མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མང་གནས་སྤོར།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་མཚོ་ལྷོ་ཁུལ་མང་ར་རྫོང་ཁོངས་མགོ་མང་གྲོང་བརྡལ་གྱི་ཁོངས་སུ་ཡོད་པའི་མུ་གེ་ཐང་གི་རོང་འབྲོག་མི་གྲངས་ ༤༠༠༠ ལྷག་ས་ཁུལ་དེ་ནས་གནས་སྤོར་བྱ་དགོས་ཚུལ་རྒྱ་གཞུང་གིས་བརྗོད་ཡོད་འདུག 
༢༠༠༠ ལོ་ནས་བཟུང་རྒྱ་གཞུང་གིས་ས་ཁུལ་དེའི་རོང་འབྲོག་མང་ཚོགས་རྣམས་ས་ཁུལ་གཞན་པར་གནས་སྤོར་བྱ་དགོས་ཚུལ་བརྗོད་ཡོད་ན་ཡང་།  ད་ལྟའི་བར་ལག་བསྟར་བྱས་མི་འདུག  ད་ལོའི་ཕྱི་ཟླ་བཞི་བ་ནས་བཟུང་རྒྱ་གཞུང་གིས་ས་ཁུལ་དེ་བདག་བཟུང་བྱེད་ཆེད། འབྲོག་པ་མང་ཚོགས་ཀྱིས་རང་རང་གི་ས་ཆར་བདག་བཟུང་གིས་ལྕགས་ར་བསྐོར་ཡོད་པ་དེ་དག་བསྡུས་ནས། དེའི་ཤུལ་དུ་རྒྱ་གཞུང་གིས་ལྕགས་ར་གསར་བ་བརྒྱབས་ཡོད་འདུག རྒྱ་གཞུང་གིས་འབྲོག་པ་མང་ཚོགས་ཀྱིས་བརྒྱབས་པའི་ལྕགས་ར་བསྡུས་ནས་གསར་བ་རྒྱག་དོན་ནི། ས་ཆ་དེ་རོང་འབྲོག་མང་ཚོགས་ལ་དབང་གི་མེད་པ་དང་། ད་ལོའི་ཕྱི་ཟླ་བརྒྱད་པ་ནས་བཟུང་རོང་འབྲོག་མང་ཚོགས་རྣམས་ཀྱིས་རང་རང་གི་ཕྱུགས་ཟོག་ཡོད་ཚད་བཙོང་ནས་གྲོང་ཁྱེར་ལ་འགྲོ་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག

དེའི་ཐད་མདོ་སྨད་མཚོ་ལྷོ་ཁུལ་མང་ར་རྫོང་མགོ་མང་གྲོང་བརྡལ། མུ་གེ་ཐང་གི་འབྲེལ་ཡོད་མི་སྣ་ཞིག་ལ་ཁ་པར་བརྒྱུད་སྐད་ཆ་དྲིས་པར་ཁོང་གིས་བརྗོད་དོན། ༢༠༠༠ ལོ་ནས་བཟུང་སྐད་ཆ་དེ་འདྲ་ཞིག་གོང་རིམ་ནས་བཤད་པ་རེད། ཡིན་ནའང་། སྐད་ཆ་དེ་བཤད་ནས་ལོ་གང་འཚམ་སོང་སྟབས། མི་མང་གིས་གོང་རིམ་གྱི་སྐད་ཆ་དེར་ཡིད་ཆེས་དང་གདེང་འཇོག་བྱེད་ཀྱིན་ཡོད་པ་མ་རེད། ཡིན་ནའང། ད་ལོའི་ཕྱི་ཟླ་བཞི་བ་ནས་བཟུང་གོང་རིམ་གི་བཀའ་མངགས་ལྟར། རོང་འབྲོག་མང་ཚོགས་ཀྱིས་རྒྱུ་ནོར་བཏང་ནས་རང་གི་ས་ཆར་ལྕགས་ར་བརྒྱབས་པ་དེ་བསྡུས་པ་རེད། གོང་རིམ་གྱིས་རོང་འབྲོག་མང་ཚོགས་ཀྱི་ལྕགས་ར་མ་བསྡུས་པའི་སྔོན་ལ།   མི་མང་བསྡུ་སྐོང་བྱས་ནས། སང་ཉིན་ནས་བཟུང་རྒྱལ་ཁབ་ཀྱིས་ས་ཆ་འདིར་ལྕགས་ར་བརྒྱབ་ནས་བདག་བཟུང་བྱེད་གི་རེད། ཁྱེད་རང་ཚོས་རང་གི་ཕྱུགས་ཟོག་བཙོང་ནས་ས་ཁུལ་གཞན་པ་ལ་གནས་སྤོར་དགོས་གི་རེད། གང་ཡིན་ཟེར་ན། ས་ཆ་འདིའི་རྩྭ་ས་རྒྱལ་ཁབ་ཀྱིས་བདག་བཟུང་བྱས་ནས་ཕྱུགས་ཟོག་གཅིག་ཀྱང་འདིར་འདུག་མི་ཆོག་པ་བཟོ་རྒྱུ་རེད། ཅེས་བཀའ་རྒྱ་བཏང་སོང་ཟེར།

ད་ལྟའི་མི་མང་གི་གནས་སྟངས་སྐོར་དྲིས་པར་ཁོང་གིས་བརྗོད་དོན། དེ་འདྲ་བྱས་ནས། ཕྱི་ཟླ་ལྔ་བ་དྲུག་པ་དེར་འབྲོག་པ་མང་ཚོགས་ཀྱིས་རུ་དབྱར་སར་སྤོ་བའི་སྐབས་འཁེལ་ཡོད་སྟབས། རུ་དབྱར་སར་སྤོས་པ་རེད། ད་སྐབས་རུ་དབྱར་ས་ན་ཡོད་པའི་སྒང་རེད། ཉེ་ལམ་གོང་རིམ་ནས་མི་མང་བསྡུ་སྐོང་བྱས་ནས་བརྗོད་པ་ལྟར་ན། རུ་དབྱར་ས་ནས་ཕྱིར་སྤོ་དུས།  ཕྱིར་མུ་གེ་ཐང་དུ་ཡོང་མི་ཆོག་པ་དང་། ཕྱུགས་ཟོག་ཀྱང་ཚང་མ་བཙོང་དགོས་ཚུལ་བརྗོད་ཀྱིན་འདུག  མི་མང་གང་ལ་འགྲོ་དགོས་པ་རེད་ཟེར་ན། ན་ནིང་ནས་བཟུང་སྡེ་བ་མགོ་མང་གྲོང་བརྡལ་གྱི་གཡས་གཡོན་ན་གྲོང་སྡེའི་རྣམ་པ་ཡི་ཁང་བ་བརྒྱུབས་ཡོད་པ་རེད། མི་མང་རྒྱལ་ཁབ་ཀྱིས་བཟོས་པའི་ཁང་བ་དེ་དག་གི་ནང་མ་སོང་བར་བསྡད་ཡོད་པ་རེད་དེ། གནས་སྟངས་འདི་ལྟར་སོང་ན་མི་འགྲོ་ཀ་མེད་ཆགས་ཀྱི་རེད། ད་སྐབས་མི་མང་གིས་འདིའི་ཐད་ལ་ཉིན་མཚན་མེད་པར་ཤི་སྡུག་དང་སེམས་ཁྲལ་མང་བོ་བྱེད་ཀྱིན་ཡོད་ཚུལ་ཡང་བརྗོད་སོང་།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་གཞུང་གིས་ས་ཁུལ་དེར་གནས་པའི་རོང་འབྲོག་མང་ཚོགས་ས་གནས་གཞན་དུ་གནས་སྤར་དགོས་དོན་ནི།  མུ་གེ་ཐང་ནི་མི་མེད་རང་འགུལ་གནམ་གཤིས་རྟོག་དཔྱོད་ས་ཚིགས་ཤིག་ཏུ་བསྒྱུར་དགོས་ཚུལ་བརྗོད་ཡོད་འདུག གནས་གཤིས་རྟོག་དཔྱོད་ས་ཚིགས་དེས་ཕྱུགས་ལས་ལག་རྩལ་ཚོད་ལྟ་བྱེད་པ་དང་ཁྱབ་བརྡལ་དུ་གཏོང་བ། ས་ངོས་ནས་ནམ་ཟླར་ལྟ་ཞིབ་བྱེད་ཐུབ་སྐོར་བརྗོད་ཡོད་འདུག  གནས་ཚུལ་འདིའི་སྐོར་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དྲ་ཚིགས་སུ་བཀོད་པ་ལྟར་ན། མུ་གེ་ཐང་གི་གནམ་གཤིས་རྟོག་དཔྱོད་ས་ཚིགས་དེ་ ༡༩༦༨  ལོ་ནས་བཟུང་ལས་མགོ་བཙུགས་ཡོད་པ་དང་།  ད་ལྟ་མཚོ་སྔོན་ཞིང་ཆེན་ཀོས་ནན་རྩྭ་ལས་ཀུང་ཟིས་དབང་བསྒྱུར་བྱེད་ཀྱིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 6

  1. ནད་པ says:
    ལོ་ 17 སྔོན།

    ཨ་རི་ནས་བོད་དང་རྒྱ་ནག་ས་ཁུལ་དུ་བདུན་ཕྲག་འདིའི་ནང་གནས་ཡོད་མི་སྣ་བཅུ་གཟིགས་སྐོར་དུ་ཕེབས་གཏན་འཁེལ་འདུག་པས་ད་ཐེངས་ཁོང་རྣམ་པ་ངེས་པར་དུ་ཁུལ་འདིར་ཅི་ནས་ཀྱང་ཕེབས་ཐུབ་རྒྱུའི་རེ་འདུན་ཞིག་ཞུ་ཐུབ་ན་དགེ་མཚན་ཆེ་སྙམ།

    ད་དུང་ང་ཚོས་འདི་ནས་གནས་ཚུལ་དེའི་སྐོར་སྣང་མེད་དུ་མ་བཞག་པར་ངེས་གཞུང་མང་གཉིས་ཀས་གང་ཐུབ་ཀྱིས་སྐད་འབོད་དང་ངོ་རྒོལ་བྱེད་དགོས་ལ་དེ་འཛམ་གླིང་རྒྱལ་སྤྱིའི་སྟེང་དུའང་ཤེས་རྟོགས་ཐུབ་པར་འབད་དགོས།

    Reply
  2. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    དྲ་གྲོགས་རྣམས་པས་སེམས་བསམ་པའི་གཏིང་ནས་ཐཱུགས་ཁུར་དང་སེམས་ཁྲལ་བྱས་པར་ངས་ས་ཁུལ་དེར་གནས་པའི་མི་མང་ཡོངས་ཀྱི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།
    ཡིན་ནའང་། ད་ང་ཚོས་ཁོང་ཚོ་ཕལ་ཆེར་སྐྱོབ་ཐབས་མེད་པ་ཞིག་ཆགས་འདུག
    ངས་གོ་ཐོས་ལ་གལ་སྲིད་མི་མང་གྲོང་སྡེ་ཅན་དུ་མ་སོང་ན་རང་རང་གིས་ས་ཁུལ་གཞན་ནས་འཚོ་གནས་འཚོལ་དགོས་ཀྱིན་ཆགས་ཡོད་པ་མ་ཟད། ཁྱིམ་ཐོ་ཡང་རྩིས་མེད་དུ་གཏོང་བའི་སྐད་ཆ་ཞིག་མདང་དགོང་གོ་བྱུང་།
    དེར་བརྟེན་ཁོང་ཚོ་ད་སྐབས་ཅི་བྱ་བརྟོལ་མེད་དུ་གྱུར་ཡོད་པའི་སྐབས་ཤིག་རེད་འདུག

    Reply
  3. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ་མུ་གེ་ཐང་གི་འབྲོག་པ་མང་ཚོགས་ཀྱི་འཚོ་་བ་ཕྱུགས་ཟོག་ཁོ་ན་ལ་བརྟེན་ནས་འཚོལ་བཞིན་ཡོད་པ་རེད།ཕྱུགས་ཟོག་ཚང་མ་བཙོང་བཅུགས་ནས་གྲོང་ཁྱེར་ལ་འགྲོ་བཅུགས་པ་ཡིན་ན་ཁོ་ཚོའི་་འཚོ་བ་ཇི་ལྟར་རོལ་དགོས་པ་རེད།ཁོ་ཚོ་ལ་ཤེས་ཡོན་སོགས་གྲོང་ཁྱེར་ནས་འཚོལ་བའི་རྒྱུ་རྐྱེན་གང་ཡང་མེད་པ་ཡིན་ཚང་ཁོ་ཚོ་ལ་ངོ་མས་དཀའ་ངན་ཆེན་པོ་བྱུང་རྒྱུ་ཡིན་པ་ཐག་ཆོད་རེད།དེ་བས་ང་ཚོས་འདི་ནས་དེ་ལྟར་འགྲོ་མི་དགོས་བའི་ཐབས་ཤེས་ཤིག་ཅི་ཀྱང་བྱེད་དགོས་པ་རེད།

    Reply
  4. ཟུར་མཁར་ says:
    ལོ་ 17 སྔོན།

    མུ་གེ་ཐང་ནས་མུ་གེས་ཤི་བ་ལས་སྤོར་ན་མི་དགའ་འམ། དཀོན་མཆོག་མཁྱེན། བཤད་ཤེས་པ་མི་འདུག་གོ མི་མ་ཤི་ན་མི་གོ་དགུ་གོ་གོ་གི་འདུག

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    མཁར་རྔ་ལགས། ང་ཚོས་ཤེས་པ་དེ་དང་འགྲོག་ནས་ངེད་ཅག་གི་གང་ཞིག་བྱེད་དགོས་མིན་དེའི་ཐད་དུ་བསམ་ཚུལ་རེ་གསུང་རྒྱུ་ཡོད་དམ་ལགས། ཡོད་ན་གསུང་རོགས་ཞུ། དེ་ནས་འུ་ཅག་བོད་པ་ཚང་གི་འདས་པའི་ལོ་རྒྱུས་གཞི་ལ་བཞག ད་ལྟའི་དམིགས་འབེན་སེམས་སུ་བཟུང་། མ་འོངས་བྱ་བ་དོན་དུ་གཉེར་ན་ག་འདྲ་འདུག་ལགས།

    Reply
  6. མཁར་རྔ་། says:
    ལོ་ 17 སྔོན།

    འདི་ནི་ཆེས་ཛ་དྲག་རང་བཞིན་དང་། བོད་རིགས་གྲངས་ཉུང་ནས་སྐམ་ས་ཆེན་པོར་རྦད་དེ་སིམ་ཐབས་ཀྱིས་སྲིད་ཇུས་ཡིན་པ་ཧ་ཅང་གི་གསལ་པོ་རེད་ལ། ལྷག་པར་དུ་ང་ཚོས་དེ་ལྟར་ཡིན་པ་ཤེས་དགོས་ལ་ངོས་འཛིན་ཡང་གནང་དགོས་པ་གལ་ཆེའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese