མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐུགས་གཟབ་གནང་རོགས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་རྒྱལ་སྤྱིའི་ནང་དུ་ཕག་ཆམ་གྱི་ནད་གཞི་ཤུགས་ཆེར་ཁྱབ་བརྡལ་དུ་འགྲོ་བཞིན་པའི་དུས་འདིར། རྒྱལ་ཁབ་སོ་སོས་ནད་གཞི་སྔོན་འགོག་གི་ཐབས་ལམ་འདྲ་མིན་འཚོལ་ཞིབ་ཀྱིས་སྨན་བཟོ་མུས་རེད། ད་ལྟའི་ཆར་རྒྱལ་ཁབ་ཕལ་མོ་ཆེ་ཡིས་ཊ་མི་ཧྥུ་ལུ་ Tamiflu ཞེས་པའི་སྨན་ཞིག་དང་། ཨོ་སེལ་ཏཱ་མི་ཝིར་ Oseltamivir ཞེས་པ་གཉིས་རིམས་ནད་ཕོག་རིགས་ཐམས་ཅད་ལ་སྤྲོད་ཀྱིན་ཡོད་འདུག གཟབ་དགོས་པ་ཞིག་ལ། ཉེ་ཆར་དབྱིན་ཡུལ་སྨན་གྱི་བརྟག་དཔྱད་ཁང་ནས་སྨན་དེ་གཉིས་པོས་བྱིས་པ་ལོ་ལྔ་མ་ལོན་པའི་རིགས་དང། བུད་མེད་སྦྲུམ་མ། རྒན་པ། དྲི་ཆུ་མང་པོ་འབབ་པའི་ནད་པ། སྙིང་ནད་ཅན། མཁལ་མ་ནད་པ་ཡིན་པ་ཚོར་སྨན་དེ་སྤྱད་ཚེ་ཕོ་བ་ན་བ་དང། གཉིད་མི་ཁུག་པ། ཟས་ཟ་མི་འདོད་པ། སྐྲག་དངངས་ཆེ་བའི་རྨི་ལམ་རྨི་བ་སོགས་ཀྱི་གནོད་སྐྱོན་ཚབས་ཆེན་ཡོང་གི་ཡོད་ཚུལ་གྱི་ཉེན་བརྡ་བཏང་འདུག་ཅིང། ལྷག་པར་ཨོ་སེལ་ཏཱ་མི་ཝིར་ཞེས་པ་དེ་ནི་སྔོན་འགོག་གི་སྨན་ཚད་ལྡན་ཞིག་མིན་ཞིང། སྨན་པས་བརྗོད་དོན་ལྟར་ན། ཕག་ཆམ་གྱི་ནད་འབུ་མེད་རིགས་ཚོས་ནད་གཞི་སྔོན་འགོག་ཆེད་དུ་སྨན་དེ་རིགས་སྤྱད་ཚེ། གཟུགས་པོའི་འགོག་ནུས་ཉམས་ཤིང་། སྨན་གཞན་གྱི་ནུས་པ་ཐམས་ཅད་གཟུགས་པོར་མི་ཕན་པར་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་ཚོད་འདུག

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༡༥ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 13

  1. ཨ་རུ་ར། says:
    ལོ་ 16 སྔོན།

    བོད་ཀྱི་གསོ་བ་རིག་པའི་གཞུང་གི་རིམས་ནད་སྲུང་ཐབས་ཀྱི་སྐོར་ནི་འདི་ལྟ་སྟེ།
    རྒྱུད་དུ། ཁྱད་པར་རིམས་སྲུང་སྤྱི་དང་བྱེ་བྲག་གཉིས། །སྤྱི་རུ་སྲུང་ཐབས་སྔགས་དང་རྫས་གཉིས་ཏེ། །དང་པོ་རང་ཉིད་མཐུ་སྟོབས་བདག་པོར་བསྐྱེད། །ཨོཾ་ཧྲི་དེ་བ་ལེ་ཁ་ཕུར། ཨ་ཏི་ཕུར། བི་ཕུར་སོད། བི་ཧུབ་སོད། མུར་ཡ་སོད། ཀུ་མ་ར་ཡ་
    སོད། ལ་ཙི་སོད། བནྡྷ་བནྡྷ་སོད། བཛྲ་པ་ནེ་པ་ནེ་སོད། ཧྲི་དེ་ཧྲི་དེ་སོད། ཏི་ཀ་ཛྙཱ་ན་སོད། མ་མ་དུ་རུ་སོད། ཕུ་ཙ་ཡོ་གི་ནི་སོད། སྔགས་འདི་ཉིན་ལྟར་བརྒྱ་དང་བརྒྱད་རེ་བསྒྲང་རྒྱུ། ༼རྫས་སྲུང་ནི་བོད་གཞུང་སྨན་རྩིས་ཁང་གི་བཟོས་པའི་རིམ
    ས་སྲུངས་རིལ་བུ་ལུས་ལ་བཅང་སྟེ། ཞོག་པ་སྔ་བོ་ལྟོ་སྟོང་དུ་དྲི་མ་སྣོམས་རྒྱུ་གལ་
    ཆེ།༽ཁྲོལ་བུའི་ཐུམ་བུ་སྐེར་བཏགས་སྣ་སྒོར་བདུག དེ་ཡིས་རིམས་ནད་བསྐལ་པའི་མེ་འབར་ཡང་། །རང་ལུས་རྡོ་རྗེ་འདྲ་སྟེ་ཅིས་མི་ཚུགས། །ཞེས་པ་འདི་རིམས་སྤྱིའི་སྲུང་ཐབས་དང་།
    བྱེ་བྲག་ད་ལྟའི་ཚ་རིམས་སྲུང་ཐབས་སུ་རྒྱུད་དུ་འདི་ལྟར་བསྟན་ཡོད། རྫས་སྔགས་གཉིས་ལས་སྔགས་སྲུང་ནི་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་བླ་མ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བདག་ཅག་རིམས་ནད་ཐམས་ཅད་ལས་བསྲུང་དུ་གསོལ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། སརྦ་བྱ་ཏི་ཏ་ཧ་ན་ཧ་ན་བཛྲར་ན་སྭཱ་ཧཱ། ཐུང་ཟིམ་བུ་ཐུང་ཟིམ་བུ་སོད། ལང་ལང་ལིང་ལིང་སོད། མེ་མེ་སོད། ལམ་ལམ་སོད། དཔལ་སོད། ཚ་བ་མེ་ཡི་དབལ་སོད། བརྒྱ་རྩ་བརྒྱད་བཟླས་ལ་སྣར་གདབ། དེ་མིན་སོ་སོའི་ཟས་སྤྱོད་ཚུལ་བཞིན་དུ་བསྟེན་ཏེ་ལུས་ཁམས་ཀྱི་བདེ་ཐང་སྲུང་སྐྱོབས་བྱེད་སྟེངས་ནི།
    རྒྱུད་དུ། རྟགས་ཏུ་བདེ་གནས་འདོད་ཅིང་ཚེ་བསྲིང་ཕྱིར། །སྨན་མཆོག་རིན་ཆེན་གྲུབ་པའི་གསང་སྔགས་བཅང་། །ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང་། །ལུས་ངག་ཡིད་ལས་ཉེས་སྤང་ཡང་དག་བསྟེན། །ལྕེ་སོགས་དབང་པོ་མནར་དང་ཉམས་བདེར་མིན། །ཐེ་ཚོམ་གྲུ་འམ་མི་སྲུན་བཞོན་པ་དང་། །གསོད་ས་ཆུ་ཆེན་མེ་ཡི་ཕུང་པོ་དང་། །གད་སྟེང་ཤིང་རྩེར་དབྱར་དགུན་འཛེག་འགྲོ་སྤང་། །སྡོད་ན་ས་བརྟག་འགྲོ་ན་ལམ་བརྟག་ཅིང་། །མཚན་མོ་དོན་ཆེན་དབྱུག་ཐོགས་གྲོགས་ལྡན་བྱ། །མཚན་གཉིད་མ་ལོག་རྩུབ་པས་ཅི་བདེར་ལོག །མ་ལོག་ནང་པར་སྨྱོང་བྱ་ཕྱེད་གཉིད་ལོག །ཞེས་གསུངས་བཞིན། སོ་སོའི་རང་ངོས་ནས་ཟས་དང་སྤྱོད་ལ་གཟབ་གཟབ་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེ་བ་ཞིག་རེད། ཟ་ཁང་ཆང་ཁང་སོགས་ནས་ཟ་བཏུང་བྱེད་མི་དགོས་པར་གཙོ་འདོན་བྱེད་རྒྱུ་དང་། རིམས་ནད་བྱུང་ཡོད་སའི་ས་གནས་སོགས་ལ་འགྲོ་འདུག་མི་བྱེད་རྒྱུ་དང་གཉིས། ཕྱོགས་སུ་སོང་ནི་ཕྱིར་རང་ཁྱིམ་དུ་ལོག་མ་ཐག་ལག་པ་གཙང་མ་བཀྲུ་རྒྱུ་དང་དེ་ནས་ཁ་གདོང་སོགས་བཀྲུ་རྒྱུ་བཅས་གསུམ། མི་མང་འདུ་འཛོམས་སར་རྒྱུན་དུ་ཁ་རིས་གྱོན་རྒྱུ་དང་བཞི། འདི་དག་དམིགས་གསལ་གྱི་སྔོན་འགོག་གི་ཐབས་ལམ་རེད། གལ་སྲིད་ཆམ་ཚད་དེ་འདྲ་ཕོགས་པ་ཡིན་ན་ངལ་གསོ་ཡག་པོ་རྒྱག་རྒྱུ་དང་། ཁ་ཟས་དུས་ཐོག་ཏུ་ཟ་རྒྱུ། ལུས་ཁམས་མི་འཁྲུག་པར་མཚན་མོ་གཉིད་ལེགས་པོ་ཉལ་རྒྱུ་སོགས་དམིགས་བསལ་དོ་སྣང་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེ། གཞུང་ལས།
    ཐབས་དང་ཐབས་བྱུང་འབྲེལ་བ་ཅི་སྟེ་མེད། །འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །གནོད་བྱ་གནོད་བྱེད་རྟེན་དང་བརྟེན་པར་འབྲེལ། །གསོ་བྱ་གསོ་བྱེད་བསོད་ནམས་ལས་ཀྱིས་འབྲེལ། །རིན་པོ་ཆེ་དང་ཀླུ་ཡི་རྒྱལ་བོ་འདྲ། །མི་ཤེས་ཤེས་བྱེད་གསོ་རིག་ཐབས་སུ་འབྲེལ། །ཐབས་ལས་བྱུང་བ་འདུ་བ་སྙོམས་པར་འབྲེལ། །འདུ་བ་སྙོམས་པ་ནད་མེད་བདེ་བར་འབྲེལ། །ཐབས་དང་ཐབས་བྱུང་དེ་ལས་བྱུང་བར་འབྲེལ། །ཅི་ཕྱིར་དོན་བྱེད་ནུས་ཕྱིར་རག་ལུས་ཕྱིར། །ཞེས་གསུངས་སོ།།

    Reply
  2. ཆོས་འཕེལ་བློ་བཟང་། says:
    ལོ་ 17 སྔོན།

    བོད་ལུགས་གསོ་བ་རིག་པས་འདིའི་ཐད་ངོས་འཛིན་དང་སྔོན་འགོག དེ་བཞིན་སྨན་བཅོས་སོགས་ཇི་ལྟར་བྱེད་ཀྱི་ཡོད་མེད་དེ་ངེས་པར་མི་མང་ལ་ཡོངས་བསྒྲགས་གནང་དགོས་པ་ཞིག་ཡིན་་་་་་་་་་་་བོད་ཀྱི་སྨན་པ་ཚོ་གང་དུ་ཡོད་མི་མང་གིས་དོ་སྣང་ཙམ་ཡང་མེད་པ་འདི་ང་ཚོས་སོ་སོའི་སྨན་གཞུང་གི་རིན་ཐང་མ་གཏོགས་པ་ཞིག་དང་སྨན་པ་ཚོས་མ་འཇོན་པའི་རྟགས་མཚན་གསལ་བོ་ཞིག་ཏུ་ཆགས་ཡོད།

    Reply
  3. sher says:
    ལོ་ 17 སྔོན།

    ག་རེ་གཟི་བརྗིད་རེད་

    ཐེ་ཝན་སྲིད་འཛིན་གྱི་གོང་ས་མཆོག་དང་
    ང་ཚོ་བོད་མི་དམངས་ལ་མཐོང་ཆུང་བཏང་གི་འདུག
    ཁོ་ཚོས་ག་རེ་ལབ་ལབ་ཡིན་ཤག་བྱེད་གི་འདུག་ལ་
    ཐ་ན་གོང་ས་ཡིད་བཞིན་ནོར་བུ་ས་དེ་ན་ཕེབས་ཚར་ན་ཡང་ཁོས་མཇལ་འཕྲད་བྱེད་གི་མིན་ཟེར་
    འུ་ཚོ་གནའ་སྔ་ནས་ད་ལྟ་བར་དུ་ཡིད་ཚིམ་སླ་ཐག་ཆོད་འདུག་
    ང་ཚོ་ནམ་ཡིན་ཡང་མཁྲེགས་ཚ་བྱས་ན་ཡག་གི

    Reply
  4. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    དྲ་གྲོགས་རྣམ་པ་གཉིས་ལགས། ཁྱེད་གཉིས་ཀྱི་འདོད་ཚུལ་དེ་ཚོ་ཚང་མ་ཧ་ཅང་ཡག་པོ་རེད། བདག་གིས་ཀྱང་དེའི་ཕྱོགས་ལ་བསམ་བློ་མང་བོ་བཏང་མྱོང་ལ་གླེང་གྲོགས་འགར་དེའི་སྐོར་མང་བོ་དྲིས་མྱོང་། གང་ལྟར་གོང་དུ་འདྲ་རིག་ལྡན་ལགས་ཀྱིས་གནང་བའི་ཁ་བྱང་ཐོག་ཏུ་བལྟོས་དང་ཅུང་ཁ་གསལ་བོ་འདུག ཡིན་ནའང་ད་ཐེངས་ཐེ་ཝན་མི་དམངས་སྡུག་གི་རྒྱ་མཚོའི་ནང་དུ་ལྷུང་ཡོད་པའི་དུས་སུ་༧་གོང་ས་མཆོག་གནས་དེར་ཕེབས་ཐུབ་རྒྱུ་བྱུང་བ་ཡིན་ཚེ། འུ་ཚོ་བོད་མི་ཚོའི་གཟི་བརྗིད་རེད། ངོ་མ་གཟི་བརྗིད་རེད་ཡ།

    Reply
  5. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    འདིའི་སྐོར་གྱི་གནས་ཚུལ་ཡག་པོ་ཁ་གསལ་ཞིག་འདི་ན་ཡང་ཅིག་འདུག
    http://www.kanglam.com/joomla/bb3/viewtopic.php?f=11&t=57

    Reply
  6. ལྷག་པ་ཚེ་རིང་། says:
    ལོ་ 17 སྔོན།

    ཕག་ནད་ཀྱི་ནད་གཞི་དེའི་ཐད་ང་ཚོ་བོད་པའི་ངོས་ནས་སྔོན་འགོག་དང་གདོང་་ལེན་ཇི་ལྟར་བྱ་ཐབས་ཡོད་དམ།

    Reply
  7. ལྷག་པ་ཚེ་རིང་། says:
    ལོ་ 17 སྔོན།

    ནད་གཞི་དེ་ཧ་ཅང་ཛ་དྲག་པོ་ཆག་འདུག

    Reply
  8. སོག་ཤོད་ལྷག་བསམ། says:
    ལོ་ 17 སྔོན།

    སྲིད་འཛིན་མ་ཡིས་གིས་རྒྱ་ནག་དང་འབྲེལ་བ་བྱེད་ཡག་ལ་ཐེ་ཝན་མི་དམངས་
    རྒྱབ་བཅོར་རག་ཡག་ཁྱེད་དུ་༧གོང་ས་མཆོག་ཐེ་ཝེན་ནང་ལ་ཕེབས་ཡག་ལ་ཕྱག་འཁྱེར་ཕུལ་བ་ཡིན་ཚོད་རེད། དེ་བོད་དོན་ཐོག་ལ་འཛིན་པའི་སྲིད་རྒྱུད་འགྱུར་བ་འགྲོ་བ་མཚོན་གི་མ་རེད།།

    Reply
  9. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ཁག་པོ་རེད་སྲིན་འཛིན་མྭ་ཡིས་ད་སྐབས་ཧོས་ཅིན་ཐོ་དང་བུན་ཅ་པོ་སོགས་ཀྱི་སྐྱག་ཁུང་ལ་ལྡག་བཞིན་པའི་སྒང་ར

    Reply
  10. སོག་ཤོད་ལྷག་བསམ། says:
    ལོ་ 17 སྔོན།

    གསར་ལམ་ཁག་ནས་ཐོན་པ་གཞི་གཟུང་བྱས་པ་ཡིན་ན་ཐེ་ཝན་ནང་བྱུང་བའི་འབྱུང་བའི་གོ་ཆག་ཕོག་པའི་ཤི་གསོན་རྣམས་ཀྱི་ཆེད་དུ་སྔོ་སྨོན་གནང་ཆེད་རེད་འདུག་དུས་ཚོད་སྤྱི་ཟླ་༨་ཚེས་༣༠ནས་ སྤྱི་ཟླ་༩་ཚེས་༤བར་ཡིན་འདུག་ཉིན་གྲངས་དྲུག་རིང་ཡིན་པའི་གནས་ཚུར་ཐོན་འདུག།།

    Reply
  11. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    དྲ་གྲོགས་སོག་ཤོད་པ་ལྷག་བསམ་ལགས། ༧ གོང་ས་མཆོག་ཐེ་ཝན་དུ་ཕེབས་རྒྱུ་གཏན་ཁེལ་བྱས་ཚར་བ་རེད་དམ། སྐུ་ཉིད་ཀྱིས་གསལ་བོ་མཁྱེན་ཡོན་ན། དུས་ཚོད་ག་དུས་ཞིག་ཡིན་མིན་དང་ད་ལས་ཀྱི་མཛད་འཆར་ཅི་ཞིག་ཡིན་མིན་གསལ་བོ་ཞིག་འབྲི་རོགས་ཞུ།

    Reply
  12. འབྲོང་བུ། says:
    ལོ་ 17 སྔོན།

    རང་ཉིད་ཀྱི་འཕྲོད་བསྟེན་ལ་རང་ཉིད་ཀྱིས་གཟབ་གཟབ་བྱས་ཏེ་མི་ཚོགས་མང་་་་སར་མི་འགྲོ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན།

    Reply
  13. སོག་ཤོད་ལྷག་བསམ། says:
    ལོ་ 17 སྔོན།

    ༧གོང་ས་མཆོག་ཐེ་ཝན་ལ་ཕེབས་ཡག་ཐག་ཆོད་པ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese