མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངུར་སྨྲིག་གྲྭ་བའི་སྡེ་མི་ཡོང་ན་གོས་དཀར་ལྕང་ལོའི་སྡེ་བྱོས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

དུག་ལོག་ལ་བལྟས་ན་གྲྭ་པ་ཡིན་པ་འདྲ་པོ། ཁྱིམ་མི་ཡོད་པར་བལྟས་ན་སྐྱ་བོ་ཡིན་པ་འདྲ་པོ། དེ་འདྲའི་སྐྱ་མིན་སེར་མིན་ཚོ་ཡག་པོ་མ་རེད། ཡང་ན་གཙང་མ་ཞིག་བྱས་ཏེ། སྔར་མཁན་སློབ་ཆོས་གསུམ་གདན་འཛོམ་པའི་སྐབས་ནས་གོས་དཀར་ལྕང་ལོའི་སྡེ་དང་། རབ་བྱུང་ངུར་སྨྲིག་གི་སྡེ། ཞེས་སྡེ་གཉིས་གསུངས་ཡོད། ནང་མི་བུ་ཕྲུག་ཡོད་ན་གོས་དཀར་ལྕང་ལོའི་སྡེ་བྱས་ནས་ཡག་ཤོས་རེད། གལ་སྲིད་རབ་བྱུང་ངུར་སྨྲིག་གི་སྡེ་བྱས་ནས་འདུག་འདོད་ན། སྒྲིག་ཁྲིམས་ཡག་པོ་སྲུང་དགོས་པ་རེད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

 

ཟླ་འདིའི་ཟླ་མགོ་ནས་༧གོང་ས་མཆོག་རྒྱ་གར་བྱང་ཤར་ལ་དྭགས་ཁུལ་དུ་མཛད་འཕྲིན་སྐྱོང་གིན་ཡོད་པ་དང་། ཕྱི་ལོ་༡༩༦༦ལོར་༧གོང་ས་མཆོག་ལ་དྭགས་སུ་ཆིབས་སྒྱུར་ཐོག་མ་བསྐྱངས་ཡོད་པ་དང་།  ཐེངས་འདི་ནི་ཆིབས་སྒྱུར་བསྐྱངས་ཐེངས་ ༡༦ པ་དེ་ཆགས་ཡོད་འདུག ཕྱི་ཚེས་ ༡༤ ཉིན་ལ་དྭགས་ནུབ་རྭར་ཆིབས་སྒྱུར་གྱིས་བྱིས་པ་ཉམ་ཐག་ཆེད་བཙུགས་པའི་འཇམ་དབྱངས་སློབ་གྲྭ་སྒོ་འབྱེད་གནང་ཡོད་ལ། སློབ་གྲྭ་དེ་ནི་༧གོང་ས་མཆོག་རོགས་དངུལ་ཐེབས་རྩའི་འོག་བཙུགས་པ་ཞིག་ཡིན་ཞིང་། སློབ་གྲྭའི་འཛིན་སྐྱོང་ལ་དྭགས་སླེ་རུ་ཡོད་པའི་ན་ལེནྡྲ་ནང་པའི་ཆོས་ཚོགས་ཀྱིས་གནང་རྒྱུ་ཡིན་འདུག སློབ་གྲྭ་སྒོ་འབྱེད་སྐབས་༧གོང་ས་མཆོག་གིས་དེ་གའི་ལས་བྱེད་རྣམ་པར་འདི་གའི་སློབ་ཕྲུག་ཚོར་བོད་པའི་ནང་ཆོས་དང་དེང་གི་ཚན་རིག་ཟུང་འབྲེལ་ཐོག་སློབ་སྦྱོང་སྤྲོད་གལ་ཆེ་སྐོར་གསུངས་ཡོད།

 

ཕྱི་ཚེས་ ༡༧ ཉིན་༧གོང་ས་མཆོག་ལ་དྭགས་རྒྱལ་ས་སླེ་ནས་ཐད་ཕུར་གནམ་གྲུ་བརྒྱུད་ཟངས་དཀར་དུ་ཞབས་སོར་བཀོད་སྐབས། ས་གནས་རྫོང་དཔོན་གཙོས་པའི་སེར་སྐྱ་མི་དམངས་ཀྱིས་ལ་དྭགས་ཀྱི་ཁྱད་ཆོས་ལྡན་པའི་གཟབ་མཆོར་སྤྲས་ཏེ་ཕེབས་གཟབ་རྒྱས་ཞུས་ཡོད། དེའི་རྗེས་ཆོས་ཞུ་བ་ཉིས་ཁྲི་ལྔ་སྟོང་ ༢༥༠༠༠ བརྒལ་བར་བཀའ་སློབ་ཕེབས་དོན། ཁྱེད་རང་ཚོ་རྒྱལ་བ་རིན་པོ་ཆེ་ལ་ཐུག་པ་དང་། ཆོས་ཉན་རྒྱུ་བྱུང་ན་ཡག་པོ་རེད་བསམ་ནས་ཡོང་ཡོད། ང་ལ་ཆ་བཞག་ན་ཁྱེད་རང་ཚོར་གདོང་བསྟན། ལག་པ་བཞག་ན་བྱིན་རླབས་ཐོབ་རྒྱུ་རེད་བསམ་ནས་ཡོང་མིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་པཎ་གྲུབ་བཅུ་བདུན་གྱིས་གཏན་ལ་ཕབ་པ། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་རྩ་རྒྱུད་བླ་མ་བཀའ་དྲིན་ཅན་རྣམས་ཀྱིས་ཆོས་ཞེས་པ་དེ་གང་འདྲ་ཡིན་པ་ང་ཚོར་ངོ་སྤྲོད་གནང༌བ་དེ་དག་མང་པོ་ཞིག་མི་ཤེས་ཀྱང་། ཕྲན་བུ་ཤེས་པ་དེ་ཁྱེད་རང་ཚོར་ངོ་སྤྲོད་དང་། ཁྱེད་རང་ཚོས་ཀྱང་གང་ཐུབ་ཀྱིས་ཉམས་ལེན་བྱས་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ངས་ནི་ཁྱེད་ལ་ཐར་པའི་ལམ་བསྟན་ཏེ། །ཐར་པ་རང་ལ་རག་ལས་ཤེས་པར་བགྱིས། །ཅེས་གསུངས་པ་ལྟར། ངས་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱ་རྒྱུ་དེ་ལས་འགན་རེད། གཙོ་བོ་ཁྱེད་རང་ཚོས་ཉམས་ལེན་བྱ་དགོས་པ་རེད། ཅེས་བཀའ་བསྩལ་ཡོད།

 

ཐེངས་འདིར་ྋགོང་ས་མཆོག་ནས་ཟངས་དཀར་ཁུལ་གྱི་མཛད་འཕྲིན་གྲུབ་རྗེས། རྒྱལ་ས་སླེ་ཁུལ་གྱི་ཁ་ཆེའི་མང་ཚོགས་ནས་གདན་ཞུ་གསོལ་འདེབས་ཞུས་པར་ལྟར། ཁུལ་དེའི་ཁ་ཆེའི་ལྷ་ཁང་དུ་ཆིབས་སྒྱུར་གྱིས་ཉིན་གུང་གསོལ་ཚིགས་བཞེས་ཡོད་ལ། སླེ་ལྕོག་ལམ་གྱི་མཚན་ཉིད་སློབ་གྲྭ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་ཡོད། ཕྱི་ཚེས་ ༢༢ ཉིན་ལ་དྭགས་སླེ་རུ་ཉིན་བཞིའི་རིང་གི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་དང་། གསུང་ཆོས་ཀྱི་ཐོག་མར་རྒྱལ་དབང་ལྔ་བ་ཆེན་པོས་མཛད་པའི་ལམ་རིམ་འཇམ་དཔལ་ཞལ་ལུང་དང་། མི་འཁྲུག་པའི་དབང་། དེ་བཞིན། ཉེ་ཆར་ཐའེ་ཝན་ནང་ཆུ་ལོག་གི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་སོང་བ་དང་། ནད་མནར། གྱོང་གུད་ཕོག་རིགས་བཅས་ལ་དད་ལྡན་ཆོས་ཞུ་བ་ཡོངས་དང་ལྷན་དུ་ཐུགས་སྨོན་དང་གསོལ་འདེབས་མཛད་ཡོད།

 

སྐབས་དེར་༧གོང་ས་མཆོག་གིས་སངས་རྒྱས་ཆོས་ཚོགས་མའི་གོ་དོན་སྙིང་བསྡུས་ངོ་སྤྲོད་གནང་དོན། སངས་རྒྱས་ཆོས་ཚོགས་མ་འདོན་རྒྱུ་འདི་ང་རང་ཚོས་བྱ་བ་གང་འདྲ་ཞིག་བྱས་པ་ཡིན་ཡང་། བྱ་བ་དེ་ཕན་པའི་རང་བཞིན་ཅན་ཞིག་ལ་འགྲོ་དང་། བཏང་སྙོམས་ཞིག་ལ་འགྲོ གནོད་པའི་རང་བཞིན་ཅན་དུ་འགྲོ་སོགས་ཀུན་སློང་ལ་ཐུག་ཡོད། ཀུན་སློང་བཟང་པོས་ཕན་སེམས་ཡག་པོ་ཞིག་སྐྱེད་པ་ཡིན་ན། དེའི་ཐོག་ནས་གཞན་ལ་ཤ་ཚ་དང་སེམས་ཁུར་བླངས་ཏེ། ཚིག་རྩུབ་བྱས་པ་ཡིན་ན་འདྲ། ཀུན་སློང་གི་རྩ་བར་ཕན་སེམས་ཤིག་ཡོད་སྟབས། དགེ་བའི་བྱ་བ་ཡིན། ཡང་གནོད་པའི་བསམ་པའི་ཐོག་ནས་ཕ་རོལ་པོར་མགོ་སྐོར་གཏོང་རྒྱུ་དང༌། ཕ་རོལ་ནས་རང་ཉིད་ལ་ཁེ་ཞིག་ཐོབ་རྒྱུར་དམིགས་ཏེ། འདྲ་ཆགས་པོ་བྱས་ཤིང་། སྐད་ཆ་སྙན་པོ་བཤད། ལག་རྟགས་སྣ་ཚོགས་སྤྲད། བསྟོད་བསྔགས་འདྲ་མིན་བྱས་ན། ལུས་ངག་གི་རྣམ་འགྱུར་འཇམ་པོ་ཡིན་ཡང་། ཀུན་སློང་གཞན་མགོ་བསྐོར་རྒྱུ་དེ་ཡིན་སྟབས། ལུས་ངག་གི་སྤྱོད་པ་དེ་དག་སྡིག་པའི་ལས་ཡིན་པ་རེད། དེ་འདྲའི་སྤྱོད་པ་དེ་འཚེ་བའི་རང་བཞིན་རེད། ཡང་ཕན་གནོད་ཀྱི་བསམ་པ་གང་ཡང་མེད་པ་བྱས་ཏེ། ལུང་མ་བསྟན་ངང་ནས་ཀུན་ལ་དགའ་བའི་རྣམ་འགྱུར་བསྟན་པ་དེ་དག་ནི་ལུང་མ་བསྟན་རང་ཡིན་པ་རེད། ཅེས་གསུངས་ཡོད། 

 

 ཕྱི་ཚེས་ ༢༥ ཉིན་ལ་དྭགས་སླེ་ཡི་ཉིན་བཞིའི་རིང་གི་གསུང་ཆོས་མཐའ་མའི་ཉིན། ༧གོང་ས་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་ཚོར་གངས་ཅན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐད་ལས་འགན་ཡོད་སྐོར་ནན་གྱིས་གསུངས་དོན། ང་ཚོ་བོད་པའི་ནམ་རྒྱུན་བསམ་བློ་གཏོང་སྟངས་དང་བསམ་བློ་འཁྱེར་ཕྱོགས་སྐོར་བཤད་ཀྱིན་ཡོད། ང་ཚོས་རེ་བ་བཟང་ས་ནས་རྒྱག་དགོས་རེད། ཡིན་ཡང་གྲ་སྒྲིག་སྡུག་ས་ནས་བྱ་དགོས། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ ༥༠ བརྒལ་འགྲོ་བཞིན་ཡོད། ཅེས་ང་ཚོས་རྟག་པར་བཤད་ཀྱིན་ཡོད། དེ་འདྲ་ཡིན་དུས་སངས་རྒྱས་ཆོས་ཀྱི་སྐོར་ལ་ཆ་བཞག་ན་ཡང་རེ་བ་བཟང་ནས་བརྒྱབས། སློབ་གཉེར་བྱ་རྒྱུར་མུ་མཐུད་ནས་ཤུགས་རྒྱག་རྒྱུ་དེ་གལ་ཆེན་པོ་རེད། ཡག་པོ་ཡོང་གི་རེད་བསམ་པའི་རེ་བ་བརྒྱག་དགོས་པ་རེད། ཡིན་ཡང་གྲ་སྒྲིག་སྡུག་ས་ནས་བྱ་དགོས། མ་བྱུང་སྔོན་འགོག་བྱ་རྒྱུ་དེ་གལ་ཆེན་པོ་རེད།

 

སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་གཙོ་བོ་དེ་རབ་བྱུང་གི་སྡེ་ཆགས་ཡོད། རབ་བྱུང་ཕོ་མོ་གང་ཡིན་ཡང་སྤུས་དག་པོ་བྱ་རྒྱུ་དེ་གལ་ཆེན་པོ་རེད། གྲྭ་པ་དང་ཨ་ནེ་བྱ་དགོས་པ་རེད། ཅེས་ཁྲལ་བསྐུལ་མཁན་སུ་གཅིག་ཀྱང་ཡོད་པ་མ་རེད། སོ་སོས་དང་དུ་བླངས་ནས་བྱས་པ་རེད། དང་དུ་བླངས་ནས་བྱས་ཕྱིན་ཆད་ལ་སྤུས་དག་པོ་བྱ་རྒྱུ་དེ་གལ་ཆེན་པོ་རེད། གྲངས་ཁ་མང་བས་ཕན་ཐོགས་མེད། སྐབས་རེར་སྐྱ་མིན་སེར་མིན། དུག་ལོག་ལ་བལྟས་ན་གྲྭ་པ་ཡིན་པ་འདྲ་པོ། ཁྱིམ་མི་ཡོད་པར་བལྟས་ན་སྐྱ་བོ་ཡིན་པ་འདྲ་པོ། དེ་འདྲའི་སྐྱ་མིན་སེར་མིན་ཚོ་ཡག་པོ་མ་རེད། ཡང་ན་གཙང་མ་ཞིག་བྱས་ཏེ། སྔར་མཁན་སློབ་ཆོས་གསུམ་གདན་འཛོམ་པའི་སྐབས་ནས་གོས་དཀར་ལྕང་ལོའི་སྡེ་དང་། རབ་བྱུང་ངིར་སྨྲིག་གི་སྡེ། ཞེས་སྡེ་གཉིས་གསུངས་ཡོད། ནང་མི་བུ་ཕྲུག་ཡོད་ན་གོས་དཀར་ལྕང་ལོའི་སྡེ་བྱས་ནས་ཡག་ཤོས་རེད། གལ་སྲིད་རབ་བྱུང་ངུར་སྨྲིག་གི་སྡེ་བྱས་ནས་འདུག་འདོད་ན། སྒྲིག་ཁྲིམས་ཡག་པོ་སྲུང་དགོས་པ་རེད།

 

དེར་བརྟེན། ཁྱེད་རང་ཚང་མས་བསམ་བློ་ཡག་པོ་གཏོང་དགོས་པ་རེད། དབུས་བླ་མ་ནས་བཟུང་མཇུག་གྲྭ་མང་ཡན་ཆད་ཚང་མས་གཟབ་གཟབ་བྱ་རྒྱུ་གལ་ཆེན་པོ་རེད། དེ་མིན་ཚོད་ཚོད་བྱས་ནས་ཕྱིན་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་སུ་འགྲོ་བཞིན་ཡོད་དམ། ཞབས་འདྲེན་ལ་འགྲོ་བཞིན་ཡོད་བཤད་ཁག་པོ་རེད། ཅེས་དང་། སངས་རྒྱས་པའི་ཆོས་པ་ཞིག་ཡིན་པའི་ངོས་ནས་སངས་རྒྱས་ཀྱི་ཆོས་དེ་ལ་ཞེན་ཆགས་བྱས་ན། བདག་གཞན་ཆགས་ཏེ་འཛིན་པ་ཟེར་བ་དེ་སླེབས་ཡོང་གི་རེད། བློ་གཟུ་བོར་གནས་པའི་ཐོག་ནས་དད་པ་ཐོབ་པ་ཞིག་བྱས་ཏེ། ཞེན་ཆགས་མེད་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་བཞིན་ས་དགེ་བཀའ་རྙིང༌། ཇོ་ནང༌། བོན་དང་བཅས་པ་སོ་སོར་ཆ་བཞག་ན་སོ་སོའི་དད་གུས་ཡོད་པ་བྱས། འཛིན་ཞེན་མེད་པ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་བསྩལ་ཡོད། དེའི་རྗེས་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད་གནང་བ་དང་བསྟུན་ཏེ། ལ་དྭགས་དད་ལྡན་མང་ཚོགས་ནས་ྋགོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།

(གོང་གི་པར་གཉིས་བོད་གཞུང་དྲ་རྒྱ་ལས་འདྲེན་བཀོད་བྱས།)

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༦ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༩ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 12

  1. རང་རྟོན། says:
    ལོ་ 17 སྔོན།

    སྐྱ་མིན་སེར་མིན་གྱི་རིགས་འདིས་བོད་ཀྱི་ནང་བསྟན་རིག་གནས་ལ་མཐོང་ཆུང་དང་ངུར་སྨིག་གི་སྡེ་ལ་མ་ཉེས་ཁ་གཡོག་མང་པོ་བྱེད་ཀྱི་འདུག
    དེ་ནི་གཙང་མ་ཞིག་བྱེད་རྒྒྱུ་ནི་དོན་དག་གལ་ཆེན་ཞིག་རེད།

    Reply
  2. jamayangdakpa says:
    ལོ་ 17 སྔོན།

    ཨ་མྱེ་ཧན་ལོག་གི་སྐད་ཆ་དེ་མདོ་དབུས་ཁམས་གསུམ་ག་རེའི་སྐད་རེད།བོད་གངས་ཅན་ན་མེད་པའི་སྐད་དེ་འདྲ་རྒྱག་ན་གོ་ཡི་མི་འདུག ངོ་མ་ཡིན་ཨ་མྱེས་ལགས།

    Reply
  3. ཨ་མྱེ says:
    ལོ་ 17 སྔོན།

    གསུང་དེ་ལག་ལྟར་ལ་འདེབས་དགོས།་་བོད་ཚོ་དང་ནང་པ་ཚོ།

    Reply
  4. ཨ་མྱེ says:
    ལོ་ 17 སྔོན།

    ཝ་ཡེ་jamayangdakpaགོ་མི་ཐུབ་འདི་འདྲ་ཞིག་སུ་ལ་སློང་བ་ཡིན།

    Reply
  5. ཨ་མྱེ says:
    ལོ་ 17 སྔོན།

    ཝ་ཡེ་གངས་བུ་ཁྱོད་ཨ་ནེའི་མཁན་པོ་ཚོ་ལ་ཞེ་འཁོན་རེ་ཡོད་དམ་ཤོད་དང་།ངཚོས་གྲོས་བསྡུར་བྱེད་དགོས་གཞན་ཁྱོད་ལ་རྒྱུ་མཚན་མི་འདུག

    Reply
  6. jamayangdakpa says:
    ལོ་ 17 སྔོན།

    གངས་རྣམ་དང་ཤེར་བུ་གཉིས་གདན་སའི་ནད་པ་དང་ཨ་ནེའི་མཁན་པོ་ཚོར་ཤིན་ཏུ་སྙིང་ན་གིན་ཡོད་པ་འདྲ།ཁོ་ཚོར་ཡང་ཁག་མེད་ཡཱ། གཅིག་ཤོས་མི་སྤྲང་པོ་ལ་ནད་རྒྱལ་པོ་ཕོག་པ་རེད་ལ་གཞན་དེར་ཚོགས་པའི་སྒྲིག་འཛུགས་དང་གདུལ་བྱའི་བསོད་ནམས་ཀྱི་ཆེད་དུ་བྱོན་དགོས་བྱུང་བ་རེད།

    Reply
  7. ཤར་སྐྱེས་གངས་བུ་ཁྱུང་རྒོད། says:
    ལོ་ 17 སྔོན།

    ངས་བལྟས་ན་དེ་བས་ཀྱང་གོད་ཅགས་ཆེ་བ་ཞིག་ནི་མཁན་པོ་ཟེར་ནས་བུད་མེད་ཁྲིད་མཁན་པོ་འདུག་འདི་ལ་དྲྭ་གྲོགས་ཚོས་ཐུགས་བསམ་རེ་གནོང་དང་།

    Reply
  8. གོང་དཀར་ངག་རྣམ། says:
    ལོ་ 17 སྔོན།

    སྡེ་ཆེན་པོ་དེ་གཉིས་གང་དུའང་མ་གཏོགས་པའི་མགོ་རིལ་གྱི་ཚོགས་པ་གང་མང་ཞིག་ཀྱང་ཡོད་པ་སྟེ། བསམ་སྤྱོད་ཀྱི་ཆ་གང་ལ་ཡང་འགྱུར་ལྡོག་མེད་པར་རང་དགར་གྲྭ་ཚང་དང་ཆོས་སྡེའི་ནང་སྐྱིལ་ཉལ་བྱས་ནས་སྡོད་མཁན་གྱི་རིགས་ཤིག་དང་། དྲག་རྒྱུ་མེད་པའི་གདན་སའི་ནད་པ་རྡ་སར་འཁྱམས་སྡོད་མཁན་དེ་ཚཽ་མ་རདེད་དམ།

    Reply
  9. བསེ་རུ། says:
    ལོ་ 17 སྔོན།

    ང་དག་ཡིག་དགེ་རྒན་ཡིན་མིན་ནི་དྲ་གྲོགས་སུ་ལའང་འགྲེལ་བརྗོད་བྱ་དགོས་དོན་མེད།
    ངས་རང་རང་གི་ས་ནས་འཕག་འཚག་རེ་རྒྱག་རྒྱུ་དེ་ངའི་ལས་འགན་དུ་བསམ་བཞིན་ཡོད།

    དྲ་གྲོགས་ཚོས་དག་ཡིག་ཐོག་ཐུགས་སྣང་ཆེར་བསྐྱེད་གནང་གིན་ཡོད་པ་དེ་དགའ་འོས་པའི་གནས་ཤིག་རེད། ངས་ཀྱང་ག་ལེར་དྲ་རྒྱའི་ཐོག་ཡིག་ནོར་ལ་ཇུས་གཏོགས་བྱ་རྒྱུ་དེ་ཉུང་དུ་གཏོང་གི་ཡིན།

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    དྲ་གྲོགས་སྒྲོལ་མ་ལགས། བསེ་རུ་ནི་བོད་རྒྱ་ཚིག་མཛོད་ཁས་མི་ལེན་མཁན་གྱི་དག་ཡིག་དགེ་རྒན་ཞིག་རེད།

    Reply
  11. སྒྲོལ་མ། says:
    ལོ་ 17 སྔོན།

    དྲ་གྲོགས་བསེ་རུ་ལགས། མིག་རྒྱ་བསྐྱེད་དང་། དག་ཡིག་གསར་བསྒྲིགས་ནང་དུ། གྱོང་གུད་དང་། བོད་རྒྱ་ཚིག་མཛོད་ཆེན་མོར། གྱོང་གུན་བྲིས་འདུག

    Reply
  12. བསེ་རུ། says:
    ལོ་ 17 སྔོན།

    ངས་མཐོང་བའི་ཡིག་ནོར།
    མ་དག་པ། དག་པ།
    རབ་བྱུང་ལུགས་ཀྱི་སྡེ། ཞེས་པ་རབ་བྱུང་ངུར་སྨྲིག་གི་སྡེ། ཞེས་ཡོངས་གྲགས་ཡིན།
    དེ་ནི་གསར་འགྱུར་འགོད་པའི་སྒྲ་ཕབ་བྱེད་སྐབས་ཀྱི་སྐྱོན་མིན་ནམ་སྙམ།
    ཉམས་ཐག ཉམ་ཐག
    གསུངས་ཆོས། གསུང་ཆོས།
    གྱོང་གུད། གྱོང་གུན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese