མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡན་ཅ་ཇིའི་གཏམ་བཤད།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

༢༠༠༩ ཟླ་ ༨ ཚེས་ ༦ ཉིན་ཇི་ནི་ཝར་རྒྱལ་སྤྱིའི་རྒྱ་བོད་མི་སྣ་མཉམ་འདུས་ཀྱི་ཚོགས་ཆེན་དུ་སྐུ་ཞབས་ཡན་ཅ་ཇིའི་གཏམ་བཤད་གནང་བ་དེ་ཕྱི་ཟླ་ ༨ པའི་ནང་གི་བོད་གཞུང་གི་ཤེས་བྱ་དུས་དེབ་སྟེང་དུ་བཀོད་པ་བཤུས་ཏེ་འདིར་སྤེལ་བ་ཡིན།

༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བཀའ་བློན་ཁྲི་པ་མཆོག སྐུ་སྐྱེས་མ་རྣམ་པ། སྐུ་ཞབས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། ང་རང་དེ་རིང་ནེའུ་ཡོག་ནས་ཇི་ནི་ཝར་ཡོང་ནས་འདིར་སྐད་ཆ་ཤོད་དགོས་པའི་རྒྱུ་མཚན་གསུམ་ཡོད། ༡༽ ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆེས་བླ་ན་མེད་པའི་སྙིང་སྟོབས་དང་། རླབས་ཆེན་གཟི་བྱིན། ༢༽ རྒྱ་རིགས་སྤུན་ཟླ་དང་ལྷན་དུ་བཙན་བྱོལ་གྱི་འཚོ་བའི་ཉམས་མྱོང་སྤེལ་རེས་ཀྱི་ཆེད། ༣༽ རྒྱ་བོད་མཐུན་སྒྲིལ་ཡོང་ཐབས་དང་། ཐུན་མོང་ཐོག་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་འཚོལ་ཆེད་དུ་འདིར་ཡོང་བ་ཡིན།

འདས་པའི་ལོ་ལྔ་བཅུའི་རིག་གི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གྲུབ་འབྲས་ཆེན་པོ་གསུམ། ༧གོང་ས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་ནས་མི་ལོ་ ༥༠ སོང་ཡང་རང་ཡུལ་དུ་ཕྱིར་ལོག་གནང་ཐུབ་མེད། གོང་ཉིད་ཕྱིར་ཕེབས་གནང་རྒྱུར་འགོག་རྐྱེན་བཟོ་མཁན་མའོ་ཙེ་ཏུང་དང། ཏིང་ཞའོ་ཕིང་སྐུ་གཤེགས་ཟིན་ཞིང། ཅང་ཙེ་མིན་ཡང་ལས་གནས་ལས་འཁྱུར་ཟིན་པ་རེད། ལོ་ ༥༠ ནང་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དང་། རྒྱ་ནག་གི་འགོ་ཁྲིད་ཀྱང་འཕོ་འགྱུར་ཆེན་པོ་ཕྱིན་ཡོད། ལོ་ ༥༠ བཙན་བྱོལ་གྱི་འཚོ་བའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་དཀྱེལ་ཆེའི་དགོངས་པ་དང་། འགྱུར་བ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་གྲུབ་འབྲས་ཆེན་པོ་གསུམ་ཐོབ་ཡོད།
༡༽ བོད་ཀྱི་སངས་རྒྱས་ཆོས་ལུགས་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ། ༢༽ བོད་མི་འབུམ་གཅིག་ལྷག་ཙམ་གྱི་བཙན་བྱོལ་སྤྱི་ཚོགས་ཆིག་སྒྲིལ་དུ་གནས་ཐུབ་པ་མ་ཟད། མང་གཙོའི་ལམ་ཆེན་དུ་བསྐྱོད་ཅིང། རྒྱ་བོད་མི་རིགས་དབར་མཐུན་སྒྲིལ་དང་། འབྲེལ་ལམ་གྱི་སྒོ་ཕྱེ་གནང་བ། ༣༽ རྒྱུན་ཆད་མེད་པར་འགྲོ་བ་མིའི་བཟང་པོའི་ཡོན་ཏན་དང་། ཆོས་ལུགས་ཁག་འཆམ་མཐུན་ཡོང་ཐབས་དར་སྤེལ་གནང་བ། འཚེ་མེད་ཞི་བའི་དགོངས་པ་ཁྱབ་སྤེལ་གནང་ནས་འཛམ་གླིང་ཞི་བདེའི་ཆེད་ཕུལ་དུ་བྱུང་ཞིང། རླབས་ཆེ་བའི་ལེགས་སྐྱེས་ཕུལ་ཡོད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་འཛམ་གླིང་ཀུན་ཏུ་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད།

འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་བཙན་བྱོལ་དུས་ཡུན་རིང་ཤོས།
འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཏུ་བཙན་བྱོལ་བ་ཆགས་དགོས་པའི་རྒྱུ་རྐྱེན་མང་པོ་ཡོད་ཅིང་། གསར་བརྗེ་དང་། སྲིད་འགྱུར་བྱུང་དབང་གིས་ག་དུས་ཡིན་རུང་བཙན་བྱོལ་བ་ཐོན་གྱི་ཡོད། ཕྱི་ལོ་ ༡༧༨༩ ལོར་ཕ་རན་སིའི་གསར་བརྗེ་ཆེན་པོའི་སྐབས་ཀྱི་བཙན་བྱོལ་བ་ནི་བཙན་བྱོལ་དུ་ལོ་ ༡༣ ལས་བསྡད་དགོས་བྱུང་མེད། ཝེག་ཀྲ་ཧོ་གོ་བཙན་བྱོལ་དུ་ལོ་ ༢༩ ལས་བཞུགས་དགོས་བྱུང་མེད་ཅིང། ཡ་ང་བའི་འཛམ་གླིང་ཞེས་པ་དེ་བཙན་བྱོལ་ནང་ལྗགས་རྩོམ་གནང་ཡོད། ཧྲན་ཆུལ་ཞེས་པའི་དེབ་ཀྱི་རྩོམ་པ་པོ་ཏན་ཏིང་བཙན་བྱོལ་དུ་ལོ་ ༣༧ བཞུགས་ཡོད། ཨི་ཊ་ལི་ཡི་སྤོ་རི་ནོ་ཡིས་ས་གཞི་ལྟི་གནས་ཞེས་པར་ངོ་རྒོལ་བྱས་རྐྱེན་གྱིས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང། ལོ་ ༥༣༡ གོང་དུ་ཁོང་ཉིད་དེ་རིང་ང་ཚོ་འཛོམས་སའི་གྲོང་ཁྱེར་ཇི་ནི་ཝར་ཕེབས་མྱོང་ཡོད། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་༧གོང་ས་ཏཱ་ལའི་བླ་མ་མཆོག་ཕུད། བཙན་བྱོལ་དུ་བཞུགས་རྒྱུན་རིང་བ་བྱུང་མེད། ཕྱི་ལོ་ ༡༩༨༩ ལོོར་ངོས་ནས་པེ་རི་སིར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐེངས་དང་པོར་མཇལ་སྐབས་ང་ནི་ཁོང་གི་སྙིང་སྟོབས་ཀྱིས་འདུལ་སོང།

རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཀྱི་སྐྱོན་གནད་གཉིས་མེད་པ་བཟོ་དགོས།
རྒྱ་ནག་ལ་ཇིང་ཧྲེ་ཧོང་གི་སྐབས་ནས་བཟུང་ཆབ་སྲིད་ལམ་ལུགས་ཐོག་སྐྱོན་གནད་གཉིས་ཡོད། གཅིག་ནི་སྲིད་དབང་སྒེར་གཅོད་དང། གཅིག་ཤོས་ནི་དབུས་གཞུང་གིས་གཅིག་བསྡུས་བྱེད་ཀྱི་ཡོད་པ་དེ་ཡིན། སྐྱོན་གནད་དེ་གཉིས་ཡོད་པ་ལ་བརྟེན་ནས་རྒྱ་ནག་ལ་ག་དུས་ཡིན་རུང་སྐྱོན་གནད་གཉིས་ལ་སྐོར་བ་རྒྱག་གི་ཡོད་པ་སྟེ། གཅིག་ནི་རྒྱལ་རབས་སྐོར་བ་རྒྱག་གི་ཡོད་པ་དང། གཅིག་ནི་འདུས་པ་དང་བྲལ་བ་སྐོར་བ་རྒྱག་གི་ཡོད། འདུས་པ་དང་བྲལ་བ་སྐོར་བ་རྒྱག་པ་ཟེར་བ་ནི་ཁ་བྲལ་དང་གཅིག་གྱུར་ཤོད་རེས་བྱེད་པ་དེ་ཡིན། དེང་སང་ཐེ་ཝན་མཚོ་འགག་གཉིས་སུ་ཡོད་པའི་སྲིད་གཞུང་ཡང་འདུས་པ་དང་བྲལ་བའི་ནང་གི་བྲལ་བའི་གནས་སྟངས་ཤིག་ཡིན། དེ་རིང་གི་གུང་བྲན་ཏང་གི་སྲིད་གཞུང་ནི་སྔར་གཞིན་རྒྱལ་པོའི་གཞུང་རེད། དེ་གཉིས་མེད་པ་བཟོ་རྒྱུའི་ཐབས་ལམ་ནི་མང་གཙོའི་ལམ་ལུགས་ལ་བརྟེན་ནས་རྒྱལ་པོའི་ལམ་ལུགས་མེད་པ་བཟོ་རྒྱུ་དང་། གནའ་འབྲེལ་ལམ་ལུགས་ལ་བརྟེན་ནས་འདུས་པ་དང་བྲལ་བ་མེད་པ་བཟོ་དགོས་རྒྱུ་དེ་ཡིན།

ཕུགས་ཀྱི་དམིགས་ཡུལ་དང་ཉེ་བའི་དམིགས་ཡུལ།
བོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཕུགས་དང་ད་ལྟའི་དམིགས་ཡུལ་གཉིས་ཡོད། བོད་ཀྱི་གནད་དོན་གྱི་ཕུགས་ཀྱི་དམིགས་ཡུལ་ནི་མནའ་འབྲེལ་ལམ་ལུགས་ཀྱི་འོག་ཏུ་ཆེས་མཐོའི་རང་སྐྱོང་ལག་བསྟར་བྱེད་རྒྱུ་རེད། ངའི་ངོས་འཛིན་ལ་ཉེ་བའི་དམིགས་ཡུལ་ནི་༸གོས་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མི་བཙན་བྱོལ་བ་ཡོངས་རྫོགས་རང་དབང་གི་ཐོག་ནས་བོད་དུ་ཕྱིར་ལོག་གནང་རྒྱུ་དེ་ཡིན་ཞིང། དཔེར་ན། གནས་སྐོར་དང་། ཡུལ་སྐོར་སྤྲོ་འཆམ། གཏན་སྡོད་བྱེད་རྒྱུ་ལྟ་བུ་ཡིན་པ་དང། དེ་ནི་དེང་སྐབས་ཐ་ཝན་གྱི་སྤུན་ཟླ་རྣམས་རྒྱ་ནག་སྐམ་ས་ཆེན་པོར་ཡུལ་སྐོར་སྤྲོ་འཆམ་དང་། གཏན་སྡོད་བྱེད་པར་འགྲོ་ན་འགྲིག་གི་ཡོད་པ་ནང་བཞིན་རེད། ཐེ་ཝན་དང་། བོད་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས་མནའ་འབྲེལ་ལམ་ལུགས་ལ་བརྟེན་རྒྱུ་དེ་རེད།

གནད་དོན་གཉིས་དབྱེ་འབྱེད་བྱེད་དགོས།
ངས་དེ་རུང་སྐད་ཆ་ཞིག་ཤོད་རྒྱུ་ཡོད་ནི། ༧གོང་ས་ཏཱ་ལའི་བླ་མ་མུ་མཐུད་བཙན་བྱོལ་ལ་བཞུགས་དགོས་བྱུང་ཚེ། བོད་ཀྱི་གནད་དོན་ཐག་གཅོད་ཡོང་མི་ཐུབ། ཆོས་ལུགས་དང། མི་རིགས་ཀྱིས་འགྲོ་བ་མིའི་རིགས་ཡོངས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ནང་རྩ་བ་བརྟན་ཚུགས་ཀྱི་ནུས་པ་ཡོད་ཅིང། བོད་ཀྱི་མདུད་པ་འགྲོལ་ཆེད་༧གོང་ས་ཏཱ་ལའི་བླ་མ་མཆོག་རང་ཉིད་ཀྱི་རྒྱལ་ཁབ་ཏུ་ལོག་ཐུབ་པ་དགོས། རྒྱ་ནག་གི་རྩ་ཁྲིམས་ནང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་ཀྱང་། དེ་ནི་མིང་ཙམ་ལས་དོན་དག་མེད་པ་ཞིག་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡོང་བར་དགོངས་ཏེ་ཁོང་གིས་བོད་རང་བཙན་རྩོད་ལེན་བྱེད་རྒྱུ་མིན་པ་ཡང་ཡང་གསུངས་གནང་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་ནག་ཏུ་ཕེབས་པ་ཡིན་ན། ཁོང་ནི་རྒྱ་བོད་མཐུན་སྒྲིལ་དང་། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་སྐུལ་འདེད་གནང་མཁན་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད།

རྒྱ་ནག་གི་རྩ་ཁྲིམས་ནང་། སྤྱི་དམངས་ལ་སྨྲ་བརྗོད་རང་དབང་དང་། དཔར་སྐྲུན་རང་དབང་། ཚོགས་པ་འཛུགས་པའི་རང་དབང་ཡོད་ཅེས་གསལ་བོར་གཏན་འབེབས་བྱས་ཡོད། འོང་ཀྱང་གཏན་འབེབས་དེ་དག་ལག་བསྟར་བྱས་མེད། རྩ་ཁྲིམས་ནང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱ་དགོས་ཞེས་གཏན་འབེབས་གསལ་བོ་བྱས་ཡོད་ཀྱང་། དེ་དག་ཀྱང་དངོས་སུ་ལག་བསྟར་བྱས་མེད། དེར་བརྟེན་བཙན་བྱོལ་བོད་མི་ཚོས་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་མ་འགལ་བའི་ཐོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་དགོས་འདུན་བཏོན་པ་དེ་ནི་ང་ཚོས་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་མ་འགལ་བར་མིང་དོན་མཚུངས་པའི་ཚོགས་པ་འཛུགས་པའི་རང་དབང་དགོས་འདུན་བཏོན་པ་དང་འདྲ། མ་འོངས་པའི་བོད་རང་སྐྱོང་ཇི་ལྟར་བྱེད་རྒྱུ་གནད་དོན་དེ་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་མི་ཐུབ། དེ་ནི་མ་འོངས་པའི་རྒྱ་ནག་གི་དམངས་གཙོའི་ལམ་ལུགས་གྲོས་མོལ་གནང་ནས་ཐག་གཅོད་བྱེད་མི་ཐུབ་པ་དང་འདྲ། ངས་འདིར་བཤད་འདོད་པ་ནི། མ་འོངས་པའི་བོད་རང་སྐྱོང་ཇི་ལྟར་བྱེད་རྒྱུ་གནད་དོན་དེ་ཏཱ་ལའི་བླ་མ་ཕྱིར་རྒྱ་ནག་ཏུ་ལོག་པའི་ཆ་རྐྱེན་དུ་བྱེད་མི་རུང། དེ་ནི་པེ་ཅིན་གྱིས་རྒྱ་ནག་མི་དམངས་ལ་དྲིལ་བསྒྲགས་བྱས་ནས་ཏཱ་ལའི་བླ་མ་འགོག་བྱེད་ཀྱི་རྐྱེན་དུ་བསྒྱུར་སྲིད།
   
དེ་རིང་གི་གནས་སྟངས་འོག་བོད་དོན་ཐག་གཅོད་བྱེད་པ་ལ་ངེས་པར་དུ་དོན་རྐྱེན་གཉིས་དབྱེ་བ་ཕྱེ་དགོས། གཅིག ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མི་ཕྱིར་བོད་དུ་ཕེབས་པའི་གནད་དོན། གཉིས། མ་འོངས་བོད་ཀྱི་རང་སྲིད་རང་སྐྱོང་དང་ལམ་ལུགས་ཀྱི་གནད་དོན། དང་པོ་ནི་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མིའི་ཐོབ་ཐང་ཡིན། གཉིས་པ་དེ་ནི་དམར་ཕྱོགས་ཚོགས་པ་དང་གྲོས་མོལ་ཐག་གཅོད་བྱེད་ཐུབ་པ་ཞིག་མིན། ང་ཚོ་སྐྱབས་བཅོལ་ལ་ཡོང་ནས་ལོ་ངོ་ ༢༠ འདས་ཟིན། དེ་ཡང་གནད་དོན་གཉིས་ཡིན། གཅིག་ནི་དྲུག་བཞིའི་དོན་རྐྱེན་དག་ཐེར་གནང་བའི་ཆ་རྐྱེན་འོག་སྐྱབས་བཅོལ་གྱི་གནས་སྟངས་མཇུག་སྒྲིལ་དགོས། གཉིས་པ་ནི་རྒྱ་ནག་ཏུ་དམངས་གཙོའི་ལམ་ལུགས་བསྐྲུན་རྒྱུ་དེ་ཡིན། དག་ཐེར་བཟོས་པ་ནི་རྒྱ་ནག་སྐམ་ས་ཆེན་མོའི་ས་གཞིའི་ཐོག་དྲུག་བཞིའི་དོན་རྐྱེན་ནི་དམར་གསོད་ཀྱི་དོན་རྐྱེན་ཞིག་ཡིན་པ་ངོས་ལེན་གནང་བ་རེད། གནད་དོན་གཉིས་པ་དེ་ཡང་དམར་ཤོག་ཚོགས་པ་ལྷན་དུ་གྲོས་མོལ་གནང་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་མིན། དེ་བས་ང་ཚོས་ཐུན་མོང་ཐོག་ནས་འབད་བརྩོན་གནང་ནས་རྒྱ་ནག་གི་སྲིད་དབང་གཅིག་བསྡུས་འདི་མཇུག་སྒྲིལ་བ་བྱ་དགོས།

གདན་དོན་ལྔ། བཙན་བྱོལ་བོད་མི་ཕ་ཡུལ་ལ་ལོག་པའི་གོམ་པ་དང་པོ།

དང་པོ། ཏཱ་ལའི་བླ་མ་ཕྱིར་རྒྱ་ནག་དང་རང་གི་ཕ་ཡུལ་བོད་དུ་ལོག་པ་ནི་བླ་མེད་ཀྱི་ཐོབ་ཐང་ཡིན། གཉིས་པ། ཏཱ་ལའི་བླ་མ་ཕྱིར་རྒྱ་ནག་ཏུ་ཕེབས་པའི་གནད་དོན་དང་རང་སྐྱོང་ཇི་ལྟར་གནང་ཕྱོགས་སྐོར་གྱི་གྲོས་མོལ་གྱི་གནད་དོན་གཉིས་སོ་སོར་དབྱེ་དགོས། གསུམ་པ། རང་སྐྱོང་ཇི་ལྟར་གནང་ཕྱོགས་སྐོར་གྱི་གནད་དོན་དང་མ་འོངས་བོད་ཀྱི་ལམ་ལུགས་གནད་དོན་ནི་གྲོས་མོལ་གནང་ནས་ཐག་གཅོད་བྱེད་མི་ཐུབ། པེ་ཅིན་དང་རང་སྐྱོང་ཇི་ལྟར་གནང་ཕྱོགས་སྐོར་གྱི་གྲོས་མོལ་ལ་ཕམ་ཁ་བྱུང་བ་དེ་པེ་ཅིན་ཕྱོགས་ནས་ཏཱ་ལའི་བླ་མ་ཕྱིར་རྒྱ་ནག་ཏུ་ཕེབས་པར་འགོག་རྐྱེན་བཟོས་བའི་རྒྱུ་མཚན་དུ་འགྲོ་བ་ཡིན། བཞི་བ། འབྱུང་འགྱུར་མུ་མཐུད་དེ་སྐུ་ཚབ་བམ་ཡང་ན་སྐུ་ཚབ་ཚོགས་པ་བཀོད་མངགས་གནང་ནས་གྲོས་མོལ་གནང་རྒྱུ་མེད། འདས་པའི་ལོ་ངོ་ལྔ་བཅུའི་ནང་པེ་ཅིན་གྱིས་ཏཱ་ལའི་བླ་མ་ཕྱིར་ཕེབས་པར་བཀག་འགོག་བྱེད་དགོས་དོན་རྩ་བ་ནས་མེད། གྲོས་མོལ་ཡང་ཡང་བྱེད་པའི་དོན་དངོས་ནི་༧གོང་ས་མཆོག་བོད་དུ་ལོག་པའི་དུས་ཚོད་ནར་འགྱངས་བྱེད་པ་རེད། ༧གོང་ས་མཆོག་གིས་རི་བོ་རྩེ་ལྔར་གནས་སྐོར་འགྲོ་འདོད་ཡོད་པའི་རེ་སྨོན་ཐེངས་མང་པོ་གནང་ཡོད། བོད་ཀྱི་རང་སྐྱོང་ཇི་ལྟར་གནང་ཕྱོགས་སྐོར་གྲོས་མོལ་མ་གནང་བའི་འོག་༧གོང་ས་མཆོག་རི་བོ་རྩེ་ལྔར་གནས་མཇལ་བྱེད་རྒྱུ་ནི་གྲོས་མོལ་གནང་དགོས་པའི་གནད་དོན་ཞིག་མིན། ལྔ་པ། ༧གོང་ས་མཆོག་རི་བོ་རྩེ་ལྔར་གནས་མཇལ་དང་གསུང་ཆོས་གནང་རྒྱུ་ནི་ངེས་པར་དུ་དུས་ཡུན་ཐུང་ངུའི་ནང་ལག་ལེན་བྱེད་དགོས།

    ༧གོང་ས་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་ཅིང་ཕྱིར་རང་ཡུལ་དུ་ཕེབས་པ་ནི་བཙན་བྱོལ་བོད་མི་རང་ཡུལ་དུ་ལོག་པའི་གོམ་པ་དང་པོ་ཡིན། འདི་ནི་བོད་རྒྱ་མཛའ་མཐུན་དང་རྒྱ་ནག་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང། སྲིད་ཚོགས་དང་རྒྱ་ནག་ཆབ་སྲིད་ལས་བརྒལ་པའི་དོན་ཆེན་ཞིག་ཡིན། དེ་རིང་ང་ཚོས་ཚོགས་འདུའི་སྙིང་སྟོབས་དེ་ཁྱབ་སྤེལ་བཏང་ནས། བོད་དང། རྒྱ་ནག དེ་བཞིན་འཛམ་གླིང་ལ་ཁྱབ་སྤེལ་བཏང་བ་བྱེད་དགོས།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༩ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༩ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 7

  1. སློབ་དཔོན་ says:
    ལོ་ 17 སྔོན།

    འདའ་ཚན་ཚེ་རིང་ལགས་་་་་་་་་བསམ་འཆར་འདི་ལ་ལི་ཐང་བཤད་སྒྲུབ་གི་ཡག་པོ་གསུང་འདུག་་་་་་་ཡིག་ནོར་ཅིག་ཡང་མེད་པ་སུའི་བྲིསའདུག་འབྲི་མཁན་མེད་པ་

    Reply
  2. བསེ་རུ། says:
    ལོ་ 17 སྔོན།

    བོད་རིགས་དཔའ་བོ་ཚོའི་ ཞེས་པ་
    བོད་རིགས་དཔའ་བོ་ཚོས་ ཞེས་བཅོས་དགོས་འདུག

    Reply
  3. བསེ་རུ། says:
    ལོ་ 17 སྔོན།

    ལི་ཐང་བཤད་སྒྲུབ་ལགས།
    དྲ་གྲོགས་མདའ་ཚན་ཚེ་རིང་ལགས་ཀྱིས་ཡིག་ནོར་མང་རྐྱེན་གྱིས་ཡིན་ནམ། དོན་ལ་གོ་བ་ཁྱོན་ནས་ལོན་མ་སོང་། ཞེས་གསུངས་འདུག་སྐབས།
    ངས་དུས་ཚོད་ཅུང་ཙམ་སྤྱད་དེ། དྲ་ཐོག་ནས་ཉིད་ཀྱི་མཆན་བུ་དེར་ཞུ་དག་ཚར་གཅིག་བཏང་སྟེ། སླར་བཀོད་ཡོད་ཅིང་། ནོར་འཁྲུལ་བྱུང་ཡོད་ན་ཉིད་ཀྱིས་བཅོས་རོགས།

    རྒྱ་རིགས་མཁས་དབང་དེས་གསུངས་པར་གནས་ལུགས་འདུག་་དངོས་གནས་ང་འཚོ་སྔར་བཞིན་མཁྲེགས་འཛིན་གྱི་བསམ་བློ་དོར་ཏེ་དོན་དམ་པའི་བསམ་བློ་བ་ཞིག་བྱེད་འདོད་ན་གཏམ་བཤད་འདི་ནི་འོས་འཚམ་གྱི་གཏམ་བཤད་ཅིག་རེད་་་རྒྱ་ནག་སྲིད་གཞུང་དང་གྲོས་མོལ་ལམ་ལུགས་ལ་འདོད་པ་ཡོད་མེད་ལ་མ་བལྟོས་པར་བཙན་བྱོལ་བོད་མིའི་གནས་བབ་ལ་བསམ་ན་ཉེ་སྔོན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཟེར་བའི་ཚོགས་པ་དེའི་ནང་ཝང་ལིང་ཞུང་ལ་་ངོ་རྒོལ་བྱས་པ་དེ་བོད་ནང་བོད་རིགས་དཔའ་བོ་ཚོའི་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བ་དང་ཡེ་ནས་མི་འདྲ་བ་་གནས་ལུགས་གང་ཞིག་གི་ཆེད་དུ་ཡིན་མིན་ཡང་དོགས་པ་ཡོད་པ་གསུང་མཁན་འདུག་་དེས་ན་ངའི་རེ་བ་རྒྱ་བོད་ཀྱི་བསམ་བློ་བ་སུ་ཞིག་གི་གཏམ་བཤད་ལ་མོས་མཐུན་མེད་ན་དགོས་ངེས་དྲི་བ་དང་རྩོམ་ཡིག་སྤེལ་བ་སོགས་བྱེད་ཐབས་སྣ་ཚོགས་ཞིག་ཡོད་པ་མཐོང་དགོས། དེ་ཡང་དོན་ལ་དཔྱད་པ་གཙོ་བོ་བཟུང་བ་ལས་ཕྱོགས་ཞེན་དང་ཚིག་ངན་མ་གསུང་ན་བཟང།

    Reply
  4. མདའ་ཚན་ཚེ་རིང་། says:
    ལོ་ 17 སྔོན།

    ལི་ཐང་བཤད་སྒྲུབ་ལགས། ཡིག་ནོར་མང་རྐྱེན་གྱིས་ཡིན་ནམ། དོན་ལ་གོ་བ་ཁྱོན་ནས་ལོན་མ་སོང་།

    Reply
  5. ལི་ཐང་བཤད་སྒྲུབ says:
    ལོ་ 17 སྔོན།

    རྒྱ་རིགས་མཁས་དབང་དེའི་གསུངས་པ་གནས་ལུགས་འདུག་་དངོས་གནས་ང་འཚོ་སྔར་བཞིན་འཁྲིག་འཛིན་གྱི་བསམ་བློ་དོར་ཏེ་དོན་དམ་པའི་བསམ་བློ་བ་ཞིག་བྱེད་འདོད་ན་གཏམ་བཤད་འདི་ནི་འོས་ཚམས་གྱི་གཏམ་བཤད་ཞིག་རེད་་་རྒྱ་ནག་སྲིད་གཞུང་དང་གྲོས་མོལ་ལམ་ལུགས་ལ་འདོད་པ་ཡོད་མེད་ལ་མ་ལྟོས་པ་བཙན་བྱོལ་བོད་མའི་གནས་བབ་ལ་བསམ་ན་ཉེར་སྔོན་བོད་ཀྱི་རྩམ་པ་པོའི་ཐུན་ཚོགས་ཟེར་བའི་ཚོགས་པ་དེའི་ནང་ལྦང་ལིང་ཞུང་ལ་་ངོ་རྒོར་བྱེད་པ་དེ་་་བོད་ནང་བོད་རིགས་དཔའ་བོ་་འཚོའི་རྒྱ་གཞུང་ལ་ངོ་རྒོར་སྐད་འབོད་གནང་བ་དང་ཡལ་ནས་མི་འདྲ་བ་་གནས་ལུགས་གང་ཞིག་གི་ཆད་དུ་ཡིན་མིན་ཡང་དོགས་པ་ཡོད་པ་གསུང་མཁན་འདུག་་དེས་ན་ངའི་རེ་བ་རྒྱ་བོད་ཀྱི་བསམ་བློ་བ་སུ་ཞིག་གི་གཏམ་བཤད་ལ་མོས་མཐུས་མེད་ན་དགོས་ངེས་དྲི་བ་དང་རྩམ་ཡིག་སྤེལ་བ་སོགས་བྱེད་ཐབས་སྣ་ཚོགས་ཞིག་ཡོད་པ་མཐོང་དགོས་་་་་དེ་ཡང་དོན་ལ་དཔྱད་པ་གཙོ་བོ་གཟུང་བ་ལས་ཕྱོགས་ཞིན་དང་ཚིགས་ངན་མ་གསུང་ན་བཟང།

    Reply
  6. བསེ་རུ། says:
    ལོ་ 17 སྔོན།

    ང་ཡིག་མ་གཏོགས་ཡིག་ཤད་དབར།།
    ཚེག་མེད་དེ་སོགས་ཞིབ་ཏུ་འབད།། ཅེས་གསུངས་པའི་ཚིག་དོན་ལའང་དགོངས་པ་བཞེས་དགོས་འདུག

    གཤམ་གྱི་ཚིག་གི་མཐའ་མར་རྗེས་འཇུག་ང་ཡིག་རེ་ཡོད་པ་ཤ་སྟག་ཡིན་ཅིང་།
    འོན་ཀྱང་རྗེས་འཇུག་ང་ཡིག་དང་ཤད་ཀྱི་བར་གྱི་ཚེག་ཡོངས་གྲགས་ལྟར་རྒྱག་དགོས་ཀྱང་། དེ་རིང་འདིར་དེ་ལྟར་མེད་དོན་ཅི་ཡིན་ནམ་སྙམ་པའི་དོགས་ཤར།

    འདི་ནི་དུས་བབ་ཚང་གི་བཞེད་པ་དམིགས་བསལ་ཞིག་གསར་བཏོད་གནང་བ་མིན་ནམ་སྙམ་པའི་དོགས་པ་ཡང་ཤར། འོན་ཀྱང་ང་ཡིག་ཚིག་མཐར་ཡོད་པའི་ཚིག་མི་ཉུང་བ་ཞིག་ལ་ཡོངས་གྲགས་ལྟར་བེད་སྤྱོད་བཏང་འདུག་སྟབས། དེ་བཞེད་པ་དམིགས་བསལ་བ་ཞིག་མིན་པར་རྟོགས།

    གོང་གི་གསར་འགྱུར་ནི་གཞུང་འབྲེལ་གསར་ཤོག་ཤེས་བྱ་དུས་དེབ་ནས་འདིར་དྲངས་པ་ཡིན་ཞེས་གསལ་བ་ལྟར། དུས་བབ་རྩོམ་སྒྲིག་པས་གསར་འགྱུར་འདི་བཞིན་ཇི་བཞིན་པར་སློག་བརྒྱབས་ཏེ་འདིར་བཀོད་ཡོད་ན། ནོར་འཁྲུལ་འདི་རྣམས་ནི་ཤེས་བྱ་རྩོམ་སྒྲིག་པ་སོགས་ལ་ཡོད་ཅིང་། དེ་ལྟར་མ་ཡིན་པར་དུས་བབ་རྩོམ་སྒྲིག་པས་དེར་བཅོས་སྒྲིག་གིས་འདིར་དྲངས་པ་ཞིག་ཡིན་ན། ནོར་འཁྲུལ་ཆུང་ཚགས་འདི་རིགས་དུས་བབ་རྩོམ་སྒྲིག་པ་སོགས་ཀྱིས་སྣང་མེད་དུ་ཤོར་བ་ཞིག་ཡིན།
    ང་ཚོའི་གཏམ་དཔེར།
    བླུན་པོ་འཕྱུགས་ན་མཐོ་གང་།། མཁས་པ་འཕྱུགས་ན་འདོམ་གང་།།ཞེས་པའི་དཔེ་ཟླར་འགྲོ་བས་དེ་དོན་ཡིད་འཇགས་ཡོད་པ་ཞུ།
    འདི་ནི་རང་ཉིད་མཁས་མདོག་སྟོན་པ་དང་། ཉེས་མེད་སྐྱོན་འཛུགས་བྱས་པ་ཞིག་མ་ཡིན་ཞིང་།
    རང་གི་སྐད་ཡིག་བཅངས་པའི་འདུ་ཤེས་ལྷད་མེད་ཅིག་ལས་བསམ་ཚུལ་འདི་དབང་མེད་དུ་ཐལ་བ་ཞིག་གོ།

    གཤམ་གྱི་ཚིག་རྣམས་ནི་གོང་གི་གསར་འགྱུར་ལས་ཇི་བཞིན་དྲངས་པ་ཡིན།
    མའོ་ཙེ་ཏུང་དང།
    ཏིང་ཞའོ་ཕིང་སྐུ་གཤེགས་ཟིན་ཞིང།
    མང་གཙོའི་ལམ་ཆེན་དུ་བསྐྱོད་ཅིང།
    འཛམ་གླིང་ཞི་བདེའི་ཆེད་ཕུལ་དུ་བྱུང་ཞིང།
    བཞུགས་དགོས་བྱུང་མེད་ཅིང།
    ཕེབས་དགོས་བྱུང་ཞིང།
    སྙིང་སྟོབས་ཀྱིས་འདུལ་སོང།
    སྲིད་དབང་སྒེར་གཅོད་དང།
    སྐོར་བ་རྒྱག་གི་ཡོད་པ་དང།
    དེ་ཡིན་ཞིང།
    ལྟ་བུ་ཡིན་པ་དང།
    ཆོས་ལུགས་དང།
    ནུས་པ་ཡོད་ཅིང།
    ཆ་རྐྱེན་དུ་བྱེད་མི་རུང།
    སྐུལ་འདེད་དང།
    བོད་དང།

    Reply
  7. གནས་ཚང་། says:
    ལོ་ 17 སྔོན།

    ༼དང་པོ། ཏཱ་ལའི་བླ་མ་ཕྱིར་རྒྱ་ནག་དང་རང་གི་ཕ་ཡུལ་བོད་དུ་ལོག་པ་ནི་བླ་མེད་ཀྱི་ཐོབ་ཐང་ཡིན། གཉིས་པ། ཏཱ་ལའི་བླ་མ་ཕྱིར་རྒྱ་ནག་ཏུ་ཕེབས་པའི་གནད་དོན་དང་རང་སྐྱོང་ཇི་ལྟར་གནང་ཕྱོགས་སྐོར་གྱི་གྲོས་མོལ་གྱི་གནད་དོན་གཉིས་སོ་སོར་དབྱེ་དགོས། གསུམ་པ། རང་སྐྱོང་ཇི་ལྟར་གནང་ཕྱོགས་སྐོར་གྱི་གནད་དོན་དང་མ་འོངས་བོད་ཀྱི་ལམ་ལུགས་གནད་དོན་ནི་གྲོས་མོལ་གནང་ནས་ཐག་གཅོད་བྱེད་མི་ཐུབ། པེ་ཅིན་དང་རང་སྐྱོང་ཇི་ལྟར་གནང་ཕྱོགས་སྐོར་གྱི་གྲོས་མོལ་ལ་ཕམ་ཁ་བྱུང་བ་དེ་པེ་ཅིན་ཕྱོགས་ནས་ཏཱ་ལའི་བླ་མ་ཕྱིར་རྒྱ་ནག་ཏུ་ཕེབས་པར་འགོག་རྐྱེན་བཟོས་བའི་རྒྱུ་མཚན་དུ་འགྲོ་བ་ཡིན། བཞི་བ། འབྱུང་འགྱུར་མུ་མཐུད་དེ་སྐུ་ཚབ་བམ་ཡང་ན་སྐུ་ཚབ་ཚོགས་པ་བཀོད་མངགས་གནང་ནས་གྲོས་མོལ་གནང་རྒྱུ་མེད། འདས་པའི་ལོ་ངོ་ལྔ་བཅུའི་ནང་པེ་ཅིན་གྱིས་ཏཱ་ལའི་བླ་མ་ཕྱིར་ཕེབས་པར་བཀག་འགོག་བྱེད་དགོས་དོན་རྩ་བ་ནས་མེད། ༽ གལ་སྲིད་ཡིག་ངོ་ཆོད་པ་ཙམ་མ་ཡིན་པར་བསམ་བློ་གཏོང་ཤེས་ཀྱི་ཡོད་ན། འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་སླེབས་པའི་དབང་དུ་བཏང་ནའང་འདི་ལས་མ་འདྲ་བ་ཞིག་ལབ་ཡ་ལྷག་ཡོད་པ་མ་རེད། ད་ཐེངས་ཡང་བཙན་བྱོལ་གྱི་ཡིག་ངོ་ཆོད་མཁན་ཚོ་གཡོ་འོག་ཏུ་ཚུད་འདུག མི་འདི་དག་གིས་ཟ་ཡ་གཅིག་པུ་མ་གཏོགས་བག་ལེབ་བཟོ་མཁན་ཞིག་གིས་ཀྱང་ཧ་གོ་ཐུབ་པ་ཞིག་གི་དོན་དག་མ་ཤེས་པ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese