མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕག་གི་ཆམ་ནད་ངྷ་སར་སླེབས་པ་རྫུན་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

ད་སྔ་བཞུགས་སྒར་ངྷ་རམ་ས་ལའི་བོད་མི་གཅིག་ལའང་ཕག་པའི་ཆམ་ནད་བྱུང་མི་འདུག་མོད། འོན་ཀྱང་། ནད་ཡམས་འདི་འཛམ་གླིང་རྒྱལ་ཁབ་མང་པོར་ཁྱབ་གདལ་དུ་ཕྱིན་ཏེ། ད་ལྟ་རྒྱ་གར་ནང་སླེབས་ཡོད་སྟབས་རིམ་གྱིས་བོད་མི་ཚོར་འགོས་རྒྱུའི་ཉེན་ཁ་ཡོད། གལ་སྲིད་ནད་ཡམས་དེ་འགོས་མ་ཐག་སྨན་བཅོས་བྱས་པ་ཡིན་ན་བཅོས་ཐབས་ཡོད་མོད། ནད་ཡམས་འདིའི་ཐོག་མའི་བྱུང་སྟངས་ཐད་དོ་སྣང་བྱ་རྒྱུ་གལ་ཆེན་པོ་རེད། 

 

ཉེ་ཆར་རྒྱ་གར་ནང་ཕག་པའི་ཆམ་ནད་རིམ་གྱིས་ཁྱབ་སྟེ་མི་གཉིས་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། གསར་ལམ་ཁག་ཅིག་ཏུ་བོད་མིའི་སྡོད་སྒར་ངྷ་རམ་ས་ལའི་བོད་མི་ ༧ ལ་ཕག་པའི་ཆམ་ནད་འགོས་ཡོད་ཚུལ་བཀོད་ཡོད་སྟབས། དེ་རིང་ཕྱི་དྲོའི་ཚུ་ཚོད་ ༤ པའི་སྟེང་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་ལགས་ཀྱིས་གནས་ཚུལ་དེ་དང་འབྲེལ་བའི་སྐོར་ལ་གསར་འགོད་པ་ཚོར་གསལ་བཤད་གནང་དོན། ཉེ་ཆར་རྒྱ་གར་གྱི་གསར་ཤོག་ཁག་ཅིག་ནང་། ངྷ་རམ་ས་ལའི་བོད་མི་ ༧ ལ་ཕག་པའི་ཆམ་ནད་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་དེ་ཐོས་མ་ཐག ང་ཚོ་འཕྲོད་བསྟེན་ལས་ཁུངས་ནས་གནས་ཚུལ་འདིར་ཞིབ་འཇུག་མཐིལ་ཕྱིན་བྱས་པ་ཡིན། མཐར་གནས་ཚུལ་དེ་ནི་བདེན་པ་མིན་པའི་ར་འཕྲོད་གསལ་བོ་བྱུང་ཡོད་ལ། དེ་ནི་རྒྱ་གར་གྲོང་གསེབ་ཁག་གི་བུ་ཕྲུག་ལ་ལྟ་སྐྱོང་བྱེད་བཞིན་པའི་བོད་པའི་ཚོགས་སྡེ་ཞིག་ཡོད་པ་དེའི་ཕྲུག་གུ་ ༧ ལ་ཆམ་པ་ཕོག་ཅིང་། ཁོང་ཚོ་བརྟག་དཔྱད་བྱེད་པར་ཀང་རྫོང་གི་སྨན་ཁང་དུ་ཕྱིན་ཡོད་པ་དང་། སྤྱིར་དེ་དག་ལ་ཕོག་པ་ནི་ཕག་ཆམ་མིན་པར་སྤྱིར་བཏང་གི་ཆམ་པ་ཡིན་ཡང་། སྔོན་ལ་ཕག་ཆམ་ཡིན་མིན་གྱི་དོགས་པ་ཞིག་བྱུང་ཡོད་སྟབས་གནས་ཚུལ་དེ་བྱུང་བ་རེད། ད་སྔ་བཞུགས་སྒར་ངྷ་རམ་ས་ལའི་བོད་མི་གཅིག་ལའང་ཕག་པའི་ཆམ་ནད་འདི་བྱུང་མི་འདུག་མོད། འོན་ཀྱང་། ནད་ཡམས་འདི་འཛམ་གླིང་རྒྱལ་ཁབ་མང་པོར་ཁྱབ་གདལ་དུ་ཕྱིན་ཏེ། ད་ལྟ་རྒྱ་གར་ནང་སླེབས་ཡོད་སྟབས་རིམ་གྱིས་བོད་མི་ཚོར་འགོས་རྒྱུའི་ཉེན་ཁ་ཡོད། གལ་སྲིད་ནད་ཡམས་དེ་འགོས་མ་ཐག་སྨན་བཅོས་བྱས་པ་ཡིན་ན་བཅོས་ཐབས་ཡོད་མོད། ནད་ཡམས་འདིའི་ཐོག་མའི་བྱུང་སྟངས་ཐད་དོ་སྣང་བྱ་རྒྱུ་གལ་ཆེན་པོ་རེད།  

 

ནད་ཡམས་འདིའི་ཐོག་མའི་བྱུང་སྟངས་དང་ནད་རྟགས་ནི། གློ་བ་རྒྱག་པ་དང་མིད་པ་ཚ་བ། གྲང་བཤུད་བྱས་པ། རུས་ཚིག་ན་བ། མགོ་ན་བ། ངལ་སྣང་ཤར་བ་བཅས་ཀྱི་ནད་རྟགས་ཡོད་པ་དང་།  རྩ་བའི་འདི་ལ་སྔོན་འགོག་གི་ཐབས་ལམ་གཉིས་ཡོད། དང་པོ། མང་ཚོགས་འདུ་འཛོམས་ཀྱི་སར་ཁ་རས་གྱོན་པ། གཉིས་པ། ཁྱིམ་ནས་ཕྱིར་སྐྱོད་སྐབས་རང་གི་ལག་པ་ཡང་དང་ཡང་དུ་འཁྲུད་དགོས་པ་བཅས་ནི་ནད་ཡམས་འདིའི་སྔོན་འགོག་གི་ཐབས་ལམ་རེད། དེ་བཞིན་བོད་སྨན་གྱིས་ནད་ཡམས་འདི་འགོག་སྲུང་གི་ཐབས་ལམ་དག་ས་གནས་སོ་སོའི་ཡན་ལག་སྨན་རྩིས་ཁང་སོ་སོར་འབྲེལ་གཏུགས་བྱས་ཏེ། འགོག་ཐབས་བྱ་དགོས་པ་རེད། གལ་སྲིད། ནད་ཡམས་འདི་འགོས་ཚེ་སྨན་ཁང་དུ་བརྟག་དཔྱད་བྱ་རྒྱུ་དང་མགྱོགས་མྱུར་གྱིས་དྲག་སྐྱེད་ཡོང་ཆེད། བདུན་ཕྲག་གཅིག་རིང་ཁྱིམ་དུ་ངལ་གསོ་བྱས་ཏེ་སྨན་བཅོས་བྱ་དགོས། དེ་ནི་མི་གཞན་ལ་མི་འགོས་པར་བྱ་ཆེད་དང་རང་ཉིད་ཀྱི་ནད་ཡམས་སྨན་བཅོས་གཙང་མ་ཞིག་ཡོང་རྒྱུ་བཅས་ལ་ཕན། ང་ཚོ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ནད་ཡམས་འདིའི་ཐད་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ལ། མི་མང་ལ་ཕག་ཤ་འདུས་པའི་ཤའི་རིགས་ཡོངས་གང་ཐུབ་ཀྱིས་སྤང་རྒྱུའི་ཐད་འབོད་སྐུལ་ཞུ་ཀྱིན་ཡོད་ལ། ནད་ཡམས་འདི་དང་འབྲེལ་བའི་དྲ་ཚིགས་སོགས་ཀྱི་བརྒྱུད་ལམ་རིགས་ལ་དོ་སྣང་བྱས་ཏེ། རང་གི་ནང་མི་སྤུན་ཟླ་དང་གྲོང་པ་ཁྱིམ་མཚེས་སོགས་རང་དང་། འབྲེལ་ཡོད་ཀྱི་མི་རྣམས་ལ་ནད་ཡམས་འདིའི་ཉེན་སྲུང་གི་བསླབ་བྱ་གནང་རྒྱུ་གལ་ཆེན་རེད། ཅེས་འབོད་སྐུལ་ཡང་ཞུས་སོང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 9

  1. བདུད་འདུལ་རོལ་བའི་རྩལ says:
    ལོ་ 17 སྔོན།

    བོད་ཀྱི་གསོ་བ་རིག་པའི་གཞུང་དུ་བསྟན་པའི་གཉན་རིམས་ཀྱི་རྒྱུ་རྐྱེན་དབྱེ་བ་བཅོས་ཐབས་ཀྱི་སྐོར་འདི་ད་ལྟ་དངོས་སུ་ལག་ལེན་བྱེད་ཀི་མེད་པ་འདྲ། དཔེར་ན་མིང་འདོགས་ཚུལ་ཡང་བོད་ལུགས་གསོ་རིག་གི་དགོངས་པ་དོར་ནས་གཞན་གྱི་རྗེས་སུ་འདེད་ཅི་ཐུབ་བྱེད་པ་འདི་ལས་རྟོགས་ཐུབ།རྗེས་ཕྱོགས་རང་ལུགས་ལྟར་ནད་གཞི་གསར་བ་ཅི་ཡིན་ཡང་ངོས་འཛིན་བྱེད་ཅི་ཐུབ་ཀྱིས་མིང་འོས་ཤིང་འཚམས་པ་རེ་འདོགས་རྒྱུ་རེ་བ་དང་བཅས་གུས་ཕུལ།

    Reply
  2. རལ་གྲི་ཅན། says:
    ལོ་ 17 སྔོན།

    སྐད་ཆ་སྙན་པོ་རེད། སྤྱིར་ནད་རིགས་འདི་ཚོ་འགོག་བྱེད་ཨོ་རྒྱན་ཆེན་པོས་རིག་སྔགས་
    མང་པོ་གསུང་ཡོད་རེད་ཁྱེད་ཚོ་ལ་ཡིད་ཆེས་ཡོད་ན་སྐྱོབས་ཐུབ་མིན་ལ་ཐེ་ཚོམ་ཡོད་མ་རེད། ཡིད་ཆེས་ཕན་སྔགས་སྤྱིའི་ལུགས་རེད།

    Reply
  3. གཉའ་འབྲོང་ཐུ་བུ། says:
    ལོ་ 17 སྔོན།

    ཕག་པའི་ཆམ་ནད་རྡ་སར་བསླེབས་མེད་པ་ཡག་པོ་བྱུང།
    ཡིན་ནའང་།
    ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བྷེན་ལོར་ནང་ཕག་ནད་བྱུང་དེ་བུད་མེད་གཅིག་གྲོང་ཡོད་པ་དང་མི་འགའ་ལ་ཕག་ནད་དེ་བྱུང་ཡོད་པ་རྒྱ་གར་གྱི་ཚགས་པར་ནང་བཀོད་འདུག་ལ།
    དེ་བཞིན་མེ་སོར་གྲོང་ཁྱེར་ནང་ལའང་བསླེབས་ཚར་བ་རེད་ཟེར་གྱི་འདུག ད་སྔོན་འགོག་གི་རིལ་བུ་ཞིག་ཡོད་ན་གདན་ས་ཁག་གསུམ་དང་ལྷོ་ཕྱོགས་ཀྱི་གཞི་ཆགས་ཁག་ལ་མྱུར་དུ་སྤེལ་དགོས་ཚོད་རེད་འདུག ཁ་སང་སེར་བྱེས་གྲྭ་ཚང་དུ་དགེ་བསྐོས་ལགས་ཀྱིས་གསུངས་བ་བཞིན་ཆམ་ནད་སྔོན་འགོག་ཏུ་སྒྲོལ་མ་གསོག་པ་དང་ཤེར་སྙིང་བཏོན་སོང་།

    Reply
  4. གངས་ཕྲུག says:
    ལོ་ 17 སྔོན།

    རིམས་ནས་་་་་རིམས་ནད་ལ་བཅོས་རོགས།

    Reply
  5. གངས་ཕྲུག says:
    ལོ་ 17 སྔོན།

    སྨན་རྩིས་ཁང་ནས་་བཟོས་པའི་རིལ་བུ་འདི་ལ་རིམས་སྲུང་རིལ་བུ་ཞེས་འབོད་ཀྱིན་ཡོད། དེ་ནི་སྨན་གཞུང་ནང་རིམས་ནས་སྤྱིར་སྲུང་ཐབས་ལ་སྔགས་དང་རྫས་གཉིས་ལས་རྫས་ཀྱིས་སྲུང་ཐབས་མང་པོ་ཞིག་གསུངས་པ་ལས་གཅིག་རེད། དེ་ཡང་རྒྱུད་བཞིའི་མཇུག་དོན་ལེའུ་ལས། བཙན་དུག་གླ་རྩི་མུ་ཟི་ཤུ་དག་དང་། ། གུ་གུལ་དཀར་ནག་གཉིས་དང་སྒོག་སྐྱ་ཡི།། ཁྲོལ་བུའི་ཐུམ་བུ་སྐེར་བཏགས་སྣ་སྒོར་བདུག ། དེ་ཡིས་རིམས་ནད་བསྐལ་པའི་མེ་འབར་ཡང་། །རང་ལུས་རྡོ་རྗེ་འདྲ་སྟེ་ཅིས་མི་ཚུགས། །གསུངས་པའི་དགོངས་དོན་དང་མཐུན་པར་བཟོས་པ་རེད། རིལ་བུ་འདི་བཙན་དུག་དུག་འདོན་གྱི་ལས་སྦྱོར་མ་བྱས་པ་ཡིན་པས་བྱིས་པའི་སྐེར་འདོགས་སྐབས་ཡིད་གཟབ་བྱེད་དགོས།

    Reply
  6. འཕྲིན་ལས says:
    ལོ་ 17 སྔོན།

    སྨན་རྩིས་ཁང་གིས་བཟོས་པའི་རིལ་བུ་འདི་ལ་ཁོང་ཚོས་རིལ་སྲུང་ཞེས་འབོད་བཞིན་འདུག རིལ་བུ་འདི་ཆམ་ནད་ཀྱི་རིགས་སྤྱི་ལ་ཕན་པར་བཤད་ཀྱི་འདུག འདིའི་རིག་པ་ནི་སླ་བོ་ཞིག་འདུག ཆམ་པའི་འགོ་ནད་དབུགས་ཀྱི་རྒྱུ་བ་ལ་བརྟེན་ནས་འགོས་པ་ཞིག་ཡིན་སྟབས། རིལ་སྲུང་འདིའི་དྲི་མ་བརྔུབ་དགོས་པ་ཡིན། འདི་ལས་འགྲེལ་བཤད་ཡག་པ་ཞིག་སྨན་པ་དེ་ཚོར་ཡང་མི་འདུག

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    གནས་ཚུལ་བདེན་པ་མ་ཡིན་པ་ཡག་པོ་རེད། འོན་ཀྱང་ང་ཚོ་ཚང་མས་གཟབ་གཟབ་བྱེད་རྒྱུ་གལ་ཆེ།
    གོ་ཐོས་ལ་ན་ཚ་དེའི་ཆེད་དུ་བོད་གཞུང་སྨན་རྩིས་ཁང་གི་རིལ་བུ་ནག་པོ་ཞིག་བཟོ་བསྐྲུན་བྱས་ཡོད་སྐད། དེའི་ཕན་ཐོག་ཇི་ཡོད་མཁྱེན་རྟོགས་ཡོད་མཁན་ཚོས་འགྲེལ་བཤད་ཅིག་སྐྱོན་རོགས།

    Reply
  8. གངས་ཕྲུག says:
    ལོ་ 17 སྔོན།

    དྲྭ་གྲོགས་རྣམ་པ་སྐུ་ཁམས་བཟང་། དེ་རིང་བསམ་འཆར་ཞིག་ཤོད་འདོད་བྱུང་། བཞུགས་སྒར་རྡ་ས་་ནི་འཛམ་གླིང་རྒྱལ་ཁབ་གང་ས་ནས་མི་ཚོགས་འཛོམས་གནས་ཤིག་ཡིན་སྟབས་རིམས་ཆམ་དེ་རིགས་ཁྱབ་སླ་བ་ཡིན། དེ་བས་སྨན་བཅོས་ལས་སྔོན་འགོག་གལ་ཆེ་ཟེར་བ་ལྟར་ནད་ཡམས་དེ་རིགས་ལུས་ལ་ཞུགས་ཕྱིན་རྐང་པ་ཡ་གཅིག་འཆི་བདག་ཁ་རུ་ཚུད་ཟིན་པ་ལྟར་ཡིན་པས་འགོག་བཅོས་ཐད་དོ་སྣང་དགོས་པ་གལ་ཆེ་ཡིན། བོད་ཀྱི་གསོ་རིག་གཞུང་རྒྱུད་བཞི་ལས་་་་དྲི་དང་རེག་པས་འགོས་ཕྱིར་བསྲུང་བ་གཅེས། ། ཞེས་གསལ་བ་ལྟར་རིམས་ནད་ཕལ་ཆེར་ནི་སྣ་སྒོ་དང་ཕན་ཚུན་རེག་པ་ལས་འགོས་ཁྱབ་འགྲོ་བ་ཡིན་པས་ཁ་རས་གྱོན་པ་དང་ལག་པ་ཡང་སེ་འཁྲུ་དགོས་པ་དེ་གལ་ཆེ་ཡིན། དེ་མིན་སྔ་དྲོ་ལྟོ་སྟོང་སྐབས་བདུད་རྩི་ཆོས་སྨན་སྦངས་ཏེ་འཐུང་ན་ཡང་རིམས་ནད་ཐུབ་པ་མྱོང་གྲུབ་ཡིན། ད་ལབ་མྱོག་མང་སོང་། གཟབ་གཟབ་བྱོས།།

    Reply
  9. འཕྲིན་ལས says:
    ལོ་ 17 སྔོན།

    ཨོ་་་་བློ་བདེ་སོང་། ནད་ཡམས་འདི་རྡ་སར་སླེབས་འདུག་ཅེས་གོ་མ་ཐག་དུས་བབ་ཟིན་བྲིས་སུ་འབྲི་མཁན་ང་ཡིན། དགོངས་དག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese