མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་ཤུགས་སྤར་མཁན་ཞིག་ཀྱང་མི་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp
ངས་ལས་གཞི་མགོ་བཙུགས་ནས་ད་བར་ལོ་གཉིས་ལྷག་འགྲོ་བཞིན་ཡོད་ནའང་གཞུང་ངོས་ནས་ང་ལ་རོགས་རམ་གང་ཡང་མ་གནང་བ་མ་ཟད། སེམས་ཤུགས་སྤར་མཁན་ཞིག་ཀྱང་མི་འདུག འོན་ཀྱང་ལས་གཞི་འདི་བརྩམས་པར་བརྟེན་ནས་བོད་རིགས་ལས་མེད་ཁག་ཅིག་ལ་ལས་ཀ་སྤྲོད་ཐུབ་པ་དེ་ངའི་ཁེ་བཟང་ཡིན་ལ་དམིགས་འདུན་ཡང་ཡིན་ཟེར།
        འདི་ལོའི་མཉམ་འབྲེལ་ལོ་འཁོར་ཚོགས་ཆེན་དེ་ཟླ་འདིའི་ཕྱི་ཚེས་ ༡ ནས་ ༣ བར་ཧོང་སུར་རབ་རྒྱས་གླིང་དུ་འཚོགས་སོང་ལ། ཉིན་དེར་ང་ཡང་གསར་འགྱུར་བསྡུ་ལེན་ཆེད་བསྐྱོད་པ་མ་ཟད། ཞོར་དུ་ཧོང་སུར་རབ་རྒྱས་གླིང་ནས་བཟོ་སྐྲུན་བྱེད་བཞིན་པའི་གངས་ལྗོངས་ཨིམ་ལི་ཞེས་པའི་བཟོ་གྲྭའི་གནས་སྟངས་ལ་རྒྱུས་ལོན་བྱེད་པར་བསྐྱོད་པ་ཡིན། གངས་ལྗོངས་ཨིམ་ལི་ཞེས་པ་ནི་ང་རང་སྦེལ་ཀོབ་གཞིས་ཆགས་སུ་འབྱོར་བ་ནས་ཤེས་རྟོགས་བྱུང་ལ། ལྷོ་ཕྱོགས་འདིའི་ཉེ་འཁོར་གྱི་གཞིས་ཆགས་ཁག་ནས་བོད་མི་རང་གིས་བཟོ་སྐྲུན་བྱེད་བཞིན་པའི་ཐོན་རྫས་གཟིམ་སྤོས་དང་ཐུག་པ། ཁ་ཚ་སོགས་རིགས་འགའ་ཤས་ཡོད་ལ། གངས་ལྗོངས་ཨིམ་ལི་ཀྱང་དེ་དག་གི་ཁྲོད་ཀྱི་གཅིག་ཡིན་པ་མ་ཟད། བུད་མེད་དང་བྱིས་པས་འདི་ལ་དམིགས་བསལ་གྱིས་དགའ་བོ་བྱེད་ཀྱིན་ཡོད།
        ཉིན་དེར་ང་གངས་ལྗོངས་ཨིམ་ལི་བཟོ་གྲྭར་འབྱོར། བསམ་ཡུལ་ལས་འདས་པ་ཞིག་ལ་ངས་སེམས་ངོར་རྟོག་བཟོ་བྱས་པའི་གངས་ལྗོངས་ཨིམ་ལི་བཟོ་གྲྭ་དང་། དངོས་སུ་མིག་གིས་མཐོང་བའི་བཟོ་གྲྭ་འདི་གཉིས་བརྗིད་ཉམས་ཆེ་ཆུང་གི་ཆ་ནས་གནམ་ས་ལྟ་བུའི་ཁྱད་པར་ཤོར་འདུག དེ་ནི་གངས་ལྗོངས་ཨིམ་ལི་བཟོ་གྲྭ་ནས་ཐོན་པའི་ཨིམ་ལི་རིགས་ནི་ལྷོ་ཕྱོགས་སུ་ཅུང་ཙམ་རྒྱུགས་ཆེ་བའི་ཐོན་རྫས་རིགས་ཤིག་ཡིན་སྟབས། ངས་བསམ་པར་ཐོན་རྫས་འདི་བཟོ་སྐྲུན་བྱེད་སའི་བཟོ་གྲྭ་ཡང་དེའི་ཚོད་ཀྱིས་རྒྱ་ཆེ་བ་དང་ལས་མི་མང་བོ་འཛོམས་ས་ཞིག་ཡིན་ངེས་སྙམ་ཡོད་ཀྱང་། དོན་དངོས་ཐོག་འདི་ནས་བཟོ་བཞིན་པའི་ཐོན་རྫས་བཟང་བ་ལས་བཟོ་གྲྭའི་ཁང་བ་ནི་མཉམ་འབྲེལ་གྱིས་གཡར་བའི་ཁང་བ་ཅུང་རྙིང་ཞིང་སྟེང་ཐོག་ཏུ་རྫ་མ་དམར་བོ་བཀབ་པ་ཞིག་རེད་ལ། གངས་ལྗོངས་ཞེས་པའི་སྒོ་བྱང་ཆེན་པོ་དེའི་ཕན་ནས་ཕྱི་ལོག་ནས་བལྟས་ན་བཟོ་གྲྭ་ཞིག་གི་ཉམས་གང་ཡང་མི་འདུག འོན་ཀྱང་ནང་དུ་ཕྱིན་སྐབས་བུད་མེད་དང་བྱིས་པའི་དགའ་མོས་བྱེད་བཞིན་པའི་གངས་ལྗོངས་ཨིམ་ལིའི་རིགས་བཟོ་བཞིན་འདུག་ལ། སྣང་ཚུལ་དེ་མཐོང་སྐབས་ཐོན་རྫས་ཀྱི་ཆེ་ཆུང་ལ་མ་ལྟོས་པར་བོད་མི་རང་གིས་བཟོ་བཞིན་པ་དེས་བདག་ལ་འགོག་མེད་ཀྱི་སྤོབས་པ་ཞིག་ཀྱང་བསྩལ་བྱུང་།
གངས་ལྗོངས་བཟོ་གྲྭ་ནི་སྤྱིར་བཏང་བའི་འབངས་མི་དཀྱུས་མི་ཞིག་གིས་རང་གི་རྣམ་དཔྱོད་དང་འབད་བརྩོན་ཁོ་ནར་བརྟེན་ནས་བཙུགས་པ་ཞིག་རེད་ལ། ཁོང་གི་མཚན་ལ་འཇིགས་མེད་རྣམ་རྒྱལ་ཟེར། ཁོང་སྐྱེས་ས་སྦེལ་ཀོབ་གཞིས་ཆགས་ནས་ཡིན་ཞིང་དེ་གའི་དབུས་ཉིན་སློབ་ཏུ་འཛིན་རིམ་བརྒྱད་པ་བར་སློབ་སྦྱོང་བྱས་ཡོད་འདུག
        ཁོང་གིས་བཟོ་གྲྭ་འདི་ངོ་སྤྲོད་གནང་དོན། ཧོང་སུར་རབ་རྒྱས་གླིང་དུ་ཨིམ་ལི་སམ་སྐྱུར་མོའི་རིགས་འདིའི་ཐོན་ཁུངས་ཡག་པོ་ཡོད་སྟབས། ངས་དེ་བེད་སྤྱད་དེ་བྱིས་པ་ཚོས་དགའ་མོས་བྱེད་པའི་རྔན་པའི་རིགས་ཤིག་བཟོ་ཐུབ་ན་ཡག་པོ་ཡོང་ས་རེད་དྲན་སོང་ལ། བོད་པའི་སྤྱི་ཚོགས་ནང་ཕྲུ་གུ་ཚོས་སྐྱུར་མོའི་རིགས་ལ་དགའ་བོ་བྱེད་པ་ངས་ཤེས་ཀྱིན་ཡོད་སྟབས། དང་ཐོག་ང་དང་སྐྱེས་དམན་གཉིས་ཀྱིས་ནང་དུ་ཨིམ་ལི་བཅུ་བཅོ་ལྔ་རེ་བཟོས་ཏེ་བཙོང་གི་ཡོད་ལ། དེ་ལ་ཚོང་ཡག་པོ་ཡོད་སྟབས། ལོ་གཉིས་ཙམ་གྱི་གོང་ནས་མཉམ་འབྲེལ་ལ་ཞུས་ཏེ་ཁང་པ་ཆུང་ཆུང་ཞིག་གཡར་བྱུང་ལ། འདིར་ང་ཚོའི་གྲོང་སྡེའི་ནང་བོད་རིགས་ལས་མེད་དེ་འདྲ་གཅིག་གཉིས་ཤིག་ལས་ཀར་ཉར་བ་ཡིན། དེ་ནས་མགོ་བརྩམས་ཏེ་གངས་ལྗོངས་ཨིམ་ལི་དང་གངས་ལྗོངས་དམིགས་བསལ་ཨིམ་ལི། གངས་ལྗོངས་ཁ་ཚ་ཆེ་ཆུང་གཉིས་དང་གངས་ལྗོངས་ཐུར་མ་ཨིམ་ལི། གངས་ལྗོངས་ཨིམ་ལི་རིལ་རིལ་སོགས་རིགས་མི་འདྲ་བ་བཅུ་ཙམ་ཞིག་བཟོ་བསྐྲུན་བྱེད་ཀྱིན་ཡོད་ལ། ཉེ་འཁོར་གྱི་གཞིས་ཆགས་ཁག་གི་ནང་བོད་མི་རང་གིས་བཟོས་པ་རྣམས་ཡག་པོ་འདུག་ལབ་ནས་འདི་ནས་སྡེབ་ཉོ་བྱེད་ཀྱིན་འདུག གང་ལྟར་ཡང་འདི་ནི་ང་རང་ཉིད་ཡིན་ནའང་ཁེ་བཟང་ཕྲན་བུ་ཡོད་པ་དང་བོད་རིགས་ལས་མེད་དག་ལའང་ལས་ཀ་ཡོད་པ་ལྟ་བུ་ཞིག་རེད་ཅེས་རང་ཉིད་ཀྱིས་གཉེར་བཞིན་པའི་ལས་ཀའི་སྐོར་ལ་སྤོབས་སེམས་ཀྱིས་འགྲེལ་བརྗོད་གནང་སོང་།
        ཡིན་ནའང་། ཁོང་གིས་ང་ལ་ཅུང་བློ་ཕམ་གྱིས་གསུངས་དོན། ངས་ལས་གཞི་འདི་ལྟ་བུ་ཞིག་མགོ་བརྩམས་ཏེ་ད་བར་ལོ་གཉིས་ཕྱིན་རིང་བོད་གཞུང་གི་ངོས་ནས་རྒྱབ་སྐྱོར་བྱེད་པ་དང་། དེང་སྐབས་གང་འདྲ་ཆགས་འདུག་ཅེས་སྐད་ཆ་འདྲི་མཁན་ཞིག་ཀྱང་མི་འདུག དངོས་གནས་བྱས་ན་བོད་མིའི་སྤྱི་ཚོགས་ནང་ལག་ཤེས་དང་རྔན་པ་བཟོ་གྲྭ་ཆུང་ཆུང་ལྟ་བུ་བཙུགས་ན་ཡག་པོ་ཡོད་པ་རེད་བསམ་གྱིན་འདུག་ལ། ༧གོང་ས་མཆོག་གིས་ཀྱང་བོད་ཀྱི་གཞིས་ཆགས་ཁག་ཏུ་ཐོན་ཁུངས་ཡོད་བསྡད་པ་དེ་ཚོ་བེད་སྤྱོད་གཏོང་དགོས་ཀྱི་འདུག་ཅེས་གསུངས་ཡོད་པ་རེད། ཡིན་ནའང་། དེ་ལྟར་བྱེད་པར་གཞུང་གི་ངོས་ནས་རོགས་རམ་ཅུང་ཙམ་དགོས་ཀྱི་རེད་བསམ་གྱི་འདུག
དཔེར་ན་རྒྱ་གར་གཞུང་ལྟ་བུར་མཚོན་ན་བཟོ་གྲྭ་ཆུང་ཆུང་རེ་བཙུགས་ཏེ་ཡུལ་མི་ཚོར་ལས་ཀ་སྤྲོད་པ་ལྟ་བུ་བྱས་ན། གཞུང་ངོས་ནས་དེ་ལ་རོགས་རམ་གང་ཐུབ་བྱེད་ཀྱིན་ཡོད་པ་རེད། སྤྱིར་རྒྱ་གར་རང་བཙན་གཞུང་དང་ང་ཚོའི་བཙན་བྱོལ་གཞུང་གཉིས་བསྡུར་ཐབས་མེད་ཀྱང་། དཔེ་ལེན་རྒྱུ་ནི་གལ་ཆེན་པོ་རེད་ཟེར།
ཡང་ཁོང་ལ་འདི་ལྟར་གངས་ལྗོངས་ཨིམ་ལི་བཟོ་སྐྲུན་བྱས་ཏེ་ལོ་རེར་དེའི་སྟེང་ནས་ཁེ་བཟང་གང་འདྲ་ཞིག་ལོན་གྱིན་འདུག་ཅེས་སྐད་ཆ་དྲིས་སྐབས་ཁོང་གིས། དངུལ་གྱི་ཐད་ནས་ལོ་རེར་ཧིན་སྒོར་ཁྲི་ལྔ་དྲུག་ཅིག་ལས་ཡོང་གི་ཡོད་པ་མ་རེད། ཡིན་ནའང་། ངས་ཁེ་བཟང་དངོས་གནས་དེ་བོད་རིགས་ལས་མེད་བཅུ་བཞི་ཙམ་ལ་འདིར་ལས་ཀ་རག་པ་དེ་ཡིན་བསམ་གྱི་འདུག དེ་ནི་ང་ཚོ་ཐུན་མོང་གི་ཁེ་བཟང་དེ་རེད། གལ་སྲིད་ངས་དེ་ཁེ་བཟང་ལ་མ་བརྩིས་པར་དངུལ་རྐྱང་པར་མགོ་འཐོམ་པ་ཡིན་ན། བྷེའི་ཧར་མངའ་སྡེའི་ནང་སོང་ནས་རྒྱ་གར་ཡུལ་མི་མང་བོ་ལས་གཡོག་ཏུ་ཁྲིད་ཡོང་ཆོག་གི་རེད་ལ། ཁོང་ཚོར་ཉིན་མཚན་གཉིས་ཀར་ལས་ཀར་བཀོལ་ཆོག་པ་མ་ཟད། གླ་ཆ་ཡང་དེ་ཙམ་མཐོན་པོ་སྤྲོད་དགོས་ཀྱི་མ་རེད། དེར་བརྟེན་ངས་བོད་རིགས་ལས་མེད་དེ་འདྲར་ལས་ཀ་སྤྲོད་རྒྱུ་དེ་གལ་ཆེན་པོར་ཚོར་གྱི་འདུག་ཅེས་གསུངས་སོང་།
        ལས་ཀ་བྱེད་མཁན་དེ་དག་ལ་ཞོགས་པའི་ཆུ་ཚོད་ ༩ ནས་ཕྱི་དྲོའི་ཆུ་ཚོད་ ༤ དང་སྐར་མ་ ༣༠ བར་ཉིན་རེར་ཧིན་སྒོར་ ༥༠ རེ་དང་ཁ་ཚ་བཟོ་མཁན་དག་ལ་ཉིན་ཕྱེད་ལ་ཧིན་སྒོར་ ༦༥ ། ཡང་ལས་ཀ་མང་བ་བྱེད་མཁན་ལ་ཧིན་སྒོར་ ༧༠ བཅས་སྤྲོད་ཀྱི་ཡོད་འདུག
        མཇུག་མཐར་ཁོང་གིས་འབྱུང་འགྱུར་གྱི་ལས་འཆར་སྐོར་ལ་གསུངས་དོན། ད་ལྟ་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་དང་ཧོང་སུར་མ་གཏོགས། མོན་གྷོ་འདོད་རྒུ་གླིང་དང་ཀོ་ལི་གྷལ་གཉིས་སུ་གངས་ལྗོངས་ཨིམ་ལི་དེ་ཙམ་གྱིས་མང་བོ་གཏོང་ཐུབ་ཀྱི་ཡོད་པ་མ་རེད། གལ་སྲིད་ང་ལ་གཞུང་གིས་རོགས་རམ་ཅུང་ཙམ་ཐོབ་ཏེ་འདི་ལས་ལྷག་པའི་ལས་གཞི་རྒྱ་ཆེ་རུ་གཏོང་ཐུབ་པ་དང་ལས་མི་མང་བོ་བསྡུ་ཐུབ་པ་ཡིན་ན། ལྷོ་གཞིས་ལྔའི་ནང་དགྲམ་ཐུབ་རྒྱུ་མ་ཟད། བོད་རིགས་ལས་མེད་མང་བོ་ཞིག་ལ་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག་ཅེས་གསུངས་སོང་།
        ཡིན་ནའང་། ཁོང་གིས་ད་བར་བཟོ་གྲྭ་འདིའི་དོན་དུ་བཙན་བྱོལ་བོད་གཞུང་ལ་རོགས་རམ་གང་ཡང་ཞུ་མྱོང་མི་འདུག་ལ། དེའི་རྒྱུ་མཚན་ནི་སྔོན་མ་ཁོང་གིས་གཞུང་ལ་དེ་མིན་གྱི་ལས་རིགས་གཞན་པའི་ཐོག་ཐེངས་འགར་སྙན་ཞུ་འབུལ་མྱོང་ཡང་། ཕན་འབྲས་ཐོན་མི་འདུག་པས་ཡིན་ཚུལ་བཤད་བྱུང་།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༩ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 5

  1. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    གཞུང་ལ་རེ་བཅོལ་བྱེད་རྒྱུ་ནི་འབངས་ཀྱི་འོས་བབས་ཡིན། སྐུ་ཞབས་ཉིད་ཀྱི་གཞུང་ལ་སེམས་པ་ཤོར་བ་ཡང་ཁག་མེད། འོན་ཀྱང་ཐོག་མ་ནས་རང་གི་འཆར་གཞི་དང་ཕུགས་བསམ་གང་དུ་གཏུག་ཡོད་དེ་ལ་བསམ་བློ་ངེས་པར་གཏོང་དགོས།
    ལྷག་པ་ཚེ་རིང་གིས་བདེན་པའི་གནས་ལུགས་ཞིག་སྤེལ་འདུག་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དེ་ལ་སེམས་ཁམས་གཙང་མ་ཞིག་གི་རྒྱབ་སྐྱོར་ཡང་ཡོད་ལགས།
    དེང་གི་སྤྱི་ཚོགས་ནི་གཡོ་སྦྱོར་ལ་འཇུག་པ་མང་བའི་ལྷག་བསམ་ངོ་མ་བག་ལ་གཞའ་བའི་གནས་ཚུལ་ཡང་མང་པོ་རེད།་
    ཐུགས་རྗེ་ཆེ།

    Reply
  2. ལྷག་པ་ཚེ་རིང་། says:
    ལོ་ 17 སྔོན།

    གོང་དུ་སྐར་ཁྲི་བཙན་དང་བློ་གྲོས་རྒྱལ་པོ་ལགས་རྣམ་གཉིས་ཀྱིས་གསུངས་པ་དེ་དག་བདེན་པ་རེད། ང་ཚོ་ཕྲུ་གུའི་ཕ་མ་ཚོའི་དཀའ་ངལ་ཆེ་ཤོས་དེ་ཡང་ཚད་དང་མི་མཐུན་པའི་ཟས་རིགས་ཕྲུ་གུར་བཀག་འགོག་བྱེད་རྒྱུ་དེ་རེད་འདུག ལྷག་དོན་ང་ཚོ་བོད་པ་ཚོས་དུས་རྟག་ཏུ་སེམས་ལ་ངེས་དགོས་པ་ཞིག་ནི་ཟ་ཁང་དང་ཚོང་ཁང་ལ་སོགས་པའི་ཚོང་གཉེར་གནང་སྐབས་རང་ཉིད་ཀྱི་ཁེ་ཕན་ཁོ་ན་ལ་མི་ལྟ་བར་མི་གཞན་གྱི་བདེ་ཐང་ལ་བསམ་གཞིགས་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་འདུག དེ་བཞིན་ང་ཚོས་ཟས་རིགས་གང་ཞིག་ཉོས་པའི་སྐབས་ངེས་པར་དུ་དུས་ཚོད་ཡོལ་ཡོད་མིན་བརྟག་དཔྱད་བྱེད་པའི་གོམས་གཤིས་མི་འདུག་པས། དེ་ནི་ཤིན་ཏུ་ཉེན་ཁའི་གནས་ཞིག་ཡིན།

    Reply
  3. གཡུ་དྲུག་དཀར། says:
    ལོ་ 17 སྔོན།

    སྤྱིར་ཁྱེད་ཀྱི་ཐོག་མའི་ཀུན་སློང་ནོར་འདུག་སྙམ། ཁྱེད་ཀྱི་ཐོག་མའི་ཀུན་སློང་ནང་དུ་ངས་ལས་ཀ་ཞིག་མགོ་བཙུག་ན་གཞུང་གིས་རོགས་སྐྱོར་འཐོབ་ངེས་བསམ་པའི་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེན་ཞིག་ཡོད་སྟབས་ད་ལྟ་འདོད་པ་མ་ཁེངས་པའི་གནས་ཚུལ་འདི་བྱུང་བ་རེད། ང་ཚོའི་གཞུང་ནི་ཐོན་ཁུངས་ཕར་ཞོག་ས་ལག་མཐིལ་ཙམ་ཡང་མེད་པའི་སྐྱབས་བཅོལ་བའི་གཞུང་ཞིག་ཡིན་པ་དང་། ས་གནས་འགའ་ཞིག་ཏུ་ཟ་ཁང་དང་མགྲོན་ཁང་ཉུང་ཤས་ཤིག་ཡོད་པའང་ལྐོག་ཟ་བའི་ལག་ཏུ་ཤོར་ནས་གྱོང་རྐྱང་རེག་བཞིན་ཡོད། ལས་ཁུངས་ཁག་འཛིན་སྐྱོངས་དང་ད་དུང་གཞུང་ཞབས་པ་མང་པོར་གསོལ་ཕོག་སྤྲོད་ཐུབ་པ་ནི་ངོ་མ་རླབས་ཆེན་རེད། ཁྱེད་ལ་མཚོན་ན་རང་ཉིད་ཀྱི་རྐང་པའི་སྟེང་ལངས་བཞིན་པའི་བུ་རྒོད་ཞིག་ཡིན་པས་མ་འོངས་པར་ཡར་རྒྱས་སོང་ན་གཞུང་ལ་རོགས་སྐྱོར་ཞལ་འདེབས་རེ་གནང་ཐུབ་ན་དགེ་མཚན་ཤིན་ཏུ་ཆེའོ།

    Reply
  4. བློ་གྲོས་རྒྱལ་པོ། says:
    ལོ་ 17 སྔོན།

    སྐར་ཁྲི་བཚན་གྱི་གསུངས་པ་དེ་བདེན་པ་རེད། དེང་སྐབས་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་HWOནས་ཞོར་ཟས་རིགས་བྱིས་པ་འཚར་ལོངས་ལ་གནོད་སྐྱོན་ཡོན་མིན་དང་། དེའི་ནང་གི་འདུས་ཚད་རིགས་ལ་བརྟག་དཔྱད་གཟབ་ནན་བྱེད་པ་དང་། གནས་ཡུལ་གཞུང་ལ་མཚོན་ནའང་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་HWOནས་གཏན་འཁེལ་གནང་བའི་ཚད་གཞི་དང་མཐུན་མིན་ལ་བརྟག་དཔྱད་དང་སྦྲགས་ཚད་ལྡན་རིགས་ལ་དེབ་སྐྱེལ་ལག་འཁྱེར་སྤྲོད་བཞིན་པ་རེད། དེ་ཙམ་དུ་མ་ཟད་བཟོ་གྲ་དེབ་སྐྱེལ་དང་འབབ་ཁྲལ། འཚོང་ཁྲལ་སོགས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གི་ཁྲིམས་ལུགས་གཞིར་བཟུང་འགྲོ་ཐུབ་པ་བྱས་ན་ཁྲིམས་མཐུན་གྱི་སྲུང་སྐྱོབ་ཐུབ་ངེས་ཡིན་ལ། དེ་མིན་ཁྲིམས་འགལ་ནག་འཚོང་གི་ཁོངས་སུ་གཏོགས་པས་རང་གཞུང་དང་ས་གནས་མཉམ་འབྲེལ་གང་ནས་ཀྱང་རྒྱབ་སྐྱོར་རེག་ཁག་པོ་ཡིན།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    སྤྱིར་ང་ཚོའི་བཙན་བྱོལ་གཞུང་སྒེར་གང་ཡིན་ཡང་ཕྱིའི་རོགས་དངུལ་གཅིག་པོར་རེ་སྒུག་ཙམ་མ་ཡིན་པར་རང་ངོས་ནས་བཟོ་གྲྭ་སྣ་ཚོགས་གསར་འཛུགས་ཀྱི་ལས་རིགས་ལ་དོ་སྣང་དགོས་པ་དེ་ཤིན་དུ་གལ་ཆེ་བར་མཐོང་། ཡིན་འང་དེང་སྐབས་འཛམ་གླིང་སྟེང་ཁྱབ་ཆེ་ཤོས་དེ་བྱིས་པའི་ཞོར་ཟས་སྣ་ཚོགས་ཡིན་པས། དེ་ལག་རྩལ་དང་སྤས་ཚད་གང་གི་ཐད་ནས་ཚད་མ་ལོན་པ་ཞིག་ཡིན་ཚེ། དེང་སྐབས་ས་ཆ་གང་སར་སྒེར་གྱི་ཁེ་ཕན་ཁོ་ནར་དམིགས་མཁན་མི་ཉུང་བ་ཞིག་གིས་བྱིས་པའི་འཚར་ལོངས་ལ་གནོད་སྐྱོན་བཟོ་ཡི་ཡོད་པ་མིག་མཐོང་ལག་ཟིན་རེད། ཁྱད་པར་དུ་རྒྱ་གར་ནག་གཉིས་ཀྱི་ནང་ན། འདིའི་རིགས་ཀྱི་རྒྱབ་ཉེར་རོགས་དངུལ་གཅིག་པོ་མིན་པར་གཙོ་ཆེ་བ་རྒྱ་གར་རྒྱལ་ཡོངས་འཕྲོད་རྟེན་ལས་ཁུངས་ལ་སོགས་འབྲེལ་ཡོད་ཚན་པ་ཁག་ལ་འབྲེལ་བ་བྱས་ནས་རང་གི་ལས་རིགས་ཀྱི་སྤས་ཚད་འགན་ལེན་དགོས་པ་ཤིན་དུ་གལ་ཆེ་བར་མཐོང་། ཁོ་ཚོ་ལ་རྒྱ་གར་རྒྱལ་ཡོངས་ཀྱི་ཆོག་མཆན་ཡོད་ན་གནས་ཚུལ་ལོག་ཁ་རེད་མ་གཏོགས་གྲུ་ཁུག་ཆུང་ས་ཞིག་ཏུ་ཁྲིམས་འགལ་གྱིས་ཟ་རིགས་འཆའ་རིགས་ཀྱི་བཟོ་གྲྭ་ཞིག་ཡོད་པ་ཙམ་དང་དེའི་ལས་མེད་རེ་ཟུང་གི་དཀའ་ངལ་སེལ་བཞིན་ཡོད་ན་ཡང་། མི་རིགས་ཀྱི་ས་བོན་ཆུང་ཆུང་མང་པོ་ཞིག་གི་བདེ་ཐང་ལ་གནོད་པ་བཟོ་ཡི་ཡོད་མེད་ཞིབ་འཇུག་ནན་པོ་ཞིག་བྱེད་པར་གལ་ཆེ་བར་འདོད། ཡང་གཅིག་བཤད་ན་ཞིམ་པོ་ཡོད་པ་ཙམ་གྱི་རྫུན་མ་མིན་པའི་བདེན་དཔང་མི་འོས། གལ་སྲིད་ཚད་ལྡན་གྱི་བཟོ་གྲྭ་ཞིག་ཡིན་ན་གཞུང་སྒེར་གང་ཡིན་ཡང་རྒྱབ་སྐྱོར་བྱེད་དགོས་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese