མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་ལོག་རྭ་རྒྱའི་བོད་རིགས་ ༨ ལ་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་གསུམ་བཅུའི་དུས་དྲན་རྗེས་རྒྱ་གཞུང་གིས་མགོ་ལོག་རྭ་རྒྱ་དགོན་པར་མི་སྤྱོད་ལས་འདས་པའི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན། རྭ་རྒྱ་དགོན་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ་བཀྲ་ཤིས་བཟང་པོ་རྨ་ཆུར་མཆོངས་ཏེ་རང་ཤི་བརྒྱབས་ཡོད། སྐབས་དེར་ཡུལ་ལུང་དེའི་སེར་སྐྱ་མི་དམངས་སྟོང་ཕྲག་མང་པོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པའི་ཁྲོད་ཀྱི་མི་བརྒྱད་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

 

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་མགོ་ལོག་ཁུལ་རྨ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ད་ལོའི་མགོ་ལོག་རྭ་རྒྱ་དགོན་པའི་དོན་རྐྱེན་ཁྲོད་ལས་འགུལ་སྣེ་ཁྲིད་བྱས་པའི་ཉེས་མིང་འོག རྭ་རྒྱ་དགོན་གྲོང་གཉིས་ཀྱི་རྒྱལ་གཅེས་དཔའ་བོ་ ༨ ལ་ཁྲིམས་ཐག་བཅད་ཡོད་འདུག ཐེངས་འདིར་ཁྲམས་ཁྲིམས་ཐག་བཅད་པ་དག་ནི། རྭ་རྒྱ་དགོན་པའི་ཚོགས་ཆེན་དགེ་སྐོས་དཔལ་ལྡན་རྒྱ་མཚོར་ལོ་ ༧ གྱི་ཁྲིམས་ཆད་ཅིང་། ཆབ་སྲིད་ཁེ་དབང་ལོ་གཉིས་ལ་འཕྲོག་ཡོད་འདུག དགེ་སྐོས་ཟུར་བ་ཚུལ་ཁྲིམས་ལགས་ལ་ལོ་ ༤ ། དགོན་པའི་ཕྱག་མཛོད་ལས་ཐོགས་བཟོད་པ་བཟང་པོ་ལགས་ལ་ལོ་ ༣ ། ཁོང་དེ་སྔོན་གངས་ལྗོངས་སྤྲི་ཆུར་བཟོ་གྲྭའི་སྤྱི་གཉེར་ཡིན་འདུག རྭ་རྒྱ་དགོན་འགན་འཛིན་ལྷན་ཚོགས་ཀྱི་དྲུང་ཡིག་གྲྭ་འཇམ་དབྱངས་མཁས་གྲུབ་ལགས་ལ་ལོ་ ༢ ། མགར་རྩེ་གོང་མའི་དགེ་འདུན་ལགས་ལ་ལོ་ ༡ ། མགར་རྩེ་ཞོལ་མ་ཁ་གྱ་སྡེ་བའི་གྲྭ་ཤེས་རབ་བཟང་པོ་ལགས་ལ་ལོ་ ༢ ། རྒྱ་བཟའ་སྡེ་བའི་མི་སྐྱ་ཧུ་ལོ་ལ་ལོ་ ༢ དང་། དབྱངས་སྐྱབས་ལ་ཟླ་ ༦ བཅས་རིམ་པ་མི་འདྲ་བའི་ཁྲིམས་ཐག་བཅད་ཡོད་འདུག

 

 གོང་དུ་ཁྲིམས་ཐག་བཅད་ཟིན་པ་དེ་དག་ལ་དོ་བདག་སོ་སོས་བཙལ་བའི་ཁྲིམས་རྩོད་པ་རེ་ཡོད་པ་དང་། དེ་དག་ཁྲོད་ཀྱི་ཁྲིམས་རྩོད་པ་གནས་རིམ་མཐོ་ཤོས་དེ་མཚོ་སྔོན་ཞིང་ཆེན་ཁྲིམས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ཡིན་ཞིང་། གཞན་ཞིང་ཆེན་རིམ་པའི་ཁྲིམས་རྩོད་པ་ ༣ དང་། ཁུལ་རིམ་པའི་ཁྲིམས་རྩོད་པ་ ༤ བཅས་ཡོད་འདུག ས་གནས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན། ཁྲིམས་རྩོད་པ་དག་གིས་ལས་དོན་འདིའི་མགོ་མཇུག་བར་གསུམ་དུ་ཧུར་ཐག་དང་དྲང་བདེན་གྱིས་བྱ་བ་བསྒྲུབས་སོང་ཟེར། ཁྲིམས་བཤེར་ཉིན་གནད་དོན་འདིའི་བརྒྱུད་རིམ་ཁྲོད། གསང་བའི་གནས་ཚུལ་སྲིད་གཞུང་ལ་སྐྱེལ་མཁན་དག་གི་གནས་ཚུལ་གསལ་བོར་བཤད་ཡོད་འདུག་ཅིང་། དེ་དག་མང་ཆེ་ཤེས་བོད་རིགས་ལས་བྱེད་ཡིན་ཞིང་། ས་གནས་མང་ཚོགས་དང་དགོན་པའི་གྲྭ་བ་བཅས་ཀྱང་ཡོད་འདུག གཞན། སྔོན་མ་འཛིན་བཟུང་བྱས་པའི་ཁྲོད་ཀྱི་བློ་བཟང་དར་རྒྱས་དང་མན་ངག་རྡོ་རྗེ་གཉིས་ད་དུང་མུ་མཐུད་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་མི་འདུག

 

གོང་གི་གནད་དོན་དེའི་ཐད་གནས་ཚུལ་མཁོ་སྤྲོད་པ་རྭ་རྒྱ་བློ་དབང་ལགས་སུ་འདི་གའི་གསར་འགོད་པས། ཐེངས་འདིར་མགོ་ལོག་རྭ་རྒྱ་དགོན་པའི་མི་བརྒྱད་ལ་ཁྲིམས་ཐག་བཅད་པའི་སྔ་ཕྱིའི་གནས་ཚུལ་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་དོན། ད་ལོའི་གསུམ་བཅུའི་དུས་དྲན་སྐབས། རྒྱ་གཞུང་གིས་ང་ཚོའི་དགོན་པའི་དགེ་འདུན་པ་ ༦ འཛིན་བཟུང་བྱས་པ་རེད། དེའི་ཁྲོད་ཀྱི་དགེ་འདུན་པ་བཀྲ་ཤིས་བཟང་པོ་ཞུ་བ་ཁོང་བཙོན་ནས་གློད་མ་ཐག རྨ་ཆུར་མཆོངས་ཏེ་རང་ཤི་བརྒྱབས་ཡོད། གནས་ཚུལ་དེས་དབང་གིས་དགོན་པའི་གྲྭ་དམངས་གཙོ་བྱས་པའི་ལྷ་སྡེ་མི་དམངས་ ༡༨༠༠ ལྷག་གིས་རྭ་རྒྱ་གྲོང་རྡལ་ཉེན་རྟོག་ལས་ཁུངས་དང་སྲིང་བར་བཅས་ནས་སྐད་འབོད་བརྒྱབས་ཏེ། འབྲེལ་ཡོད་ལས་ཁུངས་ཁག་ལ་གཏུགས་བཤེར་བྱས་པ་རེད། དེ་ལྟར་ཉིན་རེ་ལས་ཉིན་རེར་གནས་ཚུལ་ཛ་དྲག་ཏུ་གྱུར་ཅིང་ཟིང་ཆ་ཆེན་པོ་བྱུང་བའི་རྒྱུ་མཚན་ལ་བརྟེན་ཏེ། དགོན་པ་དང་ལྷ་སྡེ་ཡོངས་ནས་མི་ ༧༠ ལྷག་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད།

 

འདྲི་བརྩད་དང་ཞིབ་བཤེར་བརྒྱུད་སྐབས་དེར་འཛིན་བཟུང་བྱས་རིགས་མང་ཆེ་བ་གློད་གྲོལ་བཏང་ཡོད་ཀྱང་། མི་ ༡༠ ཙམ་མུ་མཐུད་བཀག་ཉར་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་མགོ་ལོག་ཁུལ་རྨ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་དགེ་འདུན་པ་ ༦ དང་། མི་སྐྱ་ ༢ བཅས་སྡོམ་པའི་མི་ ༨ ལ་ཁྲིམས་ཐག་བཅད་འདུག རྒྱ་གཞུང་གིས་ཁོང་ཚོར་ཁྲིམས་རྩོད་པ་སོ་སོས་འཚོལ་ཆོག་སྐོར་བརྗོད་པ་ལྟར། ནང་མི་ཚོས་ཁྲིམས་རྩོད་པ་རེ་རེར་རྒྱ་སྒོར་ཉིས་ཁྲི་ ༢༠༠༠༠ ལྷག་སྤྲད་དེ་ཁྲིམས་རྩོད་པ་ ༨ བཙལ་ཡོད་པ་རེད། ཁོང་ཚོར་ཁྲིམས་ཐག་གཅོད་པའི་ཉིན་དེར་ས་གནས་བོད་རིགས་མང་པོ་ཞིག་ཀྱང་། ཁྲིམས་བཤེར་ཁང་དེར་ཟུར་ཉན་དུ་བཅར་ཡོད་པ་འདྲ། གྲྭ་ཚུལ་ཁྲིམས་ཀྱི་ཁྲིམས་རྩོད་པ་དེ་མཚོ་སྔོན་ཞིང་ཆེན་ཁྲིམས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ཡིན་འདུག་ལ་མི་རིགས་ཁ་ཆེ་རེད་ཟེར། གཞན། ཞིང་ཆེན་རིམ་པའི་ཁྲིམས་རྩོད་པ་ ༣ དང་། ཁུལ་རིམ་པའི་ཁྲིམས་རྩོད་པ་ ༤ བཅས་ཡོད་ས་རེད།

 

ས་གནས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན། ཁྲིམས་རྩོད་པ་དག་གིས་ཐེངས་འདིར་ལས་དོན་འདིའི་མགོ་མཇུག་བར་གསུམ་དུ་གང་ཐུབ་ཅི་ནུས་ཀྱིས་དྲང་བདེན་དང་། ཧུར་བརྩོན་གྱིས་བྱ་བ་བསྒྲུབས་སོང་བའི་སེམས་ཚོར་བྱུང་སོང་ཟེར། དཔེར་ན། ཁྲིམས་བཤེར་བྱས་པའི་ཉིན་དེར་ཁྲིམས་རྩོད་པ་ཁ་ཆེ་དེས། རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་བལྟས་ན། དགོན་པའི་དགེ་སྐོས་ལ་ཐེངས་འདིར་ཉེས་པ་ལས་བྱས་རྗེས་ཆེན་པོ་འདུག གང་ཡིན་ཟེར་ན། ཟིང་ཆའི་སྐབས་ཁོང་གིས་མང་ཚོགས་ལ་སྣེ་ཁྲིད་བྱས་མེད་པ་ཡིན་ན། སྐབས་དེར་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཚབས་ཆེན་བྱུང་ཡོད་པ་རེད། ཅེས་བརྗོད་སོང་ཟེར། སྐད་ཆ་དེ་ང་ཚོས་ཀྱང་བདེན་པ་རེད་དྲན་ཡོད། གང་ཡིན་ཟེར་ན། དེ་འདྲའི་ཛ་དྲག་གི་སྐབས་སུ་དགེ་སྐོས་ལྟ་བུའི་བརྩི་བཀུར་བྱ་ཡུལ་ཞིག་མེད་པ་ཡིན་ན། མང་ཚོགས་ལ་ཚོད་འཛིན་ཡོད་པ་མ་རེད། ས་གནས་བོད་རིགས་མང་ཚོགས་ཀྱི་གཤིས་ག་ང་ཚོས་ཀྱང་ཤེས་གསལ་ལྟར་རེད།

 

སྤྱིར་ཐེངས་འདིར་ཕྱི་ཚེས་ ༡༠ ཉིན་ཁོང་ཅག་ལ་ཁྲིམས་བཤེར་མགོ་འཛུགས་བྱས་ཡོད་ཀྱང་། རྩོད་པ་རྩོད་ལན་བྱས་ཏེ་ཐག་གིས་གཅོད་མ་ཐུབ་པར་ཕྱི་ཚེ་ ༡༣ བར་ལྷག་ཡོད་པ་འདྲ། མཇུག་མཐར་ཕྱི་ཚེས་ ༡༣ ཉིན་ཁོང་ཚོ་མི་ ༨ ལ་རིམ་པ་མི་འདྲ་བའི་ཁྲིམས་ཐག་བཅད་འདུག ཁྲིམས་ཐག་གཅོད་པའི་ཉིན་དེར། གཞུང་ཕྱོགས་ནས་གནད་དོན་འདིའི་བརྒྱུད་རིམ་ཁྲོད། ས་གནས་མང་ཚོགས་ཁྲོད་ནས་སྲིད་གཞུང་ལ་གསང་བའི་གནས་ཚུལ་སྐྱེལ་མཁན་ཆ་ཚང་གསལ་བོར་བཤད་སོང་ཟེར། ཁོང་ཅག་ས་གནས་བོད་མི་དང་དགོན་པའི་གྲྭ་བ། མང་ཆེ་ཤས་བོད་རིགས་ལས་བྱེད་ཁག་ཅིག་རེད་ཟེར། འོན་ཀྱང་། དེ་དག་གི་མིང་དང་གནས་ཚུལ་སོགས་ཞིབ་ཕྲའི་གནས་ཚུལ་ད་དུང་འབྱོར་མ་སོང་། གཞན། བློ་བཟང་དར་རྒྱས་ཞུ་བ་དང་མན་ངག་རྡོ་རྗེ་ཞུ་བ་འཛིན་བཟུང་བྱས་ཏེ། ད་བར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་མ་རེད། ཟི་ལིང་དུ་འདུག་ཅེས་སྐད་ཆ་ཙམ་གོ་ཡོད་མོད། འོན་ཀྱང་། མི་སུ་གཅིག་གིས་ཀྱང་མཐོང་བ་དང་ཐུག་པ་དེ་འདྲ་བྱུང་ཡོད་པ་མ་རེད། ཅེས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༥ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 12

  1. བསེ་རུ། says:
    ལོ་ 17 སྔོན།

    མིའུ་ཕྲུག་ལགས།
    ཆབ་སྲིད་བཙོན་པ་རྫུན་མའི་མིང་ཐོག་ནས་ཁེ་ཕན་སྒྲུབ་མཁན་ཕལ་ཆེར་ས་མཐའ་འདིར་མང་རབས་གླེང་གིན་འདུག

    Reply
  2. མིའུ་ཕྲུག says:
    ལོ་ 17 སྔོན།

    བསེ་རུའི་བཤད་པ་ལྟར་འབྲེལ་ཡོད་ཀྱི་ཚོགས་པ་དག་གིས་རྒྱལ་གཅེས་དཔའ་བོ་དག་གི་པར་དང་ལོ་རྒྱུས་ཡིག་ཚང་དུ་ཉར་ཐུབ་ཚེ་ཕྱོགས་ཡོངས་ནས་དགེ་མཚན་ཆེ་བ་མ་ཟད་ཐ་ན་ཆབ་སྲིད་བཙོན་རྫུན་ཡང་ཉུང་རུ་བཏང་ཐོབ

    Reply
  3. རང་རྟོན། says:
    ལོ་ 17 སྔོན།

    རྒྱུ་འབྲས་དང་ངོ་ཚ་མེད་པའི་རྒྱ་ནག་སྲིད་གཞུང་གིས་མི་ཤ་རློན་ཟས་དང་མི་ཁྲག་དྲོན་མོ་འཐུང་བར་གོམས་འདུག་པས།བོད་མི་ཚོས་ད་ནི་ཅི་ཞིག་བྱེད་དགོས་སམ།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་ནང་གི་དབའ་བོ་འདི་དག་གི་ལོ་རྒྱུས་གཅིག་གཅིག་གཉིས་གཉིས་བྱས་དེ་དྲ་ཐོག་ནས་བསྒྲགས་ནས་འོང་དུས་རང་གི་རང་ལ་ངོ་གནོང་བ་ལས་གང་ཡང་བྱེད་རྒྱུ་མེད་པར་ལུས་མཁན་བདག་ལྟ་བུས་དབའ་རྒོད་འདི་འདྲ་དག་བོད་དོན་དུ་ཤི་འགྲོ་བ་ལས་བོད་དོན་དུ་གསོན་ཡོད་ན་ཅི་མ་རུང་སྙམ་ཞོར་འཕོངས་སེམས་ཀྱང་ཡང་ཡང་སྐྱེ་ཡི་འདུག གང་ལྟར། ཤོར་ཟིན་པ་ནི་ཤོར་ཚར་བ་རེད། ཕྱིན་ཆད་བོད་མི་གཅིག་གི་ཚེ་སྲོག་ཡིན་ཡང་རྒྱ་ནག་པོའི་འདོད་རྔམ་འོག་མི་ཤོར་བར་སྨོན་ལམ་སེམས་གཏིང་ནས་འདེབས།

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    བསེ་རུ་རྭ་གཅིག་གིས་བཤད་ནོ་མི་ཧྲ་གི་ན་ཡུམ་དུམ་པཱ།

    Reply
  6. རལ་གྲི་ཅན། says:
    ལོ་ 17 སྔོན།

    རྒྱལ་གཅེས་ར་རྒྱ་ཚང་ལ་ཐུགས་རྗེ་ཆེ་ཞུ། ད་དུད་ང་ཚོ་རང་བཙན་མ་ཐོབ་བར་དུ་སེམས་ཤུགས་མ་ཆགས་རོགས་།

    Reply
  7. བསེ་རུ། says:
    ལོ་ 17 སྔོན།

    ངའི་བསམ་པར་རྒྱལ་གཅེས་པ་གང་ན་སུ་མཆིས་ཀྱི་གནས་ཚུལ་སྐབས་སྐབས་སུ་གསར་འགྱུར་གྱི་མེ་ལོང་གནང་བཏོན་པ་ཙམ་མ་ཡིན་པར། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། དཔེར་ན། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སོགས་ཀྱིས་སྐབས་དང་བསྟུན་མི་སྣ་དེ་དག་གི་ལོ་རྒྱུས་ལག་ལ་གང་སོན་རྣམས་ཞིབ་འཇུག་གིས་ཉར་ཚགས་གནང་རྒྱུ་ནི་འབྱུང་འགྱུར་གྱི་ལོ་རྒྱུས་ནང་ཧ་ཅང་གལ་ཆེ་དོན་ཆེ་ཞིག་ཡིན་སྟབས། དཔའ་རྒོད་དེ་ཚོ་གཅིག་ཀྱང་མ་ལུས་པའི་ལོ་རྒྱུས་ཉར་ཚགས་བྱ་རྒྱུ་ནི་ལས་འགན་གལ་ཆེན་ཞིག་ཏུ་མཐོང་ངོ་།།

    Reply
  8. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    རྒྱལ་གཅེས་བ་དེ་དག་གི་སྙིང་སྟོབས་ལ་ཡི་རངས་དང་ང་ཚོའི་ལྷ་མིའི་རྣམས་ཀྱི་དགེ་བའི་ཐུབ་སྟོབས་ཕྱོགས་གཅིག་ལ་བརྟེན་ནས་ཁྱེད་ཚོས་ཅི་བསམ་ཐམས་ཅད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ

    Reply
  9. བཙན་པོ། says:
    ལོ་ 17 སྔོན།

    རྒྱལ་གཅེས་དཔའ་བོ་ཁོང་ཚོར་རྗེས་སུ་ཡི་རང་བྱས་པ་ཙམ་མ་ཡིན་པར། རང་ཉིད་ལ་གང་ཞིག་འཁྲི་བའི་ལས་འགན་དེ་སྒྲུབ་པར་འབད་པར་འཚལ་ཞེས་བོད་རིགས་ཡོངས་ལ་དྲན་གསོའི་ཚུལ་དུ་མཆན་བུ་འདི་བཏབ་པ་ཡིན། འོན་ཀྱང་བློ་ཕམ་པ་ཞིག་ལ། སྐབས་དེར་གསང་བ་ཕྱིར་བསྒྲགས་བྱེད་མཁན་རྣམས་བོད་རིགས་ནང་ཁུལ་ཡིན་པ་གང་ཞིག་ལ། དགེ་འདུན་པ་དང་གཞུང་ཞབས་པ་ཡིན་ཚུལ་བཀོད་འདུག གལ་སྲིད་དེ་ལྟར་བདེན་པ་ཡིན་ན། ཆེས་བློ་ངོར་མི་ཤོངས་པའི་གནས་ཚུལ་ཞིག་མ་རེད་དམ། བོད་རིགས་ཡོད་དོ་ཅོག་གིས་འདི་ལྟར་ཉིན་མཚན་རྒྱུན་མི་ཆད་པར་དཀའ་སྡུག་སྣ་ཚོགས་ཤིག་མྱོང་བཞིན་པའི་སྐབས་འདིར། ད་དུང་ནང་ཁུལ་ལ་རོ་ཐོག་རྒྱ་རྒྱུག་གི་དཔེ་འཛིན་པ་ནི། ཧ་ཅང་བློ་རེ་ཕམ། དྲ་གྲོགས་རྣམས་པ། བློ་མཐུན་རྣམས་པ། བོད་རིགས་རྣམས་པ། ཤེས་ཡོན་པ་རྣམས་པ། སྨྱུག་འཛིན་པ་རྣམས། ང་ཚོས་ཅི་ནས་ཀྱང་གཞན་གྱི་བསླུ་བྲིད་འོག་མགོ་འཁོར་བའི་བོད་རིགས་རྒྱལ་ཚོང་བ་དེ་དག་ལ་སློབ་གསོ་ཞིག་གཏོང་བར་འབད་པ་བྱེད་དགོས། དམོད་མོ་དང་མཚངས་འབྱིན་གྱིས་ཕན་ཀྱང་སྲིད་ལ་གནོད་ཀྱང་སྲིད། དེ་བས་སློབ་གསོ་དང་དྲན་སྐུལ་གྱིས་ལོག་ལམ་དུ་ཕྱིན་པ་སུ་དང་གང་གི་སེམས་ནང་ལ་མདངས་རྒྱག་ཅིག་སྟེར་ངེས། དྲ་གྲོགས་རྣམས་པ། ང་ཚོའི་སྨྱུག་ཁ་འདི་སློབ་གསོའི་ཕྱོགས་ལ་བསྐུལ་བའི་དུས་ལ་བབ་འདུག་པས། ནང་ཁུལ་འཕོངས་སྦྱོར་དང༌། ཁྱོས་ཁ་ངའི་སྣ་རྩོད་རྒྱུ་མཚམས་ཞོགས་ལ། མི་ཤེས་མཁན་རྣམས་ལ་སློབ་གསོ་ཐོངས། མི་རིགས་མཁན་རྣམས་ལ་ལམ་སྟོན་གྱིས། མི་དགའ་མཁན་དང་དགྲ་ཟླར་ལངས་མཁན་རྣམས་ལ་གཉན་གྱི་ཚུལ་ཟུང་ལ་གནས་ལུགས་ཤོད། ཤེས་ཡོན་པ་རྣམས་པ། ད་ནས་བཟུང༌། ནང་ཁུལ་གྱི་ཁ་མཆུ་རྩོད་གླེང་དག་སྤངས་ནས། སློབ་གསོ་དང་མཐུན་སྒྲིལ་གྱི་ལས་ལ་ཞུགས་ཡ། ང་ཚོས་ཕྲག་ཏུ་བབ་པ་ནི་བོད་རིགས་ནང་ཁུལ་མཐུན་སྒྲིལ་བྱེད་པ་དེ་ཡིན། རང་ཉིད་ལ་དབང་བའི་རང་ས་རང་ཡུལ་དེ་ཕྱིར་ལེན་ཐབས་བྱེད་དགོས་པ་དེ་ཡིན། ཀི་ཀི་བསྭོ་བསྭོ་བོད་མི་ཚོ། བོད་རྒྱལ་ལོ།

    Reply
  10. རི་བོང། says:
    ལོ་ 17 སྔོན།

    མགོ་ལོག་ར་རྒྱ་འདི་ཚོ་ད་ངོ་མ་དཔའ་རྒོད་རྐྱང་རྐྱང་རེད། རྗེས་སུ་ཡི་རངས་ཡོད།

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    གནས་ཚུལ་འདི་ཁོམ་འདོན་བྱེད་མཁན་རྩོམ་པ་པོ་རྭ་བློ་དབང་དང་གསར་འགོད་པ་དོན་བཀྲ་གཉིས་ཀྱིས་ལྷོད་ལྷོད་བྱས་ནས་དཔའ་པོ་ཁཽ་ཚོའི་མ་འོངས་པའི་ཐད་དུ་སེམས་འཁུར་བྱེད་ཀྱིན་པ་འདྲ།

    Reply
  12. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    ལ་རྒྱ་ཅན་གྱི་རྭ་རྒྱ་ནས་དཔའ་བོ་ཚོས་དཔའ་རྟགས་ཡང་ཡང་བསྟན་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese