མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉམས་དོད་པོ་བྱེད་པ་དང་བོད་པ་བྱེད་པ།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཐེའུ་རང་སྤུན་དགུ། (Therang Buengu) ཡིས་བརྩམས། བཀྲ་ཤིས་རྣམ་རྒྱལ་གྱིས་བསྒྱུར།

ཐེངས་འགར་ངའི་མི་ཚེའི་ནང་རང་ཉིད་ལོ་ན་གཞོན་ཙམ་ཡིན་ན་ཅི་མ་རུང་སྙམ་པ་སླེབས་མྱོང་། དེ་འདྲ་བའི་དྲན་འཁྲུལ་རྣམས་རྒྱུན་དུ་འདས་དོན་དང་འགྱོད་སེམས་འདྲེས་མ་ཞིག་གི་ལམ་དུ་ཕྱིན།

ད་ལྟ་རང་ཉིད་ཀོ་ཧྥི་ཁང་ཞིག་གི་ནང་དུ་བསྡད་དེ་དེང་དུས་བོད་མིའི་རྡུང་ལེན་ཚོགས་པ་གཡུ་འབྲུག་གི་རྨི་ལམ་ཞེས་པའི་འཁྲབ་སྟོན་བྱེད་སར་ལྟ་སྐབས། ང་རང་སླར་ཡང་ཚོར་བ་དེ་ཚོས་རབ་ཏུ་སྒུལ། རང་ཉིད་ལོ་ན་འདི་ལས་གཞོན་ཙམ་ཡོད་ན་སྙམ་ཞིང་དེ་སྔོན་པེ་ཅིན་དུ་མཐོ་སློབ་ཀྱི་སློབ་ཕྲུག་ཅིག་ཡིན་དུས་ང་རང་ཉམས་དོད་པོ་དང་བོད་པ་ཞིག་བྱེད་པའི་གོ་སྐབས་རག་གི་ཡོད་པ་རེད་སྙམ།

དེ་དུས་ངས་རང་ཉིད་སུ་ཞིག་བྱེད་འདོད་མིན་ཐད་འཐབ་རྩོད་བྱེད་མྱོང་ཞིང་། ཕྱིར་བལྟས་ཤིག་བྱེད་དུས་ང་རང་ཉམས་དོད་པོ་དང་ལྷན་དུ་བོད་པ་ཞིག་བྱེད་པའི་ལམ་ཞིག་འཚོལ་བཞིན་ཡོད་པར་མཐོང་། སྐབས་དེ་དུས་བོད་སྐད་དང་རྒྱ་སྐད་གང་གི་ནང་དུའང་ཉམས་དོད་པོ་ཞེས་པའི་ཐ་སྙད་དེ་མེད་ནའང་། གང་ལྟར་རྒྱ་མིའི་མཐའ་མཇུག་གི་བསམ་བློའི་ནང་བོད་པ་ནི་མཛའ་བརྩེ་མེད་མཁན་ཞིག་རེད། རྒྱ་མིའི་ཤེས་ཡོན་སློབ་གསོའི་ལམ་ལུགས་འོག་འཚར་ལོངས་བྱུང་བའི་བོད་མི་ན་གཞོན་ཞིག་ཡིན་པའི་ཆ་ནས་ང་ཚོས་ངོ་མ་རྒྱ་མིའི་བསམ་བློ་ལས་ལོགས་སུ་ཇི་ལྟར་སྡོད་དགོས་མིན་མ་ཤེས།

ངས་ད་དུང་གསལ་བོའི་ངང་དྲན་གསོས་གསལ་ལ་རང་ཉིད་ཐོག་མར་རྒྱ་ནག་གི་ལྟེ་གནས་གྲོང་ཁྱེར་དུ་ཐེངས་དང་བོར་བསྐྱོད་དུས་ཚ་འདམ་བྱེ་ཐང་ནང་ཆགས་པའི་གོར་མོ་གྲོང་ཁྱེར་གྱི་མཐོ་སློབ་ཅིག་ཏུ། གསར་ཞུགས་བྱེད་མཁན་བོད་ཕྲུག་འགའ་དང་ལྷན་དུ་ང་ཚོས་ས་ཆ་གསར་བ་དེའི་ནང་ལོ་བཞིའི་རིང་སློབ་ཞུགས་བྱས་སྐབས། ཇི་ལྟར་བོད་པ་ཞིག་བྱེད་དགོས་མིན་ཐད་སྐད་ཆ་བཤད། དེའི་ཁྲོད་ནས་སློབ་ཕྲུག་ཅིག་དེ་སྔོན་རྐང་རྩེད་སྤོ་ལོ་རྩེད་མཁན་བྱས་ཏེ་རྒྱ་ནག་ཏུ་འགྲོ་མྱོང་བས། ཁོས་བཤད་སྟངས་ལྟར་ན་ང་ཚོས་བོད་མིའི་རལ་གྲི་བཏགས་ཏེ། ཅུང་ཙམ་གཏུམ་དྲག་བྱེད་དགོས་སྐོར་བཤད་མོད། དེ་དུས་ངས་རང་གི་སྐེད་པར་རལ་གྲི་བཏགས་ཤིང་རྫིག་མཉམ་དོད་པོས་རྒྱ་ནག་གི་རྒྱལ་སར་འགྲོ་རྒྱུར་རང་གི་བློ་ཡུལ་དུའང་ཤོང་དཀའ་བ་ཞིག་རེད་ལ། ངས་རེ་འདོད་གཞན་ཞིག་བྱས་པ་ནི་བོད་པ་དང་དེང་དུས་ཅན་གཉིས་ཀ་བྱེད་པའི་ལམ་ཞིག་འཚོལ་རྒྱུ་དེ་ཡིན་པ་རེད།

འོན་ཀྱང་ང་ཚོ་སླེབས་ནས་ཡུན་རིང་མ་སོང་བར་ངས་ཤེས་རྟོགས་བྱུང་གསལ་ལ་རྒྱ་ནག་རྒྱལ་ཁབ་ཀྱི་བསམ་བློའི་ཁྲོད་དུ་ང་རང་ལ་བོད་པ་དང་དེང་དུས་ཅན་གཉིས་ཀ་བྱེད་པའི་སྟོང་ཆ་མི་འདུག ང་རང་སུ་ཞིག་བྱེད་དགོས་མིན་ནི་སྔོན་ནས་ཐག་བཅད་ཟིན་འདུག

རྒྱ་ནག་གིས་བོད་འཛིན་བཟུང་བྱས་པའི་སྔ་མོ་ནས་བཟུང་ཀླ་ཀློ་དང་གཏུམ་དྲག་ཅན་གྱི་བོད་མིའི་གཟུགས་བརྙན་ཞིག་གསར་བཟོ་དང་ཁྱབ་བསྒྲགས་བྱས་ཟིན་པ་ལྟར། བོད་པ་ནི་ཤ་མདོག་ནག་ཅིང་སྣུམ་ཞག་ཆེ་བ། དཔལ་ཡོན་དང་བཅིངས་འགྲོལ་དགོས་ངེས་ཡིན་པའི་ཀླ་ཀློའི་གཟུགས་བརྙན་དེ་ནི་ཁྱབ་ཆེ་བའི་གློག་བརྙན་ཞིང་བྲན་ཞེས་པའི་ནང་། ལྐུགས་པའི་མི་སྣ་འཁྲབ་མཁན་བྱམས་པ་ཞེས་པ་ལས་ཧ་ཅང་གྲགས་ཆེ་བར་གྱུར། སྒྲུང་དེའི་ནང་མི་མང་བཅིངས་འགྲོལ་དམག་གིས་བྱམས་པ་དྲན་གཡོག་བདག་པོའི་སར་ནས་རང་དབང་སྤྲད་སྐབས་ལོ་མང་རིང་སྐད་ཆ་བཤད་མ་མྱོང་བའི་མི་དེས་བཀའ་དྲིན་དྲན་པའི་ངུ་འབོད་ཀྱིས་མའོ་ཀྲུའུ་ཞི་སྐུ་ཚེ་རིང་བོར་ཤོག་ཅེས་བཤད། རྫུན་བཟོ་བྱས་པའི་སྣང་བརྙན་དེ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་བསམ་བློར་འཐིམ་པ་མ་ཟད། དེ་ནི་དེང་དུས་རྒྱ་ནག་རྒྱལ་ཁབ་ཀྱི་གཏམ་བཤད་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

དོན་དངོས་ཐོག་ཉེ་རབས་རྒྱ་ནག་གི་སྨྱོན་པའི་འཁྲབ་གཞུང་ཁྲོད་རྒྱ་གཞུང་གིས་བོད་མི་འཁྲབ་སྟོན་པ་གཉིས་ལ་མ་གཏོགས་འཁྲབ་སྟོན་བྱེད་པའི་གོ་སྐབས་སྤྲད་མེད། ང་ཚོ་ལ་ཡོད་པའི་གདམ་ཁ་ནི་རང་ཉིད་བཅིངས་འགྲོལ་མ་བཏང་བའི་ཀླ་ཀློ་ཞིག་བྱེད་རྒྱུའམ། ཡང་ན་བཅིངས་འགྲོལ་བཏང་རྗེས། རྒྱ་གཞུང་གིས་རང་ཉིད་ངོ་མ་གང་ཡིན་པ་ལས་སྐྱབས་པའི་བཀའ་དྲིན་དྲན་མཁན་གྱི་ཆབ་སྲིད་ཐོག་གི་སྤྲེལ་ལད་འཁྲབ་མཁན་ཞིག་བྱ་རྒྱུ་དེ་གཉིས་རེད།

ང་ཚོ་མང་ཆེ་བ་ནི་བཅིངས་འགྲོལ་བཏང་རྗེས་ཀྱི་སྤྲེལ་ལད་འཁྲབ་མཁན་བྱེད་རྒྱུར་མཁས་ལ་སྤོབས་པ་ལྡན་པ་ཤ་སྟག་ཡིན་པ་དེས། ང་ཚོའི་ངོ་བོ་ནི་ཀླ་ཀློའི་རང་བཞིན་ཅན་དུ་བསྒྱུར། དེ་ཡང་ང་ཚོ་བོད་ནང་ཡོད་དུས་ང་ཚོའི་ཉམས་ཆུང་དང་སྤྱོད་པ་དུད་ཅིང་། ཐ་ན་བརྩོན་འགྲུས་ཅན་གྱི་སློབ་ཕྲུག་ཡིན་པ་རེད། འོན་ཀྱང་རྒྱ་ནག་ནང་ང་ཚོ་ཁྲོམ་གཞུང་ཐོག་རྒྱལ་འདྲེ་རྒྱག་མཁན་དུ་གྱུར། ང་ཚོས་ཟ་ཁང་ནང་དུ་འཛིང་རེས་བཏང་བ་དང་སློབ་གྲྭའི་ནང་སློབ་ཕྲུག་གཞན་ལ་ཉེས་རྡུང་བཏང་བ། མི་ཚང་མས་ང་ཚོ་ལ་སྐྲག་ཁུལ་དང་ང་ཚོས་ཀྱང་རང་ཉིད་གཏུམ་དྲག་ཆེ་བའི་མི་རྒོད་ཡིན་ཁུལ་བྱས།   ང་ཚོ་ནི་བོད་པ་རེད། དེ་ལྟར་ངས་རང་ཉིད་ཉམས་དོད་པོ་དང་དེང་དུས་ཅན་གྱི་བོད་པ་ཞིག་བྱེད་པའི་རེ་འདོད་རྒྱང་རིང་དུ་ལུས།
དེང་སང་ངས་ཤེས་གསལ་ལ་རྒྱ་ནག་ཏུ་ཡོད་པའི་བོད་རིགས་མཐོ་སློབ་ཏུ་བོད་རིགས་ཚོར། བོད་པ་ཡིན་པའི་ཆ་ནས་ཁོང་ཚོར་རང་རང་གི་དཀའ་ངལ་ཡོད་པ་རེད།

འོན་ཀྱང་། རྒྱ་ནག་དེ་རྣམ་གྲངས་ཇེ་མང་དང་ཉོག་དྲ་ཇེ་ཆེར་འགྲོ་བཞིན་པའི་སྐབས་དེར་བོད་པ་ཚོར་ཡང་དེ་སྔོན་བཅིངས་འགྲོལ་དང་འབྲེལ་བའི་ངོས་འཛིན་སྟངས་དེའི་ཕྱི་ལ་ཐོན་ཡོད་པ་རེད། ད་ལྟའི་ཆར་རྒྱ་མིའི་སེམས་ངོས་སུ་ང་ཚོ་བོད་པར་ཧ་ཅང་འགལ་ཟླ་ཆེ་བའི་མཐོང་ཚུལ་མང་བོ་ཡོད་པ་ནི། བོད་པ་རྣམས་གྱེན་ལོག་པ་དང་ནང་དོན་རིག་པའི་མཁས་དབང་། ཐ་ཤལ་ཅན་གྱི་ཏང་གི་མགོ་ཁྲིད། རྣམ་རིག་བཀྲ་བའི་མཐོ་སློབ་ཀྱི་སློབ་ཕྲུག དེ་བཞིན་རྒྱ་ནག་ནང་རྫིག་ཉམས་དོད་ཤོས་ཀྱི་མི་དང་། མཁྲེགས་བཟུང་ཆེ་བའི་ཆོས་པ། ལྷག་པར་དུ་ང་ཚོ་ནི་གྲགས་ཆེ་བའི་དེང་དུས་གཡུ་འབྲུག་རྡུང་ལེན་ཚོགས་པའི་ནང་གི་ཕོ་གསར་བཞི་བོ་ལྟར་ཉམས་དོད་པོ་ཡོད་པ་རེད།

གཡུ་འབྲུག་གི་གནས་ཚུལ་དེ་བསྟན་པ་ནས་བོད་པ་ཚོས་ཉམས་དོད་པོ་བྱེད་ཐུབ་ཀྱི་ཡོད་པ་ཁོ་ན་མ་ཡིན་པར། བོད་པ་ཡིན་པའི་ཆ་ནས་ཉམས་དོད་པོ་ཡིན་པ་དེ་རེད། དེ་ནི་འགྱུར་བ་ཆེན་པོ་ཞིག་རེད། འོན་ཀྱང་དེ་བསྟན་པ་ནས་བོད་པ་ཡིན་པའི་ཚོར་བ་དེ་ཉམས་དོད་པོར་གྱུར་ཡོད་པ་ཙམ་མ་ཡིན་པར། དེ་ད་དུང་གསལ་བོར་བཟོ་བ་ནི་བོད་པའི་གཟུགས་བརྙན་དེ་རྒྱ་མིའི་བསམ་ཚུལ་ལས་ཡོངས་སུ་བརྒལ་བ་ཞིག་བཟོ་ཐུབ་པ་དེ་ཡིན། དེ་འདྲ་བའི་བོད་པ་ཡིན་པའི་ཚོར་བ་ནི་བོད་པ་རྣམས་ཀྱིས་བཟོས་ཤིང་བོད་པ་རྣམས་ཀྱི་ཆེད་དུ་བཟོས་པ་ཞིག་ཀྱང་ཡིན།

མདངས་ནུབ་ང་ལ་རྨི་ལམ་ཡག་པོ་ཞིག་རྨིས་བྱུང་། །
ང་ཡིས་བོད་ཁ་བ་ཅན་རྨི་ལམ་ནང་བཏང་བྱུང་། །
ཚོན་སྣ་ལྔའི་མེ་ཏོག་ཤར་བ་རྨིས། །
གཡུ་འབྲུག་སྔོན་མོ་བབ་པ་རྨིས། །

དུས་རབས་གསར་བའི་སྐབས་འདིར་བོད་རིགས་ན་གཞོན་ཚོར་རང་གི་རིག་གཞུང་ཐད་ནུས་པ་འདོན་པའི་གོ་སྐབས་གང་མང་ཡོད་པ་བསམ་ནས་ང་རང་ལ་སྤྲོ་སྣང་ཆེན་པོ་ཞིག་སླེབས། ཁོང་ཚོར་རང་ཉིད་བོད་པ་ཞིག་བྱེད་པའི་ཁར། གཞན་འདྲ་མིན་སྣ་ཚོགས་བྱེད་པའི་གོ་སྐབས་ཀྱང་ཡོད་པ་རེད། དུས་དེར་བཟོད་པར་དཀའ་ཞིང་གཡོལ་ཐབས་བྲལ་བའི་གཉའ་གནོན་གྱི་གྲིབ་ནག་འོག་ཏུ་སྤྲང་འཁྱམ་བྱས་མྱོང་བའི་འདས་དོན་དག་བསམ་དུས། རྫོགས་ཟིན་པའི་ངའི་ལང་ཚོ་དེར་སྐྱོ་སྣང་སྐྱེས།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 8

  1. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    ཨོ་་་་ མ་རྩོམ་ཡིག་དེ་ད་སོ་མ་ཅིག་བཙལ་བ་ཡིན། ཕ་ཡུལ་ཐོག་བཀོད་འདུག ཞིབ་ཀློག་བྱ་བ་མ་བྱུང་བས་རྗེས་སུ་ཀློག་གི་ཡིན། རྣམ་པ་ཚོས་འདི་ནས་བགྲོ་གླེང་ཡག་པོ་ཞིག་བྱས་འདུག འོན་ཀྱང་། འདི་ལྟར་རྩོད་བསྡད་པ་ལས། ང་ཚོ་ཚང་མས་རང་ངོས་ནས་རྩོམ་ཡིག་འདིའི་མགོ་མཇུག་ཚང་བ་ཞིག་སྒྱུར་ནས་འདིར་རང་རང་གི་ཟིན་བྲིས་སུ་བཀོད་ན་དེ་ལེགས་སམ་སྙམ། དེང་སྐབས་ཡིག་སྒྱུར་བ་མང་དྲགས་པས། ངོ་མ་་་ སྒྱུར་ལུགས་ཀྱང་མང་པོ་འདུག དེ་བས་་་ཕན་ཚུན་བསམ་བློ་བརྗེ་རེས་རེ་བྱེད་ན་ཡག་པོ་ཡོང་ས་རེད།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ང་ཡིན་ན་ ” Be cool – Be Tibetan” ཞེས་པ་འདི། མཐོང་དོད་པོ་བྱོས། བོད་པ་བྱོས། ཞེས་དང་ཡང་ན། མཐོང་དོད་པོ་དང་བོད་པ་བྱོས། ཞེས་བསྒྱུར་དགོས་སྙམ། འདི་འགྲིག་མིན་རྣམ་པ་ཚོས་དཔྱད་རོགས།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    གོང་དུ་རབ་གསལ་ལགས་ཀྱིས་གསུངས་པ་ལྟར། Cool ཞེས་པར་གོ་དོན་མང་པོ་ཡོད་པ་རེད། ངས་དབྱིན་ཡིག་གི་དག་ཡིག་ལས་སྐབས་འདིའི་ཁོལ་གྱི་ནང་དོན་འོས་འཚམ་ཞིག་བཙལ་བ་ཡིན་པས་ཚང་མས་དེ་ཡིན་མིན་དཔྱད་རོགས། དེ་ནས་བོད་རང་གི་ཚིག་ངོ་མ་ཞིག་ཡོད་མེད་དང་། གལ་སྲིད་མེད་ན་གསར་གཏོད་བྱ་རྒྱུ་ཡོད་མེད་ལ་དཔྱད་རོགས། སྐབས་འདིའི་ཁོལ་གྱི་དོན་ནི། the quality of being fashionably attractive or impressive ཞེས་པ་འདི་ཡིན་པ་འདྲ། གཡུ་འབྲུག་ནང་གི་ཕོ་གསར་བཞི་བོ་ཡང་གོང་གི་་ལྟ་ཚུལ་འདི་འདྲ་ཞིག་གི་ཐོག་ནས་ ཁོལ་ ཞེས་པ་དེར་གྱུར་བར་འདོད།

    Reply
  4. ནད་པ says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ་ཁམས་བཟང་། ཉམས་དོད་པོ་བྱེད་པ་དང་བོད་པ་བྱེད་པ། ཞེས་བསྒྱུར་བ་འདི་བོད་སྐད་དུ་ཅུང་མི་བདེ་བ་ཞིག་འདུག་ལར་ནས་དབྱིན་སྐད་ནང་།

    ” Be cool – Be Tibetan” ཟེར་བའི་གོ་དོན་ལ་གཞིགས་ན་སྐབས་འདིར་ཞི་བ་འམ་ལྷིང་པོ་གཉིས་ལ་གོ་དགོས་པ་དང་དེ་ཡང་བསྐུལ་ཚིག་ལ་འཇུག་དགོས་སྟབས་་་་ ཞི་ལྷིང་པོའི་བོད་མི་ཞིག་བྱོས། ཞེས་བསྒྱུར་ན་ལེགས་པར་སེམས།

    Reply
  5. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    Be Cool—Be Tibetan
    ཞེས་པ་འདི་བསྐུལ་ཚིག་གིས་བསྒྱུར་དགོས་སྙམ། གང་ཡིན་ཟེར་ན་དབྱིན་ཚིག་ Be ནི་སྐབས་འདིར་བསྐུལ་ཚིག་ཡིན་པས་སོ།། དེར་བརྟེན་པདྨ་ཚེ་དབང་གིས་བྱོས་ཞེས་བསྒྱུར་བ་ལེགས།

    Reply
  6. གནས་ཚང་། says:
    ལོ་ 17 སྔོན།

    ཐེའུ་རང་སྤུན་དགུ་འདི་བོད་སྐད་རྣལ་མ་ཞིག་རེད། ༼ཐེ་རིང་བྷུན་གུ། ༽ཞེས་པ་གང་འདྲ་ཐོན་པ་རེད་དམ། དེང་སྐབས་ཀྱི་ཡིག་མཁན་ཚོ་བག་ལེབ་བཟོ་མཁན་ཞིག་ལའང་མི་དོ་དོན་ཅི། སེམས་པ་ཞེ་དྲག་སྡུག་སོང་།

    Reply
  7. དགེ་འདུན་རབ་གསལ། says:
    ལོ་ 17 སྔོན།

    བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་བསྒྱུར་བའི་རྩོམ་འདི་ཉིན་ཤས་སྔོན་པད་མ་ཚེ་དབང་ལགས་ཀྱིས་ཀྱང་བསྒྱུར་ནས་ཁ་བརྡའི་ཐོག་བཀོད། རྩོམ་པ་པོའི་མཚན་འདིར་འཁོད་པ་དེ་མིང་ངོ་མ་མིན་ཞེས་གསལ་འདུག་པ་དེ་བཅོས་དགོས་པར་སྣང་། ཁ་བརྡའི་ཐོག་ཏུ་ Be Cool—Be Tibetan ཞེས་པའི་ནང་དོན་འདིར་རྩོད་པ་ཞིག་སླེབས། རྩོད་དོན་ནི་ Cool ཞེས་པ་དེ་ “བསིལ་པོ་”བསྒྱུར་ན་འགྲིག་མིན་གྱི་ཐད་རེད། འདིར་ “ཉམས་དོད་པོ་”ཞེས་བསྒྱུར་འདུག དབྱིན་ཡིག་གི་ “ཁོལ་”ཞེས་པ་འདི་ལ་གོ་དོན་སྣ་ཚོགས་པ་ཞིག་འདུག མཚམས་རེར་ཡག་པོ་དང་མཚམས་རེར་སྡུག་ཇག་གི་གོ་དོན་འདུག འདིར་བཤད་པའི་ “ཁོལ་”དེ་ལ་ཡང་ལྟ་མཁན་གྱི་ངོས་ནས་མཐོང་བའི་ཚོར་སྣང་ཞིག་འགྲེལ་དགོས་པ་རེད་དྲན། དཔེར་ན་རྩོམ་འདིའི་ནང་གི་ལྟ་མཁན་རྒྱ་མི་རིགས་ཀྱིས་བོད་མི་རྣམས་ལ་ “ཁོལ་”ཞེས་ཡིད་དབང་འཕྲོག་ས་ཞིག་ཏུ་བརྩི་གི་ཡོད་མེད་རེད། ཉམས་དོད་པོ་དེ་བྱེད་མཁན་གྱི་ངོས་ནས་ཡིན་ནམ། མི་ཤེས། ཨོ། “ཡིད་འཕྲོག་མཁན།” འདི་གང་འདྲ་འདུག དེ་ནས་རྩོམ་འདིའི་མགོ་བརྗོད་དེ་ཁ་བརྡའི་དྲ་ཐོག་ཏུ་ སྐུལ་ཚིག་གི་ངོ་བོར་བསྒྱུར་འདུག དྭོགས་འདྲི་ཞིག་ལ་ “དེ་ཡང་ང་ཚོ་བོད་ནང་ཡོད་དུས་ང་ཚོའི་ཉམས་ཆུང་དང་སྤྱོད་པ་དུད་ཅིང་། ཐ་ན་བརྩོན་འགྲུས་ཅན་གྱི་སློབ་ཕྲུག་ཡིན་པ་རེད།”ཅེས་པའི་ནང་གི་ཉམ་ཆུང་གི་དག་ཆ་དང་ དེ་ནས་སྤྱོད་པ་དུད་ཟེར་རམ་སྤྱོད་པ་དུལ་ཟེར། དུད་ནི་སྒུར་བའི་དོན་རེད། དུལ་ནི་རྒོད་དུ་ཤོར་བ་ཞིག་བཅོས་པའི་དོན་ཏེ་རྟ་བཏུལ་དང་གདུལ་བྱ་སོགས་ཀྱིས་མཚོན་ནོ།།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ངས་རྩོམ་ཡིག་འདི་བཀླགས་ཟིན་པ་ཡིན། བཀླགས་ཟིན་པའི་རྩོམ་ཡིག་འདིས་བོད་མི་རིགས་ཀྱི་ཁྲོད་དུ་ད་ལྟའི་འགྱུར་ལྡོག་གི་འཕོ་འགྱུར་གྱི་ཀྱོག་མཚམས་ཆེན་པོ་ཞིག་གསལ་བཤད་གནང་བར་མཐོང་སོང་ལ། འདི་ལྟ་བུའི་བསམ་བློ་མི་ཉུང་བ་ཞིག་དུས་རབས་འདིས་ན་གཞོན་དག་གི་སེམས་ཁོང་དུ་སླེབས་ཐུབ་པར་རེ་སྐུལ་ཀྱང་ཞུ་འདོད་བྱུང་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese