ངག་དབང་རབ་རྒྱས།
བཙན་བྱོལ་སྤྱི་ཚོགས་ནང་བཀའ་ཁྲི་འོས་གཞིའི་མིང་འདོན་སྐོར་ཚ་རླབས་འབར་བཞིན་འདུག་ལ། སྤྱིར་མི་སུམ་ཅུར་བསམ་བློ་སུམ་ཅུ་དང༌། མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ་ཟེར་བའི་དཔེ་ལྟར། གང་ཟག་སོ་སོའི་སྣང་ངོར་དང་ལྟ་ཕྱོགས་མི་འདྲ་བ་ཡོད་ཀྱང༌། མང་གཙོ་སྤྱི་ཚོགས་ཞིག་ལ་མཚོན་ན་དེ་བས་ཡོད་དགོས་པ་དང་ཆོག་པ་ཞིག་ཀྱང་རེད། དོན་དངོས་ཐོག་མདོར་བསྡུས་ཏེ་བཤད་ན་བཀའ་ཁྲི་འོས་གཞི་དེ་ཕལ་ཆེ་བའི་འཆར་སྣང་ལ་ཡོད་པ་དེ་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པའི་གསར་གཏོད་ཀྱི་ནུས་རྩལ་ལྡན་པ་ཞིག་དགོས་ཀྱི་ཡོད་པའི་ཕྱོགས་མང་པོ་ནས་རང་བཞིན་གྱིས་མངོན་ཡོང་གི་འདུག དེ་ཡང་ད་ལྟའི་བོད་ཀྱི་གནས་བབ་དེ་ཉིན་རེ་བཞིན་ཛ་དྲག་ཆེ་རུ་འགྲོ་བཞིན་པ་དང༌། ལྷག་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་མཐོ་ཞིང༌། དེ་བཞིན་བོད་མིའི་གནད་ཡོད་རྒན་རབས་པ་དག་རིམ་བཞིན་རྫོགས་འགྲོ་ཡི་ཡོད་ཅིང༌། བོད་མི་རིགས་ཀྱི་མི་རབས་གསར་པ་རྣམས་ལ་འབྱུང་འགྱུར་བོད་རྒྱལ་ཁབ་ཀྱི་མདུན་ལམ་ལ་ཐག་གཅོད་བྱེད་རྒྱུའི་འགན་འཁྲི་ཆེན་པོ་དེ་རང་བཞིན་གྱིས་སླེབས་ཀྱི་ཡོད། དེ་ཡང་མི་རབས་གསར་པ་གཞོན་སྐྱེས་བཀའ་ཁྲི་འོས་མི་དེ་ལ་ཆ་རྐྱེན་གང་འདྲ་ཞིག་ཚང་དགོས་མིན་གཙོ་གནད་ཀྱི་དོན་ཚན་གསུམ་གྱི་ནང་བསྡུས་ཏེ་བརྗོད་ན།
དང་པོ། བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ནང་གསལ་བའི་ཆ་རྐྱེན་ཁག་ཚང་དགོས་པ་སྨོས་མེད་དང༌། བོད་མི་རིགས་ཀྱི་ལ་ཞེན་དང་བོད་ཀྱི་གནད་དོན་ལ་དོ་སྣང་གིས་འགན་ཁུར་ཐུབ་པའི་གཞོན་སྐྱེས་ཡིན་པ་གང་ཞིག་ལ་གནའ་དེང་གི་ཤེས་ཡོན་ལ་མཁྱེན་རྒྱ་ཡོད་པའི་ལས་འཕེར་ཡིན་པ། དེ་བཞིན་ྋགོང་ས་མཆོག་གི་བཀའ་དགོངས་དང་མཐུན་ཞིང༌། དྲང་བདེན་དང་རང་ཚུགས་ཟིན་པའི་སྒོ་ནས་ཐག་གཅོད་ཀྱིས་ལས་དོན་སྒྲུབ་ཐུབ་མཁན།
གཉིས་པ། འདས་པའི་ལོ་རྒྱུས་ནང་བཙན་བྱོལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་མཚོན་པའི་བོད་སྤྱི་པའི་འགའ་ཁུར་གྱིས་ལས་དོན་བསྒྲུབས་པའི་ཉམས་མྱོང་དང་གྲུབ་འབྲས་ཡོད་པ་གང་ཞིག་ལ་བོད་ཕྱི་ནང་གི་འདས་པ་དང་ད་ལྟའི་གནས་སྟངས་ལ་རྒྱུས་ལོན་ཆ་ཚང་ལྡན་པ། རྒྱལ་ཁབ་ཕྱི་ནང་ལ་འབྲེལ་མཐུད་དམ་ཟབ་ཀྱི་ནུས་རྩལ་ལྡན་ཞིང༌ཕྱི་ཐག་རིང་བ། ལྷག་པར་བཀའ་ཁྲིའི་ལས་གནས་དང་བོད་ཀྱི་གནད་དོན་ལ་འགན་ཁུར་ཐུབ་པའི་ཡིད་ཆེས་དང་གདེང་ཚོད་ཡོད་པ།
གསུམ་པ། ད་ལྟའི་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་འདས་པའི་མི་ལོ་བཅུའི་རིང་སྒྱུར་བཅོས་དང༌། སྲིད་ཇུས་གཏན་འབེབས། གསར་བཏོད་བྱས་པ་ཁག་ལ་རྒྱུས་མངའ་ཡོད་ཅིང༌། ལས་དོན་དེ་དག་རྒྱབ་སྐྱོར་དང་རྒྱུན་གནས་ཐུབ་པའི་གཞི་རྩའི་རྨང་གཞི་ཐོག་ལ་ཡར་རྒྱས་གཏོང་ཐུབ་པའི་གསར་གཏོད་ཀྱི་ནུས་པ་ལྡན་ཞིང༌། ཡིད་ཆེས་བློ་སྤོབ་ཡོད་པ་ཞིག་དགོས་པ་ནི་ཤིན་ཏུ་གལ་ཆེ་ནང་གི་གལ་ཆེའི་རང་བཞིན་ཞིག་ཆགས་ཡོད། དེ་ལྟར་འོས་པའི་ཡོང་ལ་ཉེ་བའི་འབྱུང་འགྱུར་གྱི་བཀའ་ཁྲི་དེ་ད་ལྟའི་ཆར་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་བཞིན་པའི་བཀའ་ཟུར་རྫ་ཡུལ་བློ་བཟང་སྙན་གྲགས་ལགས་ཡིན་ཞིང༌། ཁོང་གི་སྐུ་ཚེ་ལོ་རྒྱུས་དང༌། ལས་དོན་གྲུབ་འབྲས། ཉམས་མྱོང་སོགས་ཇི་ཡོད་ཅུང་ཟད་སྨོས་ན། ཕྱི་ལོ་༡༩༦༥ ལོར་སྐྱེས་ཤིང་གཞི་རིམ་སློབ་གྲྭ་ཐོན་རྗེས་ཕྱི་ལོ་༡༩༨༩ ལོར་པ་ཇཱམ་གཙུག་ལག་སློབ་གྲྭ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན། སྐབས་དེ་དུས་ས་གནས་གཞོན་ནུའི་དྲུང་ཆེ་དང་རང་བཙན་ཚོགས་ཆུང་གི་ཚོགས་གཙོའི་ཕྱག་ལས་གནང༌། ཕྱི་ལོ་༡༩༩༠ ནས་༡༩༩༥ བར་དབུས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཟུང་འབྲེལ་དང་སྤྱི་ཁྱབ་དྲུང་ཆེ་སོགས་ཀྱི་ལས་དོན་བྱས་ཏེ་སྔ་ཕྱིར་རྒྱལ་སྤྱིའི་ཚོགས་འདུ་ཁག་ལ་མཉམ་ཞུགས་དང་འབྲེལ་བོད་ཀྱི་དངོས་ཡོད་གནས་སྟངས་སོགས་ཀྱི་སྐོར་ལ་གཏམ་བཤད་བྱས། དེ་བཞིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཞོན་དང་དྲུང་ཆེ་ཀྱི་ཕྱག་ལས་ཡང་གནང༌། ཕྱི་ལོ་༡༩༩༦ ལོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་སྟེ་གནས་ཁང་གསར་འཛུགས་གནང་མཁན་གྱི་མི་སྣ་གཙོ་བོ་དང་ལོ་དྲུག་ལྷག་ཙམ་རིང་ལྟེ་གནས་ཁང་གི་འགན་འཛིན་གྱི་ལས་འགན་ཁུར་ཏེ་བོད་ཀྱི་དངོས་ཡོད་གནས་ཚུལ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་སྔར་མེད་འབྲེལ་ཡོད་ཡིག་ཆ་དང་སྙན་ཐོ་སོགས་རྒྱལ་སྤྱིའི་ནང་འགྲེམས་སྤེལ་གྱིས་དྲིལ་བསྒྲགས་ལས་དོན་ཤུགས་ཆེན་བྱས་ཡོད། མ་ཟད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་གོ་སྒྲིག་དང་མཉམ་ཞུགས་ཀྱིས་བོད་ཀྱི་དངོས་ཡོད་བདེན་པའི་གནས་ལུགས་སྐོར་གསལ་བཤད་དང་ལན་འདེབས་སོགས་བྱས་ཡོད་པ་གྲུབ་འབྲས་ཆེན་པོ་ཐོན་ཡོད། ཕྱི་ལོ་༡༩༩༦ ལོར་ཁོང་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་འོས་འདེམས་བྱུང་ཏེ་ལོ་ལྔ་རིང་གྲོས་ཚོགས་འཐུས་མི་འགན་ཁུར་བྱས། ཕྱི་ལོ་ ༢༠༠༢ ལོར་བཀའ་བློན་ཁྲི་པ་མི་དམངས་ནས་ཐད་དཀར་འོས་འདེམས་གནང་བའི་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་བློན་ལས་རོགས་ལ་བདམས་ཏེ། དཔལ་འབྱོར་དང༌། དྲིལ་བསྒྲགས། འཕྲོད་བསྟེན་བཀའ་བློན་སོགས་ཀྱི་འགན་ཁུར་གནང་ཞིང༌། བཀའ་བློན་ལས་དུས་རིང་རིན་པོ་ཆེ་མཆོག་གི་ཕྱག་གཡས་པ་ལྟ་བུ་ལས་དོན་བྱས་ཡོད་པ། དཔེར་ན་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་ཡོང་ཁོངས་ཀྱི་དམིགས་རྟེན་བྱེད་ས་གཙོ་བོ་བོད་མིའི་དཔྱ་ཁྲལ་བསྡུ་འབུལ་ཀྱི་ལམ་ལུགས་སྒྱུར་བཅོས་ཀྱིས་ལག་དེབ་གསར་པ་བཟོས་ཏེ་དཔྱ་ཁྲལ་བསྡུ་ལེན་བྱེད་ཕྱོགས་ཚགས་ཚུད་དང་ཚད་ལྡན་ཅན་དུ་བསྒྱུར་ཡོད། དེ་མཚུངས་བཞིན་དཔལ་འབྱོར་སྲིད་ཇུས་སྒྱུར་བཅོས་ལག་བསྟར་འགན་ཁུར་རྐང་ལེན་གནང་བ། བོད་རྒྱ་ཞི་མོལ་ལས་དོན་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་གནང་བ་སོགས། མདོར་ན་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་ལྟ་གྲུབ་དང༌། གསར་གཏོད་ནང་བའི་གཞུང་གི་འཛིན་སྐྱོང་ལས་དོན་ལམ་ལུགས་ཚགས་ཚུད་ཅན་ལ་བསྒྱུར་བ། དེ་བཞིན་ཤེས་ཡོན་སྲིད་ཇུས་ཁག་མཚོན་པའི་སྲིད་ཇུས་ཁག་ལ་འགན་ཁུར་གྱིས་རྒྱབ་སྐྱོར་བ་གནང་བ། གྲོས་ཚོགས་མཐུས་མི་རྣམས་ཀྱི་དོགས་དྲི་ཁག་ལ་འགན་ཁུར་ལྡན་པའི་ངག་རྒྱུན་འཇམ་པོའི་ལན་འདེབས་ཚུལ་བཞིན་དུ་གནང་བ་སོགས་ཁོང་ནི་བཙན་བྱོལ་སྤྱི་ཚོགས་ནང་ཚར་ལོང་བྱུང་བའི་བརྒྱུད་རིམ་ཚང་མ་བརྒྱུད་ནས་ཡོང་ཞིང་བོད་ཀྱི་གནས་བབ་སྔ་ཕྱིར་བྱུང་རིམ་ལ་རྒྱུས་ལོན་དང༌། འགན་ཁུར། དེ་བཞིན་གཞུང་གི་ཆབ་སྲིད་དང༌། བོད་རྒྱ་ཞི་མོལ་འབྲེལ་ལམ། འཛིན་སྐྱོང་སོགས་ལ་ཉམས་མྱོང་ཡོད་པའི་ཤེས་འཇོན་གཉིས་ལྡན་གྱི་གཞོན་སྐྱེས་མི་རབས་གསར་པ་ཞིག་ཡིན་ལ། ད་ལྟ་ཁོང་དགུང་ལོ་ ༤༤ ཡིན་ཞིང་ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་བཞིན་པ་རེད།


![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)



ངོ་མ་རེད། ངག་དབང་རྒྱས་ཀྱིས་ཟེར་བ་བདེན། ཕན་ཚུན་ངོ་ཐུག་བྱེད་ཏེ་སྐད་ཆ་བཤད་ན་བདེན་རྫུན་དབྱེ་འབྱེད་བྱེད་ཐུབ། དེར་རྗེས་བསལ་བསྒྲགས་དང་ཟིན་བྲིས་གང་རུང་ཐོག་ཁོང་གཉིས་ཀྱི་མཐའ་མའི་རྒྱལ་ཁ་སུ་ལ་ཐོབ་ང་ཚོའི་ཧ་གོ་བར་བྱོལ་དང༌། གཞན་དོན་མེད་དྲ་འཛིན་བྱེད་ན་ཆོ་མེད་དང་ཅོལ་ཆུང་གི་ལས་ཤིག་རེད། སྐྱོན་འཛུགས་བྱེད་མཁན་བསྟན་འཛིན་ལ་བདེན་པ་ཡོད་ན་ངག་དབང་རབ་རྒྱས་ཀྱིས་གོ་སྐབས་བསྤྲད་འདུག་ ཡ་ཕོ་རྒོད་བསྟན་འཛིན་ལགས་ཕྱིར་བསྣུད་མ་བྱེད།
བསྟན་འཛིན་འདི་ངོ་མ་དགོད་བྲོ་བའི་མི་ཞིག་རེད། བློ་བཟང་སྙན་གྲགས་ཀྱིས་དཔྲ་ཕྲུག་ངག་དབང་གི་བུ་མོར་ཆགས་པ་སྤྱད་པ་དེ་དོན་དངོས་ཐོག་ནོར་འཁྲུལ་ཡིན་མིན་གང་ལྟར་ཡང་ངས་བལྟས་ན་ཁག་མེད་སྙམ། གང་ཞེ་ན་ཨ་ཅག་དེ་ཁྱེད་ཀྱིས་མཐོང་མེད་པ་འདྲ་གལ་སྲིད་མཐོང་ཡོད་ན་ཁོང་ལ་ཐུགས་ཁག་མེད་པ་བདེ་བླག་ཏུ་རྟོགས་ཐུབ། ད་དུང་བཀའ་ཤག་ཏུ་ལས་ཀ་བྱེད་བཞིན་པའི་བུ་མོ་མཛེས་མ་དེ་དག་ནི་གཙོ་བོ་གཟུགས་བྱད་དང་རྣམ་པར་བལྟས་ནས་བདམས་པ་ཤ་སྟག་ཡིན་པས། ང་བཀའ་བློན་ཞིག་ལ་ཁེལ་བ་ཡིན་ནའང་ཐེངས་དང་པོར་ལག་པ་འཆང་ས་དེ་ཁོ་མོ་ཚོ་ཡིན་པ་ལས་བོད་དོན་མིན་ཁོ་ཐག་ཡིན།
འོན་ཀྱང་ཀ་ལི་ཀ་ཏའི་བོད་གཞུང་མགྲོན་ཁང་སོགས་ཀྱི་རྙོག་དྲ་དེ་དོན་དངོས་ཡིན་ཚེ་ངོ་མ་ཚབས་ཆེན་རེད། ཁྱེད་ཀྱིས་དེ་དག་དྲ་ཐོག་ཏུ་བཀོད་པ་ནི་བོད་མི་རིགས་ལ་ཤ་ཞེན་གྱི་སྐད་ཆ་ཞིག་ལས་མི་སྒེར་ལ་སྐྱོན་བརྗོད་བྱས་པ་ཞིག་ཏུ་ནམ་ཡང་ངོས་འཛིན་བྱེད་ཀྱིན་མེད། ཁྱེད་ལ་གསལ་འདེབས་ཞུ་རྒྱུ་ཞིག་ནི། བློ་བཟང་སྙན་གྲགས་བཀའ་ཁྲིར་འོས་མིན་ནི་ངག་དབང་རབ་རྒྱས་ཟེར་བ་འདི་དང་ཁྱེད་གཉིས་གདོང་གཏུག་ནས་ཐག་ཆོད་རྒྱུ་ཞིག་མིན་པས། ཁྱེད་ཀྱིས་ཁོང་འཚོལ་དགོས་དོན་གཏན་ནས་མེད་པས་གཟབ་གཟབ་གནང་རོགས། ངག་དབང་རབ་རྒྱས་དྲ་ཐོག་ནས་རྙེད་ཡོད་པ་དེ་གས་འགྲིག་སྙམ།
ཨ་རོགས་བསྟན་འཛིན་ཟེར་བ་ཁྱོད། བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་བཀའ་ཁྲིར་སྐོ་རྒྱུ་ཐག་གཅོད་གང་ཡང་བྱས་མེད་ལ་དབང་ཚད་ཡང་མེད་ཅིང། ཡིན་ནའང་ང་ལ་བཀའ་ཁྲའི་མིང་འདོན་བྱེད་ཆོག་པའི་ཐོབ་ཐང་ངེས་པར་ཡོད་རེད་བསམ་གྱི་འདུག ངས་ཁྱོད་ལ་འཇིགས་བསྐུལ་བྱས་པ་རྩ་བ་ནས་མིན། གལ་སྲིད་ཁྱོད་ཀྱི་སྐྱོན་འདོན་བྱས་པ་ཁག་བདེན་དཔང་ཡོད་ན་ངེད་གཉིས་མི་ངོ་ཐུག་སྟེ་སྐད་ཆ་བཤད་འདོད་ཡོད།་ དྲ་ལམ་ཐོག་ནས་ཀུ་ཅོ་སྒྲོག་ན་སྟོང་པ་རེད།
ངག་དབང་རབ་རྒྱས་ཟེར་པ་འདི་མི་ཁྱད་མཚར་ཞིག་འདུག གལ་སྲིད་འཆལ་པོ་བློ་བཟང་སྙན་གྲགས་བཀའ་ཁྲི་ལ་བསྐོ་རྒྱུ་ཁྱོད་རང་གིས་ཐག་བཅད་ཆོག་ཆོག་ཡོད་ན་དྲ་ཐོག་ཏུ་སྤྲེལ་ལད་འཁྲབ་རྒྱུ་མཚམས་བཞག་རོགས། ཁ་ས་ད་རིང་སངས་རྒྱས་ཀྱི་བཀའ་དང་ཀུན་སྤྱོད་ལ་བརྟག་དཔྱད་དང་བགྲོ་གླེང་བྱེད་ཆོག་ན་ཆགས་སྤྱོད་ཀྱི་དབང་དུ་སོང་ནས་བློན་ཆེན་གྱི་རྐུབ་སྟེགས་ཤོར་པའི་བློ་སྙན་སྐོར་བགྲོ་གླེང་བྱེད་མི་ཆོག་པ་གང་ཡིན་ནམ། ཁྱོད་ཀྱིས་ལན་འདེབས་ཁུལ་བྱས་པའི་ནང་ལྡི་ལི་དོན་གཅོད་དྲུང་ཆེ་ལྷག་པ་མཚོ་སྒོ་ལགས་ནས། སྐུ་ངོ་བཀའ་བློན་མཆོག་ནས་དོན་གཅོད་ལས་ཁང་ནང་གནང་བབ་དེ་འདྲ་ཡིས་གཤམ་འོག་ལས་བྱེད་ལ་སྟངས་འཛིན་ཞུ་རྒྱུ་ཁག་པོ་འདུག་ཞེས་བཀའ་ཤག་ལ་ཚ་སྙན་ཞུས་པ་སོགས་ལ་ཁྱོད་ཀྱིས་ཚིག་གཅིག་བཤད་རྒྱུ་མ་རྙེད་པ་གང་ཡིན་ནམ། ཁྱོད་རང་ནས་རི་ལུགས་པ་ཐག་པས་སྡོམ་རྒྱུ་དེ་རྨི་ལམ་སྟོང་པ་རེད། མ་གཞི་ནས་ཁྱོད་རང་གིས་སྡིགས་ར་བསྐུལ་ནས་སུ་ཞེད་ཀི་རེད་བསམ་གྱི་འདུག རྒྱལ་ཁམས་མ་མཐོང་པའི་སྦལ་པ་ནི་སྦལ་པ་རང་རེད།
གོང་དུ་ངའི་གསལ་བཤད་ནང་ཆད་ལྷག་དང་ཡིག་ནོར་འགའ་ཤས་འདུག་པས་མཁྱེན་ཕྱོགས་མ་ནོར་བ་གནང་རོགས་ཞུ།
བསྟན་འཛིན་ཟེར་བའི་མིང་དངོས་ཆ་ཚང་སྟོན་མི་ཕོད་པའི་མི་ཞིག་གིས་ངའི་བཀའ་ཁྲི་འོས་གཞི་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་ལ་གཞི་མེད་དང་ཁུངས་ལུང་མེད་པའི་སྐྱོན་བརྗོད་ཁ་ཤས་བྱས་འདུག་པས། སྤྱིར་ཁོའི་བཤད་སྟངས་ལ་བལྟ་དུས་བྱིས་པ་ལོ་བརྒྱད་ཅན་གྱི་གཏམ་ཞིག་ལས་རིན་ཐང་ལྡན་པའི་སྐྱོན་བརྗོད་ཅིག་ལ་ངོས་འཛིན་བྱེད་ཀྱི་མེད། ཁོ་རང་གི་སྐྱོན་བརྗོད་བྱེད་ཡོང་དུས་ནས་མི་སྒེར་གྱི་ཁོན་འཛིན་ཡིན་པ་གང་ཞིག་ལ་ཅོལ་ཆུང་གི་བྱེད་ལུགས་ཡིན་པ་མངོན་གྱི་འདུག དེང་གི་ང་ཚོའི་བོད་པའི་སྤྱི་ཚོགས་ནང་བོད་སྤྱི་པའི་འགན་ཁུར་བྱེད་རྒྱུ་ལྟ་ཞོག། དེ་ལས་ལྡོག་སྟེ་རིགས་གཅིག་གིས་སྒེར་གྱི་དགའ་མིན་དགའ་སྡུག་གིས་འགྲན་སེམས་དང་ཕྲག་དོག་ཀྱིས་མ་བཟོད་པར་ལྷག་བསམ་དང་ཤེས་འཇོན་ཅན་གྱི་མི་སྣ་གང་མང་ལ་གཞི་རྩ་མེད་པའི་སྐྱོན་བརྗོད་ཀྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་རྭ་བ་ནས་རྒྱང་ཕུད་གཏོང་བའི་ཐབས་ལམ་ངན་པ་ཞིག་འཚོལ་བཞིན་ཡོད། བསྟན་འཛིན་ཟེར་བ་ཁོ་ཡང་དེ་དག་གི་ཕྱོགས་གཏོགས་དང་ཡང་ན་རྒྱུགས་ཁྱི་ཞིག་ཡིན་པར་འདོད། ཁྱོད་ཀྱིས་སྐྱོན་འདོན་བྱས་པ་ཁག་རྒྱུ་མཚན་ངེས་རྐྱེན་ཞིག་ཡོད་པ་གང་ཡང་མཐོང་མ་སོང་ལ། བཙན་བྱོལ་བོད་གཞུང་གི་ལྷན་ཁང་རེ་རེར་ལས་བྱེད་བུ་མེད་གང་མང་ཡོད་ངེས་དང༌། བློ་བཟང་སྙན་གྲགས་མཆོག་བཀའ་བློན་བྱས་པའི་རིང་ལས་བྱེད་བུ་མེད་དང་འབྲེལ་ལམ་རྩ་བ་མེད་པའི་ལས་དོན་བྱེད་ཐབས་མེད། ང་ཚོའི་རྗེས་ལུས་དང་རྨོངས་དད་ཀྱི་སྤྱི་ཚོགས་ནང་གང་ཞིག་བུ་ཞིག་དང་བུད་མཉམ་འགྲོ་མཉམ་འདུག་བྱེད་ཡོད་ན་ཁོ་གཉིས་ཕལ་ཆེར་ཕོ་མོ་འབྲེལ་བ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ནོར་འཁྲུལ་ཡིན་པ་ཤེས་དགོས། གྲྭ་བཙུན་གྱི་སྡོམ་ཁྲིམས་བླངས་མེད་པའི་གང་ཟག་ཞིག་ལ་མཚོན་ན་བུད་མེད་དང་འབྲེལ་བ་བྱེད་མི་ཆོག་རྒྱུ་ཅི་ཡང་མེད། གནད་ཡོད་མི་སྣ་ཞིག་ལ་སྐྱོན་བརྗོད་བྱེད་འདོད་ན་ཁོང་གི་བྱས་རྗེས་དང་ནོར་ཕྲུལ་གཉིས་ཡང་ལྗིད་ལྟ་དགོས་པ་ཤིན་ཏུ་ནས་གལ་ཆེན་མཐོང། གལ་སྲིད་བསྟན་འཛིན་ཟེར་བ་ཁྱོད་ལ་བདེན་དཔང་ར་སྤྲོད་བྱེད་ཐུབ་པའི་བློ་སྤོབས་དང་སྡུག་ཁུར་ཐུབ་ཀྱི་མེད་ན་ངའི་ཁ་བྱང་དུས་བབ་གསར་ཁང་ལ་ཡོད་པས་འབྲེལ་གཏུགས་བྱོལ་དང་ངེད་གཉིས་སྐད་ཆ་ཞིབ་ཕྲ་བཤད་ཆོག དེ་མིན་ཁྱོད་རང་སྤྱི་ཚོགས་ནང་དཀྲོག་གཏམ་བྱེད་རྒྱུ་འཚམས་འཇོག་བྱེད་ཏེ་ན་བཟང༌།
ངའི་འོས་གཞི་རྔ་བ་ཚེ་རྒྱམ་ཡིན།
ཁམས་བཟང་། ངག་དབང་རབ་རྒྱས་ལགས་ཀྱིས་སོ་སོའི་བཀའ་ཁྲིའི་འོས་གཞི་དམིགས་འཛུགས་གནང་བ་དང་སྦྲགས་བཀའ་ཟུར་བློ་བཟང་སྙན་གྲགས་ཀྱི་ལོ་རྒྱུས་མདོར་བསྡུས་དང་ཁོང་གི་ཤེས་ཡོན་དང་འཇོན་ཐང་ལྷག་བསམ་བཅས་དྲ་ཐོག་ཏུ་གསལ་བཤད་གནང་བ་དེ་དངོས་གནས་ཡག་པོ་འདུག
དེ་དང་འབྲེལ་ནས་དྲ་གྲོགས་བསྟན་འཛིན་ལགས་ཀྱིས་འོས་དམིགས་དེར་མི་འོས་པའི་རྒྱུ་མཚན་དྲུག་ཅན་གསལ་བཤད་གནང་ཡོད་པ་དེ་ཡང་དངོས་འབྲེལ་ཡག་པོ་འདུག
ལྷན་རྒྱས་ཚོས་སོ་སོའི་འོས་གཞིར་ཡོད་པའི་བཀའ་ཁྲི་རྣམས་ཀྱི་མཚན་དང་། ལོ་རྒྱུས། ཤེས་ཚད། ལས་ཀའི་ཉམས་མྱོང་། འཇོན་ཐང་བཅས་འདི་བཞིན་བཀོད་ཐུབ་ཐུབ་ན་དཔེ་ཡག་པོ་འདུག
བློ་ གྲོས་རྒྱལ་པོ་ ཟེར་འདི་ཡང་རྩ་མི་ཚང་བ་ཞིག་རེད། པོ་རང་ཡང་ཆབ་སྲིད་པ་ཞེད་པོ་ཞིག་ཡིན་མདོག་སྟོན་མཁན་ཞིག་རེད། བློ་བཟང་སེངྒེ་དང་སྙན་གྲགས་གཉིས་ནག་པོ་བཟོ་མཁན་སུ་རེད། ཁོ་པ་ཚོས་བྱས་བཞག་པ་ང་ཚོས་གླེང་ན་དེ་ནག་པོ་བཟོས་པ་རེད་དམ། ད་ལྟ་བྲན་གཡོག་ལམ་ལུགས་མཇུག་རྫོགས་ཚར་པ་རེད་ད། ཁོ་པ་ཚོར་མི་མང་གི་བསམ་ཚུལ་ཉན་པའི་བློ་རྒྱ་མེད་ཡིན་ན། ཨབ་ཕྲུག་ཚོ་བསྐུལ་སློང་བྱས་ནས་ཁྱབ་བསྒྲགས་བྱེད་རྒྱུ་མཚམས་འཇོག་དགོས་པ་རེད། བློ་བཟང་སེངྒེ་ཟེར་པ་དེ་ཁ་སྟོང་པ་བཤད་ནས་སཽད་པ་ལས་འཛིན་སྐྱོང་གི་ལས་ག་ནུས་མཁན་དེ་འདྲ་མ་རེད། སྟག་ནགས་གསེང་ནས་བསྡད་ན་གཟི་ཉམས་དོད་ཀྱང། སྟག་སྤང་ལ་སླེབས་ན་རྔ་མ་དྲུད་ནས་འབྲོ་ཤས་ཆེ། བློ་སྙན་བཀའ་བློན་ལ་བསྡད་ནས་བྱས་རྗེས་སྣ་གཅིག་བགྲང་རྒྱུ་ཡོིད་ན་འགྲིགས་པ་རེད། ཡིན་ནའི་ཁྱོད་ཚོས་ཁོ་པའི་བྱས་ཁྱད་པར་པ་གསལ་བཤད་རན་འདུག ཁྱོད་ཚོ་ལ་ཅང་རག་མི་ཡོང་།
བློ་གྲོས་རྒྱལ་བོ་ལགས། ངས་བལྟས་ན་དྲ་བ་རྣམས་ཀྱིས་མི་འདི་དག་ནག་པོར་བཟོས་པ་མ་རེད། མ་གཞི་ནས་བློ་སྙན་དང་བློ་སེང་གཉིས་ནག་པོ་ཡིན་པ་རྒྱུ་མཚན་དུ་བཞག་ནས། ཁོ་གཉིས་ཀྱི་ཁ་དོག་ངོ་མ་དེ་ཕྱིར་སྟོན་བྱེད་ཀྱིན་ཡོད་པ་རེད་འདོད།
རྒྱལ་ལོ་དོན་གྲུབ་མཆོག་གིས་ཡབ་གཞིས་ཀྱི་བུད་མེད་ཚོར་བཀའ་ཁྲིའི་འོས་གཞིར་འཁྲིད་ཡོང་གི་འདུག་ཅེས་པ་འདི་བདེན་པ་ཡིན་མིན་མ་ཤེས།
འོས་གཞི་འདོན་མཁན་དང་དྲ་གྲོགས་ལྷན་རྒྱས་ཀྱིས་རང་རང་གི་འདོད་མོས་ཡོད་པའི་འོས་གཞི་དང་དེ་ལ་བགྲོ་གླེང་གནང་བཞིན་པ་ནི་དགའ་འོས་པའི་གནས་ཞིག་ཡིན་པར་མ་ཟད། རིགས་གཅིག་ནས་ཚོར་ཤུགས་ཆེན་པོ་བེད་སྤྱོད་སྟངས་ལ་བལྟས་ན། སྲིད་དོན་པ་རྣམས་དགོད་བྲོ་བའི་གནས་ལས་མ་མཆིས་སྙམ། རྒྱུ་མཚན་ནི་འོས་གཞི་འདོན་མཁན་གང་ཟག་རེ་རེས་བསྣམས་པའི་འོས་གཞི་རྣམས་གོང་དུ་བློ་སྙན་དང་བློ་སེང་བཞིན་ནག་པོར་བཟོ་བའམ་རྩ་མེད་བཟོ་བ་ལས་མ་འདས།
དེ་ནི་ལམ་མ་ཡིན་པའམ་དུས་ལ་མ་བབ་པའི་སྐྱོན་དུའང་བགྲང་འོས།
འོ་གཅིག་བརྗེད་ཤག བོད་སོག་ལས་ཁུངས་ལ་འབྲེལ་བ་འཛིན་མཁན་བསྟན་འཛིན་མཁས་གྲུབ་མ་ཡིན་པར་དེང་གི་བཀའ་ཤག་རེད་ཟེར། ནེའུ་ཡོག་གི་བོད་པ་ཚོས་ལབ་ན་བོད་སོག་ལས་ཁུངས་དང་ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་ཅན་ཁག་ཅིག་གིས་ལོ་གཅིག་ཙམ་གྱི་གོང་ལ་ཚོགས་འདུ་ཞིག་བསྐངས་ཡོད་པ་དང་། དེའི་སྒང་ལ་བཀའ་ཤག་གིས་གཞུང་འབྲེལ་མི་སྣ་མང་པོ་བཏང་ཤག
གལ་སྲིད་ཏཱ་ལའི་བླ་མས་ཐེངས་རྗེས་མའི་རང་ཉིད་ཀྱི་བཀའ་ཁྲིའི་འོས་ཤོག་བསྟན་འཛིན་མཁས་གྲུབ་ལ་བླུགས་པ་ཡིན་ན། མི་ག་ཚད་ཀྱིས་རྒྱབ་བསྐྱོར་རྒྱག་གི་ཡིན་ནམ།
མ་གཞི་སྤྱི་འཐུས་ཀྱི་སྐབས་དང་བཀའ་ཁྲིའི་སྐབས་ལོགས་ཀ་རེད་ལ། བཀའ་ཁྲིའི་སྐབས་འགན་ཆེན་པོ་ལེན་ངེས་དང་། སྐད་ཆ་བཤད་མི་ཤེས་ན། འཛམ་གླིང་གི་གསར་ལམ་ཁག་ཏུ་རྒྱུན་པར་མཐོང་གི་མ་རེད་ལ། ཁོང་རྟག་པར་མཐོང་གི་འདུག
དཔེར་མཚོན་གཞན་ཞིག་ནི། རྒྱ་གར་མང་གཙོ་ཡིན་ཡང་དེང་གི་བར་ནེ་རོའི་ཁྱིམ་རྒྱུད་དོར་མེད་པར་མ་ཟད། རྒྱུན་མཐུད་ཀྱི་ཡོད་པ་དང་། ཡབ་གཞིས་སམ་ཏཱ་ལའི་བླ་མའི་ཁྱིམ་རྒྱུད་ལའང་དེ་མཚུངས་ཀྱི་གདེངས་འཇོག་དང་བསྐྱེད་བསྲིངས་བྱེད་འོས་པའི་ཁར། བཀའ་ཁྲིའི་གདན་ཐོབ་འདི་བཞིན་བརྗེ་སྤོར་གྱི་གདན་ཐོབ་ཅིག་ཡིན་སྟབས། ཏཱ་ལའི་བླ་མའི་ཡབ་གཞིས་ལ་གོ་སྐབས་གཅིག་སྤྲད་མ་ཆོག་པ་འདུག་གམ། ཡིན་ནའང་། ༼གོང་ས༽ཞེས་པའི་མིང་ཚིག་རྫིག་པོ་འདི་ཁ་ནང་ཁོ་ནར་བསྐྱོར་བཞིན་པའི་ཚོགས་ལ་སྐད་ཆ་འདི་སྙན་པོ་མེད་པ་ཤེས་ཀྱི་ཡོད།
ཕྱོགས་ཞེན་གྱི་ལྟ་བ་དོར་ནས་སྐད་ཆ་དྲང་བོར་ཤོད་ཡ
གྲོགས་པོ་ཚོས་བཀའ་ཁྲིའི་འོས་ཆོས་ཡོད་མཁན་མང་པོ་ཞིག་བསམ་ཚུལ་བཏོན་ཡོད་ཀྱང་ངས་བལྟས་ན་འདིའི་ནང་དུ་འོས་ཆོས་ཡོད་མཁན་གཅིག་ཀྱང་མི་འདུག
བཀའ་ཟུར་བློ་བཟང་སྙན་གྲགས་ལ་ཤེས་ཚད་འ་འུ་ཙི་རེད་ལ། ལོ་ཚད་ཀྱང་མ་རྒས་མ་གཞོན་པ་རེད། འོན་ཀྱང་ཁོང་གི་སྐྱོན་ཆེ་ཤོས་ཁག་ནི། ༡། ཀལ་ཀ་ཏར་ཡོད་པའི་བོད་གཞུང་གི་མགྲོན་ཁང་ཧིན་སྒོར་འབུམ་༥༠ ལ་ཕམ་བཙོང་བྱས་པ་་སྐབས་དེའི་ཚོང་རའི་མ་རྩ་ལས་ཕྱེད་བཅག་ལ་བཙོང་བ་དང། རིན་དངུལ་ཕྱེད་ཀ་ལྷག་ད་ལྟའང་བོད་གཞུང་ལ་འཕྲོད་འབྱོར་བྱུང་མེད་པ། ༢། བལ་ཡུལ་རྒྱལ་སའི་བོད་ཀྱི་གསོལ་མགྲོན་ཁང་དེ་ཁོང་གི་ཕ་ཡུལ་ནང་ཚགས་ལ་ཕམ་འཚོང་གནང་ནས་བོད་གཞུང་ལ་སྡུག་གྱོང་ཚད་མེད་རག་པ། ད་དུང་འདི་ལ་ལྐོག་དངུལ་འབོར་ཆེན་ཧམ་ཟོས་བྱས་པའི་གླེང་རྙོག་མང་པོ་བྱུང་བ་ཟམ་གདོང་བླ་མའི་གཟི་བརྗིད་ཀྱིས་གནོན་ཐུབ་ཙམ་བྱུང་བ་མ་གཏོགས། མཇུག་འབྲས་ཇི་ཡོང་ཤེས་གསལ་རེད། ༣། འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཟེར་པའི་འགན་འཛིན་སྐབས་གཤམ་འོག་ལས་བྱེད་བུ་ཚོར་ཆགས་སྤྱོད་ཁོ་ན་གཉེར་བའི་ཞབས་འདྲེན་ག་ཚད་བཞག་སོང། ༤། བཀའ་བློན་སྐབས་ཉི་མ་ཁ་དཀར་ལ་ལྡི་ལི་དོན་གཅོད་ཁང་གི་ལས་ཁུང་ཐོག་ཀར་ར་ཕྲུག་ངག་དབང་གི་བུ་མོར་ཆགས་པ་སྤྱོད་བཞིན་པ་དོན་གཅོད་དྲུང་ཆེ་ལྷག་པ་མཚོ་ལགས་ཀྱིས་དངོས་མཐོང་ཞུ་ཡིག་བཀའ་ཁྲི་ཟམ་གདོང་ལ་ཕུལ་པ་དངོས་ཡོད་གནས་ཚུལ་ཡིན་པ། ༥། དཔལ་འབྱོར་དང་འཕྲོད་བསྟེན་བཀའ་བློན་སྐབས་ལས་བྱེད་བུ་མོ་ཚོར་ལྡེ་མིག་ལས་ཤག་ཏུ་སྐྱེལ་དུ་བཏང་པའི་རྗེས་ལ་ཁོང་རང་ཡང་ཕེབས་ནས་ཚུལ་མིན་ཆགས་སྤྱོད་ག་ཚད་བྱས་སོང་། ༦། དགོང་དྲོ་ལས་ཁུང་གྲོལ་རྗེས་ལས་ཀ་མ་ཚར་པར་ཁ་གཡར་ནས་ལས་ཁུང་ནང་བུ་མོ་མང་པོ་ཆགས་སྤྱོད་བྱས་པ་ཡིག་སྐྱེལ་གྱིས་ཐེངས་མ་ག་ཚད་འཇུས་སོང་། ཁོ་པ་རང་གི་ངན་སྤྱོད་ལ་བརྟེན་ནས་བཀའ་བློན་ཤོར་པ་རེད། མི་ངན་འདི་འདྲ་བཀའ་བློན་ཁྲི་པར་བསྐོས་ན་ང་རང་ཚོར་ཡོང་རྒྱུ་ཅི་ཡོད་འབྲེལ་བཤད་ཨེ་དགོས་རང་རང་སོ་སོས་བརྟག་དཔྱད་གནང་རོགས། ངའི་སྐད་ཆ་ལ་ཁུངས་ལུང་ཡོད་མེད་སོ་སོས་བརྟག་གནང་ན་མཁྱེན་གྱི་རེད།
འདི་མི་ཞིག་ལ་དགའ་མི་དགའི་སྐད་ཆ་མ་རེད། བོད་མི་ས་ཡ་དྲུག་གི་བདེ་སྡུག་ལ་འགན་དགོས་ཙང། ཁོང་གིས་བོང་གུའི་རླིག་པའི་བདེ་སྐྱིད་ཙམ་ལས་གཞན་འཇོན་ཐང་འདི་ཞེས་བསྟན་རྒྱུ་གང་ཡང་བྱུང་མེད།
གནས་ཚང་ལགས། སྙིང་བརྗེ། ཁྱེད་རང་ལ་གསལ་བོ་ཞུས་ན། ཁོང་གསུང་མི་འབྱོན་ཟེར་བ་དེ་དོན་ལ་སྐད་ཆ་བཤད་ཤེས་ཀྱི་མེད་པ་གོ་བ་ཡིན། བཀའ་བློན་ཁྲི་པ་སྐད་ཆ་བཤད་མི་ཤེས་མཁན་གང་ཟག་དགོས་ཀྱི་ཡོད་དམ། བོད་ཡིག་ཡང་ཤེས་ཀྱི་མ་རེད། དེ་འདྲའི་མི་ཞིག་བཀའ་ཁྲིར་འོས་སམ། རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་སྲིད་ཇུས་དེ་བོད་སོག་ལས་ཁུངས་འབྲེལ་བ་མི་བྱེད་པའི་དམ་བཅའ་དང་གྲོས་ཆོད་གཞག་ཡོད་པ་ཧ་མ་གོ་བ་ཡིན་ནམ། ཞིབ་པར་དཔྱད་ནས་བསམ་ཚུལ་བཤད་ན་ཡག་པོ་རེད།
གནས་ཚང་ལགས། བསྟན་འཛིན་མཁས་གྲུབ་བཀའ་ཁྲིར་བདམས་ཚེ། བཀའ་ཤག་གི་ལས་ཁུངས་སྟོང་བར་ལྷག་འགྲོ་གི་རེད། བསྟན་འཛིན་མཁས་གྲུབ་ད་ལྟ་མདོ་སྨད་སྤྱི་འཐུས་རེད། ཡིན་ཡང་། གྲོས་ཚོགས་འཚོགས་དུས་ནམ་ཡིན་ཡང་ཁོང་ཡོད་པ་མ་རེད། དངོས་གནས་བཤད་ན། མདོ་སྨད་ལ་སྤྱི་འཐུས་ ༩ དང་སྤྱི་འཐུས་ཀྱི་མིང་འཁུར་མཁན་ ༡ བཅས་ཁྱོན་མི་ ༡༠ ཡོད་པ་ཤེས་དགོས་པ་རེད།
ཁྱེད་ཚོས་མ་འོངས་པའི་བཀའ་ཁྲི་འཚོལ་གིན་ཡོད་པས། མདོ་སྟོད་ཆུ་བཞི་སྒང་དྲུག་གི་མི་ཞིག་བདམས་ན་གང་འདྲ་རེད། དཔེར་ན། བློ་བཟང་སེང་གེ་ལྟ་བུ་རེད། ལོ་ཆུང་ཆུང་རེད། ཤེས་ཡོན་ཡོད་མཁན་རེད། ཡིན་ཡང་། ཁོང་མདོ་སྟོད་ཀྱི་ཆུ་བཞི་སྒང་དྲུག་གཉིས་ཡོད་པའི་གསར་པ་དེའི་ཕྱོགས་ཀྱི་མི་རེད། དེ་ཚོའི་ཁྲིམས་རྩོད་པའི་ལམ་སྟོན་པ་རེད། གང་འདྲ་འདུག གལ་སྲིད་འདེམས་གི་ཡིན་ན། ཐོག་མར་མདོ་སྟོད་ཀྱི་ནང་ཁུལ་དཀའ་ངལ་དེ་བློ་བཟང་སེང་གེས་སེལ་དགོས་པ་རེད། ཁོང་བཀའ་ཁྲིར་ལངས་པའི་ཉིན་མོ་ནས་འདི་གསལ་བསྒྲགས་བྱེད་དགོས་པ་རེད། ཕྱོགས་གཅིག་མི་འཛིན་པར་དྲང་ཚུགས་ཐུབ་པའི་སྒོ་ནས་འདུམ་དགོས་པ་རེད། འདི་ཁོང་གིས་ཐུབ་གི་རེད་དམ། ཨ།
གནས་ཚང་ཟེར་བ་ལགས་་་ཁྱེད་ཀྱི་ང་ལ་སྐུ་འོས་མདོ་སྨད་སྤྱི་མཐུས་བསྟན་འཛིན་མཁས་གྲུབ་་ཐེངས་རྗེས་མའི་བཀའ་བློན་ཁྲིར་འོས་སམ་དྲིས་ན་་་་་དྲང་པོ་བཤད་ན་་་ངས་ཁོང་གི་ཕ་བོད་པ་དང་ཨ་མ་རྒྱ་མི་ཞིག་ཡིན་པ་ད་ལྟ་གོང་ཏུ་གསང་གཏོང་ཁྱོད་གཉིས་ཀྱི་ཟིན་བྲིས་ལས་ཤེས་པ་དེ་ཙམ་མ་རྟོགས་ཁོང་ལ་རྒྱུས་ཡོད་མིན་་་་་དེ་ཡང་ཁྱོད་ཀྱི་གསུང་པ་བཞིན་ཨ་མ་རྒྱ་མི་ཡིན་མིན་གྱི་གནས་དོན་འདི་ཡང་ཐེངས་རྗེས་མའི་བཀའ་ཁྲིར་འོས་མིན་ལ་གནས་ལུགས་གང་ཡང་མེད་པ་བདེན་པ་མཐོང་་་་ཡིན་ཡང་ངའི་རེ་བར་དངོས་གནས་ཁྱོད་ཀྱི་འདོད་པར་མདོ་སྨད་སྤྱི་མཐུས་བསྟན་འཛིན་མཁས་གྲུབ་ཐེངས་རྗེས་མའི་བཀའ་ཁྲིར་འོས་པ་མཐོང་ན་འོས་ཆོས་ཚང་བའི་ལོ་རྒྱུས་མདོ་བསྡུས་ཞིག་གསུང་རོགས་
ཁ་ཉིན་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་ཨ་རིའི་བརྙན་འཕྲིན་གྱི་གཏམ་བཤད་དེའི་མཐའ་མར། བཀའ་ཁྲི་རྗེས་མ་དེ་གང་འདྲ་ཞིག་དགོས་མིན་སྐོར་ལ་བཀའ་གནང་སོང་། ཁོང་གིས། གཞོན་སྐྱེས་ཤིག་དགོས་པ་རེད། རབ་ཡིན་ན་བུད་མེད་ཅིག་བྱུང་ན་ཡག་པོ་རེད་ཅེས་གསུངས་སོང་།
ངའི་རྣམ་རྟོག་སྣ་དུག་གིས་བསྲེག་རྒྱུ་དེ་ཡང་བསྐྱར་ལངས་སོང་།
ཁོང་ནི་བོད་པའི་ཆབ་སྲིད་པ་འཁྲུལ་མེད་ཅིག་ཡིན། ཁོང་གིས་ལོ་གཞོན་དང་བུད་མེད་ཅིག་འདེམས་དགོས་པ་རེད་ལབ་དུས་ཁོང་གི་ཐུགས་ན་འདི་འདྲའི་འོས་གཞི་ཞིག་ཡོད་རེད་བསམ་གི་འདུག་གམ། ཡོད་པ་མ་རེད་བསམ་གི་འདུག ངས་ནི་ཡོད་པ་རེད་བསམ་གི་འདུག འོ་ན་སུ་རེད་ཅེས་འཚོལ་དུས། ཡབ་གཞིས་ཚང་གི་བུད་མེད་རྣམས་མ་གཏོགས་འགྲོ་ས་མེད་པ་འདྲ་བོ་རེད། ཁྱེད་ཚོས་བསམ་ན་གང་འདྲ་རེད། རྒྱལ་ལོ་དོན་གྲུབ་མཆོག་གིས་ཆབ་སྲིད་འཁྲབ་གིན་ཡོད་པ་མ་རེད་དམ།
ངའི་དོགས་པ་འདིའི་མགོ་ལ་ཐོག་གིས་རྒྱོབས་ཤིག
གསང་གཏོར་ལགས།
གལ་སྲིད་ཁྱོད་ཀྱིས་བསྟན་འཛིན་མཁས་གྲུབ་ཀྱི་ཨ་མ་ལགས་རྒྱ་རིགས་ཡིན་པར་འཁང་ར་བྱེད་ཀྱི་ཡོད་ན། སྔར་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་ཡང་རྒྱ་ཚ་ཡིན་པའི་ཁར། ཁོང་ལས་བོད་འདི་བཞིན་དར་རྒྱས་གཏོང་མཁན་དེང་གི་བར་བྱུང་མྱོང་མེད། དེ་བས། ཁོང་རྒྱ་ཚ་ཡིན་པ་དེའང་བོད་དོན་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་ཡིན། བོད་སོག་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་ཁང་གཉིས་གཅིག་པ་རེད་ལ། ཁ་དོག་བརྗེ་ཡོད་པ་ཙམ་ལས་བྱེད་ནུས་གཅིག་པ་རེད།
གལ་སྲིད་ཁོང་གི་བོད་སོག་ལས་ཁུངས་ལ་འབྲེལ་ལམ་འཛུགས་ཀྱི་ཡོད་ན། དེའང་ཏཱ་ལའི་བླ་མའི་དགོངས་གཞི་མ་རེད་ཅེས་སུས་ལབ་ཐུབ་བམ། ང་རང་གི་གོ་ཐོས་ལྟར་ན། ཁོང་མང་གཙོ་ཡར་ཐོན་ཚོགས་པར་འབྲེལ་འདྲིས་ཟབ་མོ་འདུག་པ་ལས་བོད་སོག་ལས་ཁུངས་སོགས་ཐོས་མྱོང་མེད།
སྤྱི་འཐུས་བཞུགས་དུས་གསུང་མ་འབྱོན་པ་དེ་བཀའ་ཁྲིར་བཞུགས་ན་གསུང་འབྱོན་མི་སྲིད་པའི་སྔོན་འགྲོར་མི་འགྲོ་བས། ཏཱ་ལའི་བླ་མའི་ཐུགས་ལ་རན་ཤས་ཀྱི་མི་སྣ་ཞིག་མ་རེད་ཅེས་སུས་ལབ་ཐུབ་བམ།
དད་ལྡན་མང་ཚོགས་ཀྱིས་ལྟོས་ན་དེ་འདྲ་ཞིག་རེད་དམ།
བསྟན་འཛིན་མཁས་གྲུབ་ཁོ་རྒྱ་མིན་བོད་མིན་བཀའ་ཁྲི་འདེམས་ན་སྨྱོན་པ་ཡིན་གྱི་རེད། ད་དུང་བོད་དབྱེན་རྒྱ་གསུམ་ལ་བྱང་ཆ་ཐོན་པ་ཟེར་བ་དེ་རྫུན་གཏམ་རེད། ཁོས་བོད་ཡིག་ན་གཅིག་ཤེས་ཀྱི་མེད་པ་མ་ཟད། སྐད་ཆ་ཡང་བཤད་ཤེས་ཀྱི་མ་རེད། ཁོ་རང་སྤྱི་འཐུས་མི་ལོ་བཅོ་ལྔ་ཙམ་བྱས་མྱོང་ཡོད་ནའང༌། སྐབས་དེའི་རང་སྐད་ཆ་རྩ་བ་ནས་བཤད་མྱོང་མེད་པས། སྤྱི་འཐུས་གསུང་བྱོན་མི་ཐུབ་མཁན་ཟེར་མིང་འདོགས་ཡོད་རེད། ཉམས་མྱོང་དེ་བས་ཀྱང་ག་ལ་ཡོད། ཁོ་འཁྱམ་པོ་ཞིག་རེད། ད་ལྟའི་ཆར་ཁོ་རང་བོད་སོག་ལས་ཁུངས་ཀྱི་ཕོགས་ཟ་མཁན་བཙན་བྱོལ་གཞུང་གི་མཐོ་རིམ་དཔོན་གཅིག་པུར་དེ་ཡིན་པ་ཧ་གོ་གི་ཡོད་དམ། མི་དེ་ལྟ་བུ་བཀའ་ཁྲིར་འོས་སམ།
ལི་ཐང་བཤད་སྒྲུབ་ལགས། ང་རང་གང་ཡིན་མིན་དེ་གཙོ་བོ་མ་རེད་ལ། ཁྱོད་རང་གིས་བཀའ་ཁྲིའི་འོས་ཤོག་མདོ་སྨད་སྤྱི་འཐུས་བསྟན་འཛིན་མཁས་གྲུབ་ལགས་ལ་ལྡུག་གི་ཡིན་ནམ་མིན།
གནས་ཚང་ཟེར་བ་ལགས་༧་རྒྱལ་དབང་མཆོག་རང་གི་བླ་མ་མིན་ཟེར་ན་་དོན་ངོ་མ་ཁྱོད་རང་བོད་པ་ཞིག་མིན་པ་འདྲ་་་་་་་་གསལ་པོ་བཤད་ན་ཁྱོད་ཀྱི་སྤྱི་་མཐུས་བསྟན་འཛིན་མཁས་གྲུབ་ལ་སྒྱབ་སྐྱོར་ཡིན་ནམ་ངོར་སྒོར་ཡིན་་་་་་་་ཨ་རོགས་
ད་ངས་ལྷན་རྒྱས་བཀའ་ཁྲིའི་འོས་གཞིར་མདོ་སྨད་སྤྱི་འཐུས་བསྟན་འཛིན་མཁས་གྲུབ་ལེགས་འདེམས་བྱེད་རྒྱུ་ཡིན།
ཁོང་གི་ཁྱད་ཆོས།
༡ ཏཱ་ལའི་བླ་མའི་དགོངས་གཞི་མཐུད་སྐྱོང་གནང་ཐུབ་པ།
༢ བོད་དབྱིན་རྒྱ་གསུམ་གྱི་སྐད་ལ་བྱང་ཆ་ཐོན་པ།
༣ ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ།
དོན་ལ་འདི་ནི་ཏཱ་ལའི་བླ་མར་བཙན་བྱོལ་ནང་དུ་དད་པ་དངོས་གནས་ཡོད་མཁན་ག་ཚོད་ཡོད་མེད་ཀྱི་ཡིག་རྩལ་ཞིག་ཏུའང་གྱུར་ཡོད་ན། ཚང་མས་ཐུགས་བསམ་ལྷོད་ལྷོད་བཞེས་གནང་ཡོང་བའི་རེ་བ་ཡོད། (ང་རང་ལ་མཚོན་ན། ཏཱ་ལའི་བླ་མ་བོད་ཀྱི་དབུ་ཁྲིད་ཡིན་པར་ངོས་ལེན་ཡོད་པ་ལས་རང་ཉིད་ཀྱི་བླ་མ་ནི་མིན། )
དྲ་གྲོགས་གང་མང་ཞིག་གི་རྒྱབ་སྐྱོར་ཐབས་པའི་གནས་ལུགས་འདི་ལ་ང་རང་སྒེར་གྱི་ལྟ་ཚུལ་ལ་བཀའ་བློན་ཁྲི་པ་ལོ་ན་རྒན་གཞོན་དང་ཕོ་མོའི་དབྱེར་བ་མེད་པར་འོས་ཆོས་་ཚང་མིན་དཔྱད་དེ་སུ་ཞིག་ལ་འོས་ཆོས་ཚང་ན་་མི་དེར་བཀའ་བློན་ཁྲི་པའི་རྒྱབ་སྐྱོར་བྱེད་འདོད་ཡོདཔ་བཞིན་བཀའ་ཟུར་བློ་བཟང་སྙན་གྲགས་ལ་ཤེས་འགྱོན་ལྷག་བསམ་གང་གི་ཆ་ནས་དམིགས་གསལ་བ་ཞིག་ཡོད་པར་དྲ་གྲོགས་རྣམས་དང་་གཅིག་མཚུང་དུ་མཐོང་ལ་་་་་་་་་ཨ་རའི་སྐུ་ཚབ་དོན་བཅོད་ལས་སྡབ་ཁ་ཤས་བཀའ་བློན་ཁྲི་པ་གལ་ཆེན་དུ་ཡང་མཐོང་གི་ཡོད་་འོན་ཀྱང་ཁོང་ལས་ལྷག་པ་དང་ཁོང་དང་འདྲ་བ་འོས་ཆོས་ཚང་བའི་བོད་མི་ཞིག་ཡོད་མེད་དང་ག་ཚོད་ཡོད་མེད་ལ་དཔྱད་དགོས་པ་གལ་ཆེན་རེད་བསམ་གྱི་ཡོད་དེ་ཡང་སྐུ་འོས་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱི་ལྟོན་གནང་བའི་ཐེངས་རྗེས་མའི་བཀའ་བློན་ཁྲི་པའི་དྲ་རྒྱ་དེའི་ནང་ད་ལྟའི་འཆར་རྒྱབ་སྐྱོར་ཐབས་མཁན་ལ་
མཁས་དབང་བློ་བཟང་སེངྒེ་དང་
བཀའ་ཟུར་བཀྲ་ཤིས་དབང་འདུས་་་
བཀའ་ཟུར་བསྟན་འཛིན་བཀྲས་མཐོང་་་
སྐུ་སྒེར་དྲུང་ཆེ་ཟུར་པ་སྐུ་ངོས་ཐུབ་བསྟན་སྦྱིན་པ་
ཁོང་བཞི་རེད་འདུག་་་་ད་དུང་བསམ་འཆར་ནི་ནམ་བསམ་འཆར་རེད་ལ་འོས་ཆོས་ནི་ནམ་ཡང་འོས་ཡིན་པས་ཕྱོགས་ཞེན་དང་རང་འདོད་ཁོ་ནས་དབང་དུ་མ་སོང་བ་དངོས་ཡོད་ཀྱི་གནས་ལུགས་ལ་དཔག་པའི་དྲང་བདེན་བྱེད་རྒྱུ་ཙམ་མ་ཡིན་པ་དྲང་པོའི་གཏམ་བཤད་བྱེད་རྒྱུ་ངའི་རེ་བ་ཡིན་
how you can choice him for next Kalon Tripa.
don’t you remember that what he had done when he was Kalon?
why he didn’t choice for the second term cabinet Minister?
please don’t follow others if you don’t know about him well.
དྲྭ་གྲོགས་ངག་དབང་རབ་རྒྱས་ལགས་ཀྱིས་བཏོན་གནང་བའི་བཀའ་ཁྲིའི་འོས་གཞི་དེར་མི་མང་པོ་ཞིག་གིས་རྒྱབ་སྐྱོར་འདུག་ལ་རྒྱུ་མཚན་ཡང་འདུག་དེས་ན་མ་འོངས་པར་ཅིས་ཀྱང་བཀའ་ཁྲི་ཡག་པོ་ཞིག་དགོས་ན་བཀའ་ཟུར་བློ་བཟང་སྙན་གྲགས་ལས་ལྷག་པ་ཞིག་རྙེད་མི་སྲིད།
དངོས་གནས་ཡག་པ་འདུག་ ཁོང་ཤེས་འཇོན་ལྡན་པའི་གཞོན་སྐྱེས་ཤིག་རེད། འ་འོངས་པའི་བཀའ་ཁྲི་འོས་ཤོས་གྲས་ཤིག་ཡིན་པ་མི་མང་པོ་ཡིད་ཆེས་བྱེད་ཀྱི་འདུག
ངས་བལྟས་ན། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་སྤྱིར་བཏང་ལོ་ཚོད་དང་ཤེས་ཡོན། ཉམས་མྱོང་གང་ཅིའི་ཐད་ནས་ཡག་པོ་ཡོད་པ་རེད། ཡིན་ཡང་། ཁོང་ཕྱིར་རྡ་རམ་ས་ལར་ཡོང་བ་ལས་ཨ་རི་ནས་བཞུགས་ཏེ། ཕར་ཕྱོགས་ནས་ས་ངོ་མི་ངོ་འཕྲོད་ཐབས་ཤིག་བྱས་ན་ཡག་པོ་མི་འདུག་གམ། རྒྱ་རི་རིན་པོ་ཆེ་ཡང་དགུང་ལོ་རྒས་ཀྱིན་པ་མཐོང་གི་འདུག ཉིན་གཅིག་གློ་བུར་དུ་ཕྱིན་པ་ཡིན་ན་ང་ཚོར་ཨ་རིའི་ཕྱོགས་ལ་སྐད་ཆ་བཤད་ཤེས་མཁན་དང་ཐུབ་མཁན་ཞིག་དགོས་སྟབས། བློ་བཟང་སྙན་གྲགས་ལགས་ཨ་རི་ནས་སྐྱེད་བསྲིང་བྱས་ན་ཡག་པོ་ཡོད་པ་རེད།
ཁོང་མ་འོངས་པའི་བཀའ་ཁྲི་འོས་མིན་སྐོར་ཉི་ཧོང་དོན་གཅོད་མཚོ་སྒོ་ལྷག་པ་དང་། དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་སོགས་ཀྱི་ལྷན་བརྡར་ཤ་གཅོད་གནང་རོགས།