མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་འཛིན་བྱུང་བའི་བོད་མི་གསུམ།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༡༨ ཉིན་བཙན་བྱོལ་བོད་གཞུང་དྲྭ་རྒྱས་གནས་ཚུལ་སྤེལ་གསལ་ལྟར་ན། ལྷ་སའི་སྙེ་མོ་ས་ཁུལ་གྱི་གྲོང་བརྡལ་དོ་དམ་ལས་ཁུངས་ཀྱིས་འདས་ལོའི་ ༣།༡༤ དོན་རྐྱེན་ཁྲོད་དུ་རྐྱེན་ལམ་ཕྱིན་མཁན་ཁྲོད་ནས་ད་ཐེངས་མི་གསུམ་གྱི་ངོ་སྤྲོད་སྔོན་འདོན་བྱས་ཡོད་འདུག ཞིབ་ཕྲའི་གནས་ཚུལ་ལྟར་ན། ཉེ་ཆར་བཟའ་མི་གཉིས་ཀྱིས་ལས་བྱེད་པ་ཚོའི་གམ་དུ་རང་གི་བུ་ཕྲུག་འཚོལ་སླད་བཅར་འདྲི་བྱས་པ་ལས་ཤེས་རྟོགས་བྱུང་ཞིང། གྲོངས་མི་གསུམ་པོའི་མཚན་ནི་རྒྱལ་མཚན། རང་ལོ་ ༢༨ ཕ་ཡུལ་གཡག་སྡེ་གྲོང་གསེབ། ཕུན་ཚོགས་ཚེ་རིང། རང་ལོ་ ༢༠ དང་ཕ་ཡུལ་གཡག་སྡེ་ཀླུ་སྡེ། མི་འགྱུར། རང་ལོ་ ༢༠ དང་ཕ་ཡུལ་གཡག་སྡེ་ཁང་གསར་བཅས་གསུམ་ཡིན་འདུག་ཅིང་། ཁོང་གསུམ་པོས་ལྷ་སར་ལྟོ་གོས་དོན་དུ་ལས་དོན་ཆུང་ཚགས་རེ་བྱེད་བཞིན་ཡོད་འདུག དེ་བཞིན་རང་ལོ་ ༤༦ ལ་སོན་ཞིང་མིང་ལ་ཤེད་ཤེད་ཟེར་ཞིང་ཕ་ཡུལ་འབའ་ཐང་ས་ཁུལ་ནས་ཡིན་པ་ཞིག་ཨ་མ་དང་བཟའ་ཟླའི་ལྷན་དུ་ལྷ་སར་གནས་སྐོར་དུ་ཡོང་ཡོད་པ་དང། ཕྱི་ཟླ་ ༣ ཚེས་ ༡༤ ཡི་གྱེན་ལངས་ཁྲོད་དུ་མཉམ་ཞུགས་བྱས་ཏེ་རྭ་མོ་ཆེ་ནས་སྦྲགས་ཁང་དུ་བསྐྱོད་དུས་ལམ་བར་དུ་རྒྱ་མིས་མེ་མདའ་བརྒྱབས་ཏེ་བཀྲོངས་ཡོད་འདུག་ལ། ཁོ་བོའི་ཕུང་པོ་ནང་མིར་ཕྱིར་སློག་བྱས་ཡོད་མི་འདུག 


འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༦ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༡ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

མཆན། 5

  1. མིའུ་ཕྲུག says:
    ལོ་ 17 སྔོན།

    ཆོས་ཀུན་མི་རྟག་སྒྱུ་མའི་རང་གཤིས་ཞེས།།
    རིང་མོ་ཞིག་ནས་ཐོས་འཛིན་འཇེབས་མོད་ཀྱང་།།
    བདེན་དོན་ཆེད་དུ་རང་སྲོག་འདོར་བ་ཡི།།
    དཔའ་བོ་འདི་དག་གཤེགས་པར་ཕངས་སེམས་ལྕི།།

    Reply
  2. ནད་པ says:
    ལོ་ 17 སྔོན།

    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲིད་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་མི་གསད་ན་ཁོང་ཚོས་ཉེས་པ་ཞིག་ལ་དྲངས་བཞིན་མེད་པར། རྒྱ་མི་རེ་གཉིས་ཤིག་ཞི་བའི་ངོ་རྒོལ་ཁྲོད་སྟབས་མ་ལེགས་པར་ཤི་སོང་བ་དག་ཉིན་མཚན་མེད་རབ་རླུང་འཕྲིན་ནང་དུ་བསྟན་ནས་མི་མང་ལ་བོད་མི་ནག་ཅན་མི་ཉུང་བ་ཞིག་གིས་ཁ་བྲལ་བའི་ལས་འགུལ་ཁྲོད་ཉེས་མེད་མི་མང་གསད་རབས་བཤད་པ་དེ་དག་ལ་ཉན་ན་དངོས་ནས་དམིགས་བསལ་གྱིས་ལྷ་ས་ཁུལ་གྱི་བོད་རིགས་དེ་དག་གིས་རང་གི་ཉེ་མི་དེ་དག་དོན་མེད་དུ་རྐྱེན་ལམ་དུ་སོང་བ་དེར་བདེན་དབུང་བྱེད་པ་ལ་དངོས་ནས་སེམས་ཤུགས་ཡོད་དགོས་པ་ཞིག་རེད་ལ། དེ་ལྟར་བྱེད་འོས་པ་ཞིག་ཀྱང་ཡིན། ཡ་ང་བའི་དོན་རྐྱེན་ཁྲོད་དུ་འདས་ཟིན་པའི་དབའ་བོ་དེ་དག་གི་མཛད་རྗེས་བསྐལ་བའི་བར་དུ་མི་ནུབ་པར་ཤོག
    བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད།། གཅེས་པའི་ལུས་སྲོག་ལོང་སྤྱོད་ཡོངས་བཏང་དེ།། བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།། གྲུ་འཛིན་མགོན་དེས་ཐུགས་རྗེ་སྐྱོང་བར་མཛོད་ཅེས་༧གོང་ས་མཆོག་སྨོན་ལམ་བཏབ་པ་ལྟར། ཁོང་ཚོ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་གྲོངས་མཁན་ཡིན་ཙང་། ངས་ཁོང་ཚོ་ལ་སྐྱེ་བ་ཡག་པོ་ཞིག་ཐོབ་པ་དང་སླར་ཡང་གང་ན་དྲང་བདེན་མེད་པ་དེ་ནས་སྐྱེ་བ་བླངས་དེ་བསྐལ་བའི་བར་དུ་དྲང་བདེན་གྱི་འཐབ་མོ་ཞིག་ཆགས་པར་སྨོན་ལམ་རྒྱག་གི་ཡིན།

    Reply
  4. མཁར་རྔ་། says:
    ལོ་ 17 སྔོན།

    དེ་དག་དཔེ་མཚོན་ཙམ་རེད། ད་དུང་གྲངས་ལས་འདས་ཞེས་ལབ་ནའང་ཐལ་ཆ་ཞིག་མཐོང་མ་སོང་།

    Reply
  5. ཡོན་ཏན says:
    ལོ་ 17 སྔོན།

    ཚེ་འདས་ཀྱི་དཔའ་བོ་རྣམས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེ་བཟུང་ཤོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese