མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་ཡོན་ཇིག་༧གོང་ས་མཆོག་ལ་མཇལ་རྒྱུ་མིན་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་ཏཱ་ལའི་བླ་མ་ནི་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བར་ཕེབས་ཀྱིན་ཡོད་སྟབས། ཆབ་སྲིད་གྱི་མཛད་འཕྲིན་ལས་འཕྲོས་པའི་མཇལ་འཕྲད་གོ་སྒྲིག་བྱས་མེད་ཟེར།

ཕྱི་ཚེས་ ༢༨ ཉིན་ཐའེ་ཝན་སྲིད་འཛིན་གྱི་ལས་ཁུངས་ནང་གོ་བརྡ་སྤྲད་པ་ལྟར་ན། ཐེངས་འདིར་༧གོང་ས་མཆོག་གླིང་ཕྲན་དེའི་ནང་ཕེབས་སྐབས་སྲིད་འཛིན་མ་ཡོན་ཇིག་མཇལ་འཕྲད་གནང་རྒྱུ་མིན་ཟེར། སྲིད་འཛིན་གྱི་མགྲིན་ཚབ་པ་ ཝང་ཡུ་ཁྲི་ ཡིས་བརྗོད་དོན། སྲིད་འཛིན་མ་ཡོན་ཇིག་ཐའེ་ཧྥུན་དྲག་རླུང་གི་གནོད་འཚེ་ཕོག་མཁན་ཚོའི་མྱ་ངན་དྲན་གསོའི་མཛད་སྒོར་ཕེབས་པའི་ཉིན་མོ་ནི་ཕྱི་ཚེས་ ༧ ཉིན་ཡིན་ལ། ཉིན་དེ་ནི་ཏཱ་ལའི་བླ་མ་ཐའེ་ཝན་ནས་ཕྱིར་ཕེབས་ཚར་བའི་རྗེས་སུ་རེད། ང་ཚོའི་དྲན་ཚུལ་ལ། ཏཱ་ལའི་བླ་མ་འདིར་ཕེབས་པ་ནི་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བར་ཕེབས་པ་ཡིན་སྟབས། ང་ཚོས་སྲིད་འཛིན་མཆོག་དང་༧གོང་ས་ཏཱ་ལའི་བླ་མ་གཉིས་ཀྱི་བར་མཇལ་འཕྲད་ཀྱི་མཛད་རིམ་གོ་སྒྲིག་བྱ་གི་མིན་ཅེས་བརྗོད་ཡོད་པ་རེད།

ཡིན་ཡང་། ཐའི་ཝན་གྱི་སྲིད་འཛིན་ཟུར་པ་ལིས་ཏིན་ཧུའེ་ནི་ཐེངས་འདིར་ཏཱ་ལའི་བླ་མར་མཇལ་སྲིད་པ་རེད་ཅེས་ཐའེ་ཝན་གྱི་གདུང་སེམས་མཉམ་སྐྱེད་མཐུན་ཚོགས་ཀྱི་འགན་འཛིན་ཧང་ཁུན་ཧུའེ་ཡིས་བརྗོད་ཡོད་པ་རེད། ད་ལྟའི་ཆར་ཁོང་གཉིས་ཀྱི་བར་མཇལ་འཕྲད་ཀྱི་མཛད་རིམ་གོ་སྒྲིག་བྱས་མེད་ནའང་། ཏཱ་ལའི་བླ་མ་མཆོག་ཐེངས་དང་པོར་ཐའེ་ཝན་ལ་ཕེབས་པ་ནས་བཟུང་ཁོང་རྣམ་གཉིས་ཀྱི་བར་གྲོགས་འབྲེལ་དམ་པོ་ཞིག་ཡོད་པ་རེད། དེ་བས་སྲིད་འཛིན་ཟུར་པ་ཁོང་གིས་རང་གི་གྲོགས་པོ་རྙིང་བར་མཛལ་འདོད་ཡོད་པ་རེད། ཡིན་ཡང་མཇལ་ཐུབ་མིན་ནི་ཏཱ་ལའི་བླ་མ་མཆོག་འདིར་ཕེབས་རྗེས་ཀྱི་མཛད་འཕྲིན་ལ་རག་ལས་པ་རེད་ཅེས་བརྗོད་འདུག

ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གཞུང་གི་ཐའེ་ཝན་གཞུང་ལས་ཁང་གི་མགྲིན་ཚབ་པས་བརྗོད་དོན། ཏཱ་ལའི་ནི་ཆོས་ཕྱོགས་ཀྱི་མི་སྣ་ཁོ་ན་ཞིག་མིན་པར། ཁོས་ཆོས་ཀྱི་དར་ཆ་ཕྱར་ནས་སྔོན་ནས་ད་བར་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་འགུལ་སྤེལ་བཞིན་ཡོད་ལ། ཏཱ་ལའི་ཡིས་མིང་དང་རྣམ་པ་གང་འདྲ་ཞིག་སྤྱད་ནས་ཐའེ་ཝན་ལ་འཚམས་འདྲི་བྱས་ཀྱང་། དེར་ཀྲུང་གོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་འདི་ག་གསར་ཁང་ལ་བརྗོད་དོན། ཐེངས་འདིར་ཐའེ་ཝན་གྱི་གནད་ཡོད་མི་སྣ་དང་ཚོགས་མི་མང་པོས་༧གོང་ས་མཆོག་གདན་ཞུ་གནང་སྟེ་ཉེ་ཆར་ཐའེ་ཝན་དུ་དྲག་རླུང་གི་གནོད་འཚེའི་འོག་འདས་གྲོངས་སུ་ཕྱིན་པ་དེ་དག་གི་ནང་མི་ལ་ཐུག་འཕྲད་ཀྱིས་སེམས་གསོ་དང་གསོལ་འདེབས་སྨོན་ལམ་བྱ་ཆེད་ཡིན་སྟབས། ༧གོང་ས་མཆོག་གིས་ཀྱང་ཐའེ་ཝན་ནང་ཆིབས་བསྒྱུར་གནང་རྒྱུ་གཏན་འཁེལ་ཡོད་པ་དང་ཉིན་གྲངས་བཞིའི་རིང་གནོད་འཚེ་ཐེབས་ཡུལ་གྱི་ས་ཁུལ་ཁག་ཏུ་ཆིབས་བསྒྱུར་གནང་རྒྱུ་རེད། ཡིན་ཡང། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཐེངས་འདིའི་ཆིབས་བསྒྱུར་ཁོ་ན་མ་ཡིན་པར་ཁོང་གི་ཆིབས་བསྒྱུར་ཐད་ནམ་རྒྱུན་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་རེད། རྒྱ་གཞུང་གིས་དེ་ལྟར་བྱེད་དགོས་དོན་གཙོ་བོ།  ༧གོང་ས་མཆོག་གིས་རྒྱལ་ཁབ་གང་དུ་ཆོས་དང་རིག་གཞུང་གང་གི་ཕྱོགས་ནས་མཛད་འཕྲིིན་བསྐྱང་ཡང་བོད་ཀྱི་གནད་དོན་དེ་རང་ཤུགས་ཀྱི་གླེང་སློང་བྱ་ཡུལ་ཞིག་དང་འཛམ་གླིང་མི་མང་གི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་སྟབས། རྒྱ་ནག་གཞུང་ལ་ངོ་ཚ་ཞིག་རང་བཞིན་གྱིས་ཡོང་གི་ཡོད་སྟབས། ཁོང་ཁྲོ་དང་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད། ཐའེ་ཝན་དེ་དམངས་གཙོའི་རྒྱལ་ཁབ་ཅིག་རེད། ཐའེ་ཝན་གྱི་གཞུང་འཛིན་པ་གང་འདྲ་ཞིག་ཡིན་ནའང་མི་མང་གིས་འདེམས་ཐོན་བྱེད་ཀྱིན་ཡོད་པ་ཡིན་སྟབས། ཐེངས་འདིའི་ཐའེ་ཝན་མི་མང་གི་འདོད་པ་དང་༧གོང་ས་མཆོག་ལ་དད་པ་ཡིད་ཆེས་ཡོད་པ་དེར།  སྲིད་འཛིན་མཱ་ཡོན་ཇིག་གིས་་མི་མང་གི་རེེ་འདོད་དང་མི་མང་གིས་༧གོང་ས་མཆོག་ལ་བཅངས་བའི་རེ་བ་དང་ཡིད་ཆེས་ལ་རྒྱབ་སྐྱོར་དང་གུས་བརྩི་བྱས་ཏེ་གདན་ཞུ་གནང་བ་རེད། ཅེས་བརྗོད་བྱུང།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ པེ་ཇེ་ཁུ་རོ་ལི་ ཡིས་བརྗོད་དོན། ཏཱ་ལའི་བླ་མ་མཆོག་གི་གཟིགས་སྐོར་དེ་ལ་རྐྱེན་བྱས་ནས་མངའ་ཁུལ་དེའི་འབྲེལ་བའི་གནས་སྟངས་ཛ་དྲག་གི་ཕྱོགས་སུ་འཕེནལ་དུ་མ་འཇུག ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་སྟེང་ནམ་རྒྱུན་འགྲུལ་བསྐྱོད་གནང་མཁན་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་དག་ཅིག་ཡིན་ཅེས་བརྗོད་ཡོད།

ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ཚེས་ ༢༨ ཉིན་བརྗོད་དོན། ཏཱ་ལའི་བླ་མ་མཆོག་ཐེངས་འདིར་ཐོངས་མཆན་ཡིག་ཆ་དང་འགྲུལ་སྐྱོད་ཕྱག་འཁྱེར་སོགས་ཅི་ཡང་མི་དགོས་པར། དམིགས་བསལ་གྱི་གོ་སྒྲིག་འོག་ནས་ཚུར་ཕེབས་ཀྱིན་ཡོད་ལ། དེ་ལ་བརྟེན་ནས་ཁོང་ཐའེ་ཝན་ནང་དུ་འཛུལ་སྐབས་ཁོང་གི་གནས་བབ་ལས་འཕྲོས་པའི་དཀའ་རྙོག་གི་གླེང་གཞི་རིགས་མེད་པ་བཟོས་ཡོད་ཟེར།

ཐེངས་འདིར་༧གོང་ས་མཆོག་དང་ལྷན་དུ་བཙན་བྱོལ་བོད་གཞུང་གི་མི་སྣ་ ༨  ཕེབས་ཀྱིན་ཡོད་ལ། དེ་དག་གི་ཁྲོད་ནས་མི་སྣ་ ༦ ནི་གོང་གསལ་དམིགས་བསལ་གྱི་གོ་སྒྲིག་འོག་ནས་ཕེབས་ཀྱིན་ཡོད་ལ། གཞན་པ་གཉིས་ནི་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་དང་ཨ་རིའི་ཐོངས་མཆན་ལག་འཁྱེར་གྱི་ཐོག་ནས་ཕེབས་ཀྱིན་ཡོད་འདུག

ཕྱི་ཚེས་ ༢༨ ཉིན་སྐུ་སྒེར་ཡིག་ཚང་གི་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་རྔ་བ་ཚེ་རྒྱམ་ལགས་ཀྱིས་ཐའེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ལ་བཤད་དོན། ༧གོང་ས་མཆོག་གིས་ཐའེ་ཝན་ལྷོ་ཁུལ་གྱི་དྲག་རླུང་གནོད་འཚེ་ཕོག་མཁན་ཚོར་ཐུགས་གསོ་རེ་བྱེད་ཐུབ་པའི་ཐུགས་རེ་གནང་གི་འདུག་ལ། ཁོང་ད་ཐེངས་ཕེབས་པ་དེ་ནི་ནང་བའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་གི་ཐུགས་འགན་གྱི་སྟེང་ནས་ཕེབས་ཀྱིན་ཡོད་ཅེས་བཤད་འདུག

སྲིད་དོན་དབྱེ་ཞིབ་པ་ལྟར་ན། ཏཱ་ལའི་བླ་མ་ཐའེ་ཝན་དུ་ཕེབས་པ་དེས་པེ་ཅིན་གྱི་སྙིང་རླུང་འཕར་ཏུ་བཅུག་ཡོད་པ་རེད། ཡིན་ཡང་། པེ་ཅིན་གྱིས་ཀྱང་ད་ཆར་གླིང་ཕྲན་འདི་མཉམ་དུ་འབྲེལ་བ་ལྷོད་པོ་ཞིག་བྱུང་ཡོད་པ་དེར་གཏན་འཇགས་ཀྱི་གཏོར་སྐྱོན་མི་ཐེབས་པ་ཞིག་གི་ཐོག་འབད་གི་རེད་ཟེར།

ཕྱོགས་གཞན་ནས་བཤད་ན། ཐེངས་འདིར་ཏཱ་ལའི་བླ་མ་མགྲོན་འབོད་གནང་མཁན་ནི་དམངས་གཙོ་ཡར་རྒྱས་ཚོགས་པ་ཡིན་པ་ལས། ད་ལྟའི་གཞུང་འཛིན་གོ་མིན་ཏང་ཚོགས་པ་མིན་ལ། འདིའི་ཐད་ནས་ཀྱང་པེ་ཅིན་གྱིས་ད་སྐབས་སྐྱོན་བརྗོད་ཀྱི་ཀློང་ན་འུ་ཐུག་བསྡད་པའི་མ་ཡོན་ཇིག་གི་སྒང་ལ་ཞེ་དྲག་ངར་གི་མ་རེད་ཟེར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 10

  1. sher says:
    ལོ་ 17 སྔོན།

    ཁྱོད་བདེན་པ་རེད་
    ཡིན་ན་ཡང་ཐེ་ཝཎ་གྱི་གོང་ས་མཆོག་གདན་འདྲེན་ཞུ་དོན་ནི་སྲིད་དོན་པའི་རྐུབ་སྟེགས་ལ་ཐུག་ཡོད་པ་ནི་ང་ཚོ་འདོད་རུང་མ་འདོད་རུང་ཁས་ལེན་མི་བྱེད་ཐབས་མེད་རེད་དྲན་གྱི་འདུག

    Reply
  2. ཨ་མྱེ says:
    ལོ་ 17 སྔོན།

    གང་ལྟར་གེགས་མེད་དུ་ཁོང་ཕེབས་ཐུབ་ཙམ་གྱིས་འགྲིག་སོང་།

    Reply
  3. sothang5A says:
    ལོ་ 17 སྔོན།

    fºï-¶m-¤P-G®ô-hôm-GZï¼-zºÛ-zŤ-hôm-ºIâz-
    q-ÁôG

    Reply
  4. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    བློ་བདེ་བོ་བྱོས་གུས་པས་མཚམས་རེར་མ་གཟབ་པའི་སྐྱོན་ལས་ཡིག་སྐྱོན་མི་ཤོར་བའི་གདེང་ཚོད་ཡོད།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    གཡོ་དང་སྒྱུ་མས་གོས ད་ལྟའི་བོད་མིའི

    Reply
  6. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ཅང་ཅེ་ཧྲིས་སུང་ཀྲུང་ཧྲན་གྱི་དགོངས་པ་རྩ་རྫོགས་བྱས། མ་ཡིན་ཅོའུ་ཡིས་ཅང་ཅེ་ཧྲི་ཡི་ལྟ་བ་རྩ་བརྗེད་ཁུར། ཅིག་བྱས་ན་དུས་རབས་ཀྱི་དགོས་མཁོ་ཡིན་སྲིད་རྒྱུ་རེད་མོད། གུས་པས་གཞིག་ན་མྭ་རྒྱ་རྒན་ཁོ་ཆབ་སྲིད་ཀྱི་གཡོ་ཇུས་ལ་བྱང་བ་ཞིག་ཏུ་འདོད། ཁོའི་རྩ་བའི་དམིགས་ཡུལ་དེ་རྒྱང་ཐག་ཤིན་དུ་རིང་པའི་ཐེ་བན་མི་དམངས་ཀྱི་མ་འོངས་བའི་ཆེད་དུ་ཡིན་ན་ངོ་སོ་སྟོད། ང་ཚོ་བོད་པ་ལ་འདི་འདྲ་ཞིག་དགོས་ངེས་ཅན་རེད། གཡོ་དང་སྒྱུ་བའི་གོས་པའི་ས་ཆེན་འདིར་བདེན་པ་བཤད་ས་ཕར་ལྟས་ན་ཡོད་པ་འདྲ་མོད། དོན་ངོ་མ་གསལ་བོ་རེད་ད། ངས་རེ་སྒུག་ནི་ནམ་ཞིག་ང་ཚོས་མཚོན་ཆ་འཛིན་པའི་ཉི་མ་དེ་ཡིན། ཡིན་ནའང་ད་ལྟའི་བོད་མའི་ལྟ་བ་དང་བསམ་བློ་བཞིན་ཉི་ནག་དེ་མི་འཆར་བའི་སྨོན་ལམ་ཡང་འདེབས་ཀྱིན་ཡོད་ད།

    Reply
  7. ནད་པ says:
    ལོ་ 17 སྔོན།

    སྲིད་འཛིན་མ་ཡིང་ཅའུ་ད་རེས་འུ་ཐུག་ཐབས་ཟད་ཀྱི་སྒོ་ནས་ཁས་མ་ལེན་ཀ་མེད་ཆགས་པ་རེད། ཡིན་ནའང་ངའི་བསམ་པར་གནད་དོན་དེ་རྒྱ་ནག་པེ་ཅིན་དང་ལྷན་དུ་ནང་མོལ་ཟུར་དུ་ཞུས་མིན་འགྲོ་བསམ་ཡོད།

    བོད་པའི་གཏམ་དཔེ་ཞིག་ལ་འདི་ལྟར་རྟ་ལ་ཡང་བ་དང་སྒ་ལ་བཟོ་བ་ཞེས་པའི་ཐབས་ཤེས་ཤིག་བེད་སྤྱད་དགོས་བྱུང་བ་ནི་ཤུགས་ལས་རྟོགས་ཐུབ།

    འོན་བཏང་༡༩༥༩ ནས་བཤུང་ད་བརང་ཚོ་བོད་པ་ཚང་རྟག་པར་ག་དུས་ཡིན་ནའང་རྐྱེན་ངན་ཞིག་མི་འདོད་བཞིན་དུ་བྱུང་བཞིན་ཡོད་ཀྱང་རྐྱེན་ངན་དེ་དག་གྲོགས་སུ་ཤར་ནས་ལམ་ལྷོང་དུ་བྱུང་བཞིན་ཡོད་པ་འདི་ཡང་ངེད་ཅག་བོད་པ་ཚང་གི་གཏམ་བཤང་ཞིག་ཡིན

    Reply
  8. གནས་ཚང་། says:
    ལོ་ 17 སྔོན།

    ༼ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ཚེས་ ༢༨ ཉིན་བརྗོད་དོན། ཏཱ་ལའི་བླ་མ་མཆོག་ཐེངས་འདིར་ཐོངས་མཆན་ཡིག་ཆ་དང་འགྲུལ་སྐྱོད་ཕྱག་འཁྱེར་སོགས་ཅི་ཡང་མི་དགོས་པར། དམིགས་བསལ་གྱི་གོ་སྒྲིག་འོག་ནས་ཚུར་ཕེབས་ཀྱིན་ཡོད་ལ། དེ་ལ་བརྟེན་ནས་ཁོང་ཐའེ་ཝན་ནང་དུ་འུལ་སྐབས་ཁོང་གི་གནས་བབ་ལས་འཕྲོས་པའི་དཀའ་རྙོག་གི་གླེང་གཞི་རིགས་མེད་པ་བཟོས་ཡོད་ཟེར།༽ འདིའི་དོན་ག་རེ་སྟོན་གྱི་ཡོད་པ་རེད་དམ།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ནོར་འགའ་ཐེབས་འདུག་པས་དགོངས་དག་ཞུ།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    པེ་ཅིན་སྲིད་གཞུང་གི་མི་སྣ་འདི་ཚོས་ནམ་རྒྱུན་༸གོང་ས་མཆོག་གར་འགྲོ་དང་ཅི་གནང་ལ་མིག་བཅར་ནས་བསྡད་ཡོད་པ་རེད། དངོས་ནས་ཚོགས་མ་བསགས་པ་རང་རེད། རྒྱ་མི་འདི་གོང་ཁྲན་ཏང་ལ་འདྲའི་དགའ་ཞེན་དང་ཡིད་བྱེད་དོན་ཅི་ཞིག་ཡིན་ནམ། དེང་སང་ཏེ་ཝན་འནང་ཕྱོགས་གཉིས་ཆགས་ཡོད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese