མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

གཞོན་ལྷན་གྱིས་བོད་རང་བཙན་གྱི་ཕན་ནས། བཙན་བྱོལ་བོད་མིའི་ཤེས་ཡོན་ལས་གཞིའི་ཐད་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་གནང་རྒྱུ་ཡིན་ཟེར།

ཕྱི་ཚེས་ ༢༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པ་དེ་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་འཚོགས་ཡོད་པ་དང་། དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཡན་ལག་ཁག་ ༤༠ ཡི་འཐུས་ཚབ་ ༡༠༠  ལྷག་འདུ་འཛོམས་ཐོག་ཉིན་བཞིའི་རིང་བགྲོ་གླེང་གོ་བསྡུར་གནང་མཐར་ཕྱི་ཚེས་ ༢༨ ཉིན་ཚོགས་འདུ་མཇུག་སྒྲིལ་ཡོད་པ་རེད། འདི་གའི་གསར་འགོད་པས་ཁ་པར་བརྒྱུད་རྒྱ་གར་ལྷོ་ཕྱོགས་སུ་གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ་་བཀའ་འདྲི་ཞུས་པར་ཁོང་གིས། གཙོ་བོ་ད་ལྟའི་བར་གྱི་བོད་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་དང་འབྲེལ་བའི་ཐོག་རང་བཙན་ཁུངས་སྐྱེལ་གྱི་ཡིག་ཆ་ཕྱོགས་སྒྲིག་དང་ལྷན་དུ་ས་གནས་གཞོན་ནུའི་ཡན་ལག་ཁག་ནས་ས་གནས་ས་ཐོག་ནས་རང་བཙན་དང་འབྲེལ་བའི་ལས་འགུལ་དང་གོ་རྟོགས་སྤེལ་རྒྱུ། ༧གོང་ས་མཆོག་གི་སྐུའི་བདེ་ཐང་ཉེན་སྲུང་དང་།  པན་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་ཆབ་སྲིད་བཙོན་པ་ཚོ་གློད་གྲོལ་ཐད་ལས་འགུལ་སྤེལ་རྒྱུ་བཅས་ཡིན། འདི་ལོ་སྔོན་མ་དང་མི་འདྲ་བའི་དམིགས་བསལ་གྲོས་ཆོད་ནི། ལོ་སྔོན་མར་གཞིས་ལུས་མི་མང་གིས་ལས་འགུལ་སྤེལ་བའི་ཁྲོད་རྒྱ་གཞུང་གིས་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་བཏང་བ་དེ་དག་གི་གནས་སྟངས་རྒྱལ་སྤྱིའི་སྟེང་དྲིལ་བསྒྲགས་བྱ་རྒྱུ་ཡིན་ལ། ༧གོང་ས་མཆོག་གིས་ལོ་སྔོན་མར་གསུངས་པ་བཞིན། བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་དང་གཞིས་ཆགས་ཉམས་གསོ་སོགས་ཀྱི་ཐད་ས་གནས་ཡན་ལག་ཁག་གིས་གོ་སྒྲིག་བྱས་ཏེ་རང་གི་སྐད་ཡིག་གཙོས་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་ཐད་རང་རྐྱ་ཐུབ་པ་ཞིག་ཡོང་ཐབས་དང་། རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་ཆེད་ས་གནས་སོ་སོ་ནས་ཟུར་དུ་སློབ་ཁྲིད་བྱ་འཆར་ཡོད།  ཅེས་བརྗོད་བྱུང། ཐེངས་འདིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད་ཁག་གཞིར་བྱས་ཏེ།  རྒྱ་གཞུང་གིས་ད་ལྟའི་དུས་སྐབས་འདིར་ཡང་བོད་ནང་གི་བོད་མི་ཚོར་ཉེས་མེད་ཀྱི་ཁྲིམས་ཆད་དང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པའི་ཐད་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་དྲག་སྤྱོད་པ་ཡིན་ཚུལ་སོགས་ཀྱི་འཁྱོག་བཤད་འདྲ་མིན་སྤེལ་བ་སོགས་ཀྱི་ཐད་བྱེད་ཐབས་འདྲ་མིན་གྱིས་བརྡ་ལན་སྤྲོད་རྒྱུ་ཡིན་པ་མ་ཟད། གཞིས་བྱེས་གཉིས་སུ་གྱར་བའི་བོད་མི་ཚོས་མ་འོངས་བདེན་དོན་དང་འབྲེལ་བའི་ལས་འགུལ་གང་མང་སྤེལ་རྒྱུའི་ཐད་བགྲོ་གླེང་གོ་བསྡུར་དང་གྲོས་གཞི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

ཆུ་ཚོད་ ༨ སྔོན་ལ།
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

ཆུ་ཚོད་ ༨ སྔོན་ལ།
པད་མ་ཚེ་བརྟན་ལགས་བྱང་ཨ་རིར་གློག་བརྙན་དབུག
ས་ལྒང་གི་ཆེས་ཐོག་མའི་གཟིགས་འབུལ་ཞུ་ཆེད།
ཅི་ཀ་ཀོར་ཕེབས་པའི་སྐབས། (༢༠༡༩)
པར་དབང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཆོག་མཆན་ཞུས་པའི་ཐོག་ནས་པར་འདྲེན་བཀོད་བྱས།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢

མཆན། 8

  1. ལ་སྟོད་བློ་བཟང་ says:
    ལོ་ 14 སྔོན།

    »bà67Û;86;Û78;8768»bWÈà;W¤ÈW

    Reply
  2. དཔལ་ལྡན་རྒྱལ། says:
    ལོ་ 14 སྔོན།

    གཞོན་ལྷན་གྱི་ངོས་ནས་བཀའ་བློན་ཁྲི་པ་ཞིག་འོས་མིག་བསྟོན་ཐུབ་པའི་རེ་བ་ཆེན་པོ་ཡོད།

    Reply
  3. མ་དྲིས་བཤད ། says:
    ལོ་ 14 སྔོན།

    བོད་ཀྱི་གཞོན་ནུ་ཚོགས་པས་ལས་འགུལ་ཆུང་ཆུང་མི་སྒྲུབ། སྒྲུབ་ཡང་ཁེ་ཕན་མེད།
    ལས་འགུལ་ཆེན་པོའི་འགོ་རྩོམ་རྒྱུ་དེ་དཔལ་འབྱོར་འདུ་འགོད་ཀྱི་ཐབས་ཤེས་ཉག་ཅིག་རེད །

    Reply
  4. ལྷོ་མཐའི་ཕུག་རོན། says:
    ལོ་ 14 སྔོན།

    ཁ་བཤད་ཆུ་ཡི་ཝུ་བ།།
    ལག་ལེན་གསེར་གྱི་ཐིག་པ།
    ཞེས་པའི་དཔེ་རུ་མི་འགྲོ་བར་ཧ་ཅང་རེ་བ་ཡོད། དེང་སང་གཞོན་ནུ་ཚོགས་པས་གཉིད་སྨད་འཐུང་ཡོད་ས་རེད་མ་གཏོགས་གོ་རྒྱུ་གྲགས་རྒྱུ་མི་འདུག་མོད། མི་དམངས་སྒེར་ལངས་བྱས་ནས་བཟུང་། ཚོགས་གཙོ་རིག་འཛིན་ལགས། གཞིས་ཆགས་སུ་འགྲོ་ཚར་འདུག་པེ། ཨོ་དེ་འདྲ་ཡིན་རྒྱུ་རེད།

    Reply
  5. འབྲོང་བུ། says:
    ལོ་ 14 སྔོན།

    རང་ཉིད་ལ་རང་ཉིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོད་ཅིང་དེའི་དོན་དུ་འབད་པ་བྱེད་བཞིན་པ་ནི་ཤིན་ཏུ་དགའ་དགོས་པའི་དོན་དག་ཅིག་ལགས།་་་རེད་ཡ།་་་ཁྱེད་ཅག་གི་གྲོས་ཆོད་བཞིན་་་རིགས་གཅིག་རྐང་འཛིན་གྱི་གཞོན་སྐྱེས་བསྐྱེད་བསྲིངས་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཡིན།་་རིགས་གཅིག་རྐང་འཛིན་དེ་ཡང་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་ཐད་ཡོད་པ་གང་ཞིག་ལ།་་་་་གཞོན་ནུའི་ལངས་ཕྱོགས་དང་ལྟ་བ་བརྟན་པོ་ཡོད་མཁན་ཞིག་བྱུང་ན་གཞོན་ནུའི་སྒྲིགའཛུགས་འདི་ཇེ་བརྟན་དང་ཇེ་ལེགས་སུ་འགྲོ་བར་ངེས།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    དོན་ལ་གནས་དང་མི་གནས་མི་དམངས་ལས་འགུལ་ཆེན་པོ་དང་ན་ནང་གི་ཕ་ཡུལ་ལ་ཕྱིར་ལོག་སོགས་ཀྱི་བཀོད་སྒྲིག་ལ་གཞིག་ན་གསལ་བོ་རེད། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་ཚོ་ལ་སྙིང་རྗེ།

    Reply
  7. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    ཤོག་དཀར་སྟེང་གི་གྲོས་ཆོད་རྫིགས་པོ་འཇོག་རྒྱུ་ཙམ་མིན་པར་ཁ་བཤད་ལག་ལེན་དུ་ཡོང་བར་ཤོག། ཡིག་ཐོག་གི་གྲོས་ཆོད་ཙམ་ཡིན་ན་དོན་སྙིང་སྤུ་ཙམ་ཡང་མེད།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    གཞོན་ནུ་ཚོགས་པས་རང་གི་འགན་འཁྲི་དང་དུ་བླངས་དེ་དངོས་ཤུགས་བརྒྱུད་གསུམ་ནས་ལས་འགུལ་རབ་དང་རིམ་པ་སྤེལ་རྒྱུ་དེ་ནི་ཁ་ལས་དོན་ལ་གནས་དགོས་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist