མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་ལ་འགྲོ་མི་ཆོག

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས། ༧གོང་ས་མཆོག་ཐའེ་ཝན་ནང་ཆིབས་བསྒྱུར་གདན་ཞུ་གནང་བའི་ཐད་ཐའེ་ཝན་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་རེེད།

ཕྱི་ཚེས་ ༢༦ ཉིན་གསར་ལམ་ཁག་ཏུ་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ཐའེ་ཝན་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པའི་གནས་ཚུལ་བརྒྱུད་སྒྲོག་བྱས་ཡོད་པ་དང་།  དེ་ཡང་ཐའེ་ཝན་གནོད་འཚེ་ཐེབས་ཡུལ་གྱི་དབུ་ཁྲིད་དང་མི་མང་གི་རེ་འདོད་ལྟར། ༧གོང་ས་མཆོག་གནོད་འཚེ་ཐེབས་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ་འདས་གྲོངས་སུ་ཕྱིན་པ་རྣམས་དང་ས་གནས་མི་མང་གི་བདེ་སྡུག་ཆེད་བསྔོ་སྨོན་གསོལ་འདེབས་གནང་ཆེད་ཁོང་ཉིད་གདན་འདྲེན་ཞུ་དགོས་པའི་རེ་འདུན་སྲིད་འཛིན་མཆོག་ལ་སྙན་སེང་ཞུས་ཡོད་པ་རེད། ལོ་སྔོན་མར་༧གོང་ས་མཆོག་གིས་བཞུགས་སྒར་གྱི་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་ཁོང་ཉིད་ཐའེ་ཝན་དུ་ཆིབས་བསྒྱུར་གནང་འདོད་ཡོད་ལུགས་གསུངས་པར་སྲིད་འཛིན་མཆོག་ནས་དུས་དང་མི་འཚམ་པའི་བརྡ་ལན་སྤྲད་ཡོད་ནའང་། ཐེངས་འདིར་རྒྱ་གཞུང་གི་སྐྱོན་བརྗོད་དང་ཁོང་ཁྲོ་བྱེད་མིན་ལ་མ་ལྟོས་པར་ཕྱི་ཚེས་ ༢༧ ཉིན་སྲིད་འཛིན་གྱི་མགྲིན་ཚབ་པས་གསར་འགོད་པར། ཏཱ་ལའི་བླ་མའི་ཐེངས་འདིའི་ཆིབས་བསྒྱུར་འདི་ཆོས་ཕྱོགས་དང་འགྲོ་བ་མིའི་བཟང་སྤྱོད་ཀྱི་གནད་དོན་ཞིག་ཡིན་སྟབས། མཚོ་ལམ་ཕན་ཚུན་གྱི་འབྲེལ་ལམ་ལ་དོ་ཕོག་མི་འབྱུང་བའི་བརྡ་ལན་སྤྲད་ཡོད་པ་མ་ཟད། སྲིད་འཛིན་མཱ་ཡོན་ཇིག་གིས་༧གོང་ས་མཆོག་ཐའེ་ཝན་ལྷོ་ཕྱོགས་ཁུལ་གྱི་གནོད་འཚེ་ཐེབས་ཡུལ་དུ་གདན་ཞུ་གནང་བར་མོས་མཐུན་བྱུང་ཡོད་པ་རེད། དེ་ལྟ་ནའང་། རྒྱ་ནག་གཞུང་གིས། ཐའེ་ཝན་སྲིད་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་ཆིབས་བསྒྱུར་ལ་ཐོངས་ཆེན་སྤྲད་པའི་ཐད་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པ་དང་། རྒྱ་གཞུང་ཐའེ་ཝན་འབྲེལ་མཐུད་ཁང་གི་གསལ་སྒྲགས་ཤིག་གི་ནང་ཏཱ་ལའི་བླ་མ་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁོ་ནར་མིན་པར། ཆོས་ལུགས་ཀྱི་དར་ཆ་བསྒྲེངས་ཏེ་རྒྱལ་ཁབ་ཁ་བྲལ་གྱི་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཐེངས་འདིའི་༧གོང་ས་མཆོག་གདན་ཞུ་གནང་མཁན་གྱི་ཐའེ་ཝན་ཕྱོགས་འགལ་དམངས་གཙོ་ཚོགས་པར་ཡང་འདས་པའི་རྒྱ་ནག་དང་ཐའེ་ཝན་མཚོ་ལམ་ཕན་ཚུན་གྱི་འབྲེལ་ལམ་ལ་གནོད་སྐྱོན་བཟོ་བའི་དམིགས་ཡུལ་ཡོད་ཚུལ་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་རེད།

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ ༡༩༩༧ ལོའི་ཟླ་ ༣ པར་སྲིད་འཛིན་ལིས་ཏིན་ཧེ་ཡི་གདན་ཞུ་ལྟར་ཐའེ་ཝན་ནང་ཆིབས་བསྒྱུར་ཐོག་མ་དེ་བསྐྱངས་ཡོད་པ་དང་། ༢༠༠༡ ལོའི་ཟླ་ ༣ པའི་ནང་སྲིད་འཛིན་ཁྲིན་ཧྲེ་ཕེན་གྱི་གདན་ཞུ་ལྟར་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཡོད་པ་རེད།  ཐེངས་འདི་ནི་༧གོང་ས་མཆོག་ཐའེ་ཝན་དུ་ཆིབས་བསྒྱུར་ཆིབས་བསྒྱུར་ཐེངས་གསུམ་པ་དེ་ཆགས་ཡོད་པ་དང་། ཟླ་འདིའི་ཚེས་ ༣༡ ཉིན་ནས་འཆར་ཟླའི་ཚེས་ ༣ བར་གྱི་ཉིན་བཞིའི་རིང་མཛད་འཆར་ཡོད་ཚུལ་བརྗོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༡༥ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 7

  1. sher says:
    ལོ་ 17 སྔོན།

    ཐེ་སྲིད་དེ་ལ་ང་ཚོ་ཇུས་ཏོག་ག་རེ་ཡོད་རེད་

    Reply
  2. བསེ་རུ། says:
    ལོ་ 17 སྔོན།

    ༸གོང་ས་མཆོག་ཐའེ་ཝན་ལ་ཆིབས་སྒྱུར་གདན་འདྲེན་ཞུས་པར་རྒྱ་ནག་གཞུང་གིས་གསར་འགྱུར་འདི་སྤེལ་འདུག གཤམ་དུ་གཟིགས་རོགས། དེ་རྗེས་དཔྱད་གླེང་གནོངས་དང་།

    ཚེས་༢༦ཉིན། ཐའེ་ཝན་གྱི་དམངས་གཙོ་ཡར་སྐུལ་ཏང་གི་མི་ཁག་ཅིག་གིས་ཏཱ་ལའི་བླ་མ་ཟླ་འདིའི་ཟླ་མཇུག་ཏུ་ཐའེ་ཝན་དུ་ཡོང་ནས་འཚམས་འདྲི་བྱེད་པར་གདན་དྲངས་ཡོད་ཅིང་། ཤིན་ཧྭ་གསར་འགྱུར་ཁང་གིས་ཚེས་༢༧ཉིན་གནས་ཚུལ་དེའི་སྐོར་དུས་ཡུན་རིང་བོར་མཚོ་འགག་ངོགས་གཉིས་ཀྱི་གནད་དོན་ཞིབ་འཇུག་གི་ལས་ལ་གཞོལ་བའི་སྐམ་སའི་མཁས་པ་སྐད་གྲགས་ཅན་ལ་བཅར་འདྲི་བྱས་པ་རེད། མཁས་པ་ཚོས་བཅར་འདྲི་བྱེད་སྐབས་བསྟན་དོན།   དེ་ནི་ཆབ་སྲིད་ཀྱི་བྱེད་ཐབས་ཁོ་ན་ཞིག་ཡིན་ཞིང་། དེའི་རྒྱབ་རོལ་ན་“ཐའེ་ཝན་རང་བཙན”བྱེད་པའི་ཆབ་སྲིད་ཀྱི་དམིགས་ཡུལ་ངན་པ་བཅངས་ཡོད་པ་རེད་ཟེར།

    པེ་ཅིང་མཉམ་འབྲེལ་སློབ་གྲྭ་ཆེན་མོའི་ཐའེ་ཝན་ཞིབ་འཇུག་ཕྱོགས་ཀྱི་དགེ་རྒན་ཆེན་མོ་ཞུའེ་ཧྥུའུ་ཏུང་གི་དགོངས་ཚུལ་ལ། དམངས་གཙོ་ཡར་སྐུལ་ཏང་གི་མི་སྣ་ཁག་ཅིག་གིས་བསམ་བཞིན་དུ་ཏཱ་ལའི་ཐའེ་ཝན་ལ་གདན་དྲངས་པའི་དམིགས་ཡུལ་ནི་གཅིག་གོ་གཉིས་ཆོད་ཡོང་ཆེད་ཡིན་པ་སྟེ། ཕྱོགས་གཅིག་ནས་དམངས་གཙོ་ཡར་སྐུལ་ཏང་གིས་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཇེ་ངན་དུ་གཏོང་རྒྱུ་དང་། སྐམ་སའི་ཕྱོགས་ཀྱིས་ཏཱ་ལའི་ཡིས་ཐའེ་ཝན་དུ་འཚམས་འདྲི་བྱེད་པའི་སྐོར་ལ་དོ་སྣང་ཤིན་ཏུ་ཆེན་པོ་བྱས་ཚེ། དེའི་སྐོར་འུར་སྒྲོག་ཆེན་པོ་བྱས་ནས་སྐམ་སས་ཐེངས་འདིའི་ཐའེ་ཝན་གྱི་མཚོ་རླུང་གི་གནོད་སྐྱོན་ཁྲོད་ནུས་ཤུགས་ཡོད་རྒུས་རོགས་བྱས་པའི་གནས་ཚུལ་དང་། ཐའེ་ཝན་སྤུན་ཟླའི་སེམས་ལ་བཞག་པའི་བག་ཆགས་བཟང་བོ་བཅས་བསུབ་བསམ་པ་རེད།

    ཕྱོགས་གཞན་ཞིག་ནས། དམངས་གཙོ་ཡར་སྐུལ་ཏང་གིས་མ་ཡིང་ཅུའུ་སྲིད་གཞུང་གིས་མཚོ་རླུང་སྐབས་གནོད་སྐྱོབ་ཡག་པོ་བྱེད་མ་ཐུབ་པའི་སྐབས་སུ་ཆབ་སྲིད་ཀྱི་དཀའ་རྙོག་བཟོས་ནས་མ་ཡིང་ཅུའུ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བ་བྱ་རྒྱུ་དེ་རེད།

      ཟླ་༨ཚེས་༢༧ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་གཞུང་ལས་ཁང་གི་མགྲིན་ཚབ་པས་གནས་ཚུལ་དེའི་སྐོར་ལ་འདི་ལྟར། ཏཱ་ལའི་ནི་ཆོས་ཕྱོགས་ཀྱི་མི་སྣ་ཁོ་ན་ཞིག་མིན་པར། ཁོས་ཆོས་ཀྱི་དར་ཆ་ཕྱར་ནས་སྔོན་ནས་ད་བར་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་འགུལ་སྤེལ་བཞིན་ཡོད་ལ། ཏཱ་ལའི་ཡིས་མིང་དང་རྣམ་པ་གང་འདྲ་ཞིག་སྤྱད་ནས་ཐའེ་ཝན་ལ་འཚམས་འདྲི་བྱས་ཀྱང་། དེར་ཀྲུང་གོས་མཐའ་གཅིག་ཏུ་རྒོལ་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    Reply
  3. ལྷག་པ་ཚེ་རིང་། says:
    ལོ་ 17 སྔོན།

    ད་ཐེངས་༧གོང་ས་མཆོག་ཐའེ་ཝན་ལ་གདན་ཞུ་གནང་བ་དེའི་ཐོག་ནས་བོད་རྒྱུད་ནང་བསྟན་གྱི་ཕན་རླབས་མཚོན་ཐུབ་ཀྱི་ཡོད།

    Reply
  4. ལྷ་སྲས་དར་མ།་ says:
    ལོ་ 17 སྔོན།

    གལ་སྲིད་རྒྱ་ཡིག་མཁྱེན་མཁས་འདྲ་ཡོད་ན།་རྒྱ་ནག་གི་དྲ་ཚིགས་གང་རུང་དུ་ཉུུལ་དང་འདིའི་སྐོར་རྒྱ་ནག་གིས་སྐྱོན་བརྗོད་མང་པོ་བྲིས་འདུག ཡིན་ནའང་། ཁོང་ཚོས་ཅི་ཞིག་བརྗོད་ན་བརྗོད། ང་ཚོའི་ལས་དོན་འགྲུབ་ན་དེ་ལས་ཅི།

    Reply
  5. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    ཡུམ་དུམ་པ་ ད་རྒྱ་ནག་གིས་འདུག་ཀ་ཞིག་མ་བཅུག་ནི་མ་རེད་ན།

    Reply
  6. སོག་ཤོད་ལྷག་བསམ། says:
    ལོ་ 17 སྔོན།

    སྤྱིར་ཏང་རྒྱ་ནག་གཞུང་གི་༧གོང་ས་མཆོག་་རྒྱལ་ཁབ་ག་འདྲ་ཞིག་དུ་ཕེབས་པ་ཡིན་ན་༧གོང་ས་མཆོག་ལ་མཚན་སྨད་ཞུ་བ་མ་ཚད་རྒྱལ་ཁབ་དེ་དཔོན་རིགས་ལ་ཉེན་བརྡ་བཏོངགསོལ་ཡོད་ན་ཡང་། དེ་རིང་་མ་ཡིང་ཅུའུ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བ་བྱ་རྒྱུ་དེ་རེད། ཅེས་དང་
    ཐའེ་ཝན་གྱི་དམངས་གཙོ་ཡར་སྐུལ་ཏང་གི་མི་ཁག་ཅིག་གིས་ཏཱ་ལའི་བླ་མ་ཟླ་འདིའི་ཟླ་མཇུག་ཏུ་ཐའེ་ཝན་དུ་ཡོང་ནས་འཚམས་འདྲི་བྱེད་པར་གདན་དྲངས་ཡོད་ཅིང་ ཅེས་ དམངས་གཙོ་ཚོགས་པའི་མགོ་ལ་གཞག་ནས་གོང་མའི་ཏང་ལ་གཡོར་ཐབ་བྱས་ཡོད་པ་རེད། དེ་ནི་གོང་མའི་ཏང་ལ་བརྟེན་ནས་ཐེའི་ཝན་རྒྱ་ནག་གི་དབང་དུ་སྡུ་ཐབས་བྱས་པ་རང་རེད།

    Reply
  7. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    འདིའི་སྐོར་གྱི་གནས་ཚུལ་ཡག་པོ་ཁ་གསལ་ཞིག་འདི་ན་ཡང་ཅིག་འདུག
    http://www.kanglam.com/joomla/bb3/viewtopic.php?f=11&t=57

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese