་དུ་འགྲོ་བཞིན་པའི་དུས་འདིར་ས་འོག་ནས་ལམ་འདྲུད་དེ་རྡིབས་ཉེན་ཡོད་པའི་གནས་སྟངས་ལ་དེ་བས་ཉེནའགན་ཆེན་པོ་བཟོ་བཞིན་ཡོད་པ་འདི་ནི་བོད་ཀྱི་རིག་དངོས་དང་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་འཛུགས་སྐྲུན་ཁྱད་ཆོས་དེ་དག་དམིགས་ཡུལ་དང་གོ་རིམ་ཡོད་པའི་ཐོག་ནས་གཏོར་བཤིགས་གཏོང་རྒྱུའི་འཆར་གཞི་ཡོད་པའི་ལས་ གཞི་ཞིག་རེད། ལས་གཞི་དེར་ཏན་ཏན་བོད་རིགས་བསམ་ཡོད་སུ་ཞིག་ཡིན་ནའང་འདོད་མོས་བྱ་མི་སྲིད་པ་ ཞིག་ཡིན་པས། ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས་པ་ཡིན། དེ་ནི་སྤྱི་ཚོགས་ཡར་རྒྱས་དང་འབྲེལ་བ་མེད་པར་ཕོ་བྲང་པོ་ཏཱ་ལ་གཤིགས་གཏོར་གཏོང་རྒྱུའི་ལས་གཞི་ཞིག་རེད།
    ང་ཚོས་དཔེ་མཚོན་ཞིག་བཞག་ཚེ། ཐེ་ཝན་གྱི་ཐོག་རྩེགས་ 101་ ཅན་གྱི་ཁང་པ་བསྐྲུན་པ་འདིར་རྒྱལ་སྤྱིའི་ཐོག་ཟིན་ཐོ་བཀོད་ཡོད་ཀྱང༌། བསམ་ཡོད་མང་པོ་ཞིག་གིས་ཐེ་ཝན་དུ་ས་ཡོམ་ཆེ་བ་དང་དུས་གཅིག་ཏུ་ལྗིད་ཤུགས་ལྟ་བུ་ཞིག་ས་གནས་དེར་བསྐྲུན་པར་བརྟེན་ཐེ་པེ་རུ་ས་ཡོམ་གྱི་གཡོ་འགུལ་རྟག་ཏུ་ཡོང་བའི་ཉེན་འགན་འབྱུང་གཞི་གཙོ་བོར་ངོས་འཛིན་བྱ་གི་ཡོད་ པ་ལྟར། ང་ཚོས་ཀྱང་ཕོ་བྲང་པོ་ཏཱ་ལའི་མཐོ་ཚད་དང་། ལོ་རྒྱུས་ཀྱི་དུས་ཚོད་རིང་པོར་བསམ་བློ་བཏང་ཚེ་ཕོ་བྲང་དེ་ཉིད་སྲ་བརྟན་ཡོང་རྒྱུར་བསམ་གཞིགས་མ་བྱས་པར་ཉེ་འཁོར་གྱི་ས་འོག་ནས་འདྲུད་པ་འདི་ནི་ཕོ་བྲང་གཏོར་བཤིགས་གཏོང་རྒྱུའི་ལས་གཞི་ཞིག་རེད་ཅེས་བཤད་ན་མ་འགྲིག་པ་མེད༎

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ད་བར་དུ་༧གོང་ས་མཆོག་ལ་མཚན་སྨད་བྱས་དེ་བསྡད་པ་རེད། ད་ནི་དཔོན་ངན་དེ་དག་གི་མེས་པོའི་བླ་མཁར་ཕོ་བྲང་དམར་པོའི་བདེ་འཇག་ལ་ཡང་གཏོར་མང་བོ་དེ་ཡི་མ་ཆོག་པར་ད་ནི་དངོས་སུ་གཏོར་བཤིག་གཏོང་སའི་ལམ་པུ་ཞིག་འཚོལ་བཞིན་མེད་པར་ཤོག་ཟེར་རྒྱུ་ལས་ལྷག་མི་འདུག

    Reply
  7. ལི་ཐང་བཤད་སྒྲུབ says:
    ལོ་ 17 སྔོན།

    འོད་ཟེར་ལགས་བཀའ་དྲིན་ཆེ་གནས་ཚུལ་འདི་འདྲ་གསར་པ་་་་དངོས་གནས་ང་འཚོའི་གང་ཞིག་བྱེད་དགོས་སམ་་་་་ད་ནི་དུས་ལ་བབ་པ་འདྲ་་འོན་ཀྱང་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese