མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་ཞབས་ཚོས་རང་མགོ་གང་ཐོན་མ་གནང་རོཊ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

མང་དག་ཅིག་གཞུང་ཞབས་ཁོངས་འབབས་ཚིགས་ལྟ་བུ་གནང་སྟེ། རང་མགོ་གང་ཐོན་གྱིས་གནས་མ་ཐུབ་པར་ཐོན་འགྲོ་བ་དཔེར་ན། ཕྱི་ལོ་ ༢༠༠༥ ནས་ད་བར་ལས་བྱེད་གསར་བསྐོ་བྱས་པ་མི་གྲངས་ ༢༥༦ བྱུང་ཡོད་པ་ལས་རྩ་དགོངས་དང༌། རང་བཞིན་གྱིས་བུད་པ་ ༡༡༤ བྱུང་འདུག དེ་བརྒྱ་ཆར་ཕབ་ན། བརྒྱ་ཆ་ ༤༥ ཙམ་ཆགས་འདུག་སྟབས། བོད་དང་བོད་མིའི་གནས་སྟངས་ཛ་དྲག་གཉན་འཕྲང་ཇི་འདྲར་ཐུག་ཡོད་པར་བསམ་ཤེས་ཀྱིས་ཞབས་ཞུ་རྒྱུན་བསྲིང་ཐུབ་པ་གནང་གལ་ཆེ་ཟེར།

 

རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆར་དུས་རྫོགས་ལ་ཉེ་བའི་སྐབས་འདིར། སྤྱི་ནོར་༧གོང་ས་མཆོག་གིས་མི་དམངས་ལ་དམངས་གཙོའི་ལམ་སྲོལ་གསོལ་རས་སུ་བསྩལ་ཏེ། ལོ་ངོ་ ༤༩ འཁོར་བའི་དུས་དྲན་དང་འཁེལ་ཡོད་སྟབས། དེ་རིང་ཞོགས་པའི་ཆུ་ཚོད་ ༩ སྟེང་བོད་གཞུང་ཟློས་གར་ཚོགས་པའི་རོམ་མོའི་རམ་འདེགས་འོག བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་པའི་གཞུང་ཞབས་ལས་བྱེད་ཆེ་ཕྲ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། ཧྥ་རིན་ས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཧྥ་རན་སིའི་གྲོས་ཚོགས་གོང་མའི་སྐུ་ཚབ་འཐུས་མི། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གཙོ་འཛིན། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་དམངས་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འཛོམས་ཀྱིེས་དུས་དྲན་སྲུང་གཙི་གཟབ་རྒྱས་གནང་ཡོད།  

 

མཛད་སྒོའི་ཐོག་མར་བཀའ་བློན་ཁྲི་པ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲེངས་འཛུགས་དང་བསྟུན་ཏེ། བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ། ལོ་ངོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་གཙི་ཞུས་པ་ནས་བཟུང་། བོད་གཞུང་ཤེས་རིག་ལས་ཁུངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་། སློབ་ཚན་སྡེ་ཁག་གསུམ་ནས་ཤེས་ཡོན་རྩེ་ཕུད་སོན་པ་སློབ་ཕྲུག་གསུམ་ལ། དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས། ཞེས་པའི་བྱ་དགའ་བསྩལ་ཡོད་ལ། དེ་དང་མཉམ་དུ་ཐའེ་ཝན་ཧུའུ་དབྱིན་ཚན་རྩལ་སློབ་གྲྭ་ཆེན་མོའི་སློབ་དཔོན་པུའུ་ཅ་ཧོང་གིས། བཙན་བྱོལ་བོད་པའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་སྐོར་ཞིབ་འཇུག་བྱས་པ། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་དཔར་སྐྲུན་བྱས་པ་༼ བཙན་བྱོལ་ནང་གི་དམངས་གཙོ་ ༽ ཞེས་པའི་དཔེ་དེབ་བོད་སྒྱུར་མ་དབུ་འབྱེད་བྱས་རྗེས་གླུ་གར་འཁྲབ་སྟོན་མགོ་འཛུགས་བྱས་ཡོད།

 

སྐབས་དེར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གཏམ་བཤད་སྒྲོག་སྦྱོང་གནང་དོན། ཡང་དག་པའི་མང་གཙོའི་འཕེལ་རིམ་ཚད་མཐོ་ཡོང་བར་མེད་དུ་མི་རུང་བའི་ཆ་རྐྱེན་མང་ཚོགས་ཀྱི་ཤེས་ཡོན་དང་རང་དབང་གི་རྣམ་དཔྱོད། བསམ་ཚུལ་དང་ལང་ཕྱོགས། ལྟ་གྲུབ་འདྲ་མིན་ཁག་གི་དབར་གོ་རྟོགས་དང་བཟོད་བསྲན། ཕྱོགས་ཞེན་སྤངས་པའི་བླང་དོར་འབྱེད་ཤེས་པ་སོགས་ད་དུང་གོང་འཕེལ་གཏོང་དགོས་གལ་ཆེ་མ་ཟད། སྒེར་ལས་སྤྱི་གཙོ་བ་དང༌། ཐོབ་ཐང་ལས་ལས་འགན་གཙོ་བོར་བཟུང་སྟེ། རྟོན་བཞི་འཇུག་ལྡོག་མ་ནོར་བ་གནང་གལ་ཤིན་ཏུ་ཆེ།

 

སྔར་ལོ་གཞིས་བཞུགས་མང་ཚོགས་ཀྱིས་ལུས་སྲོག་ལོངས་སྤྱོད་གང་ལའང་མ་ལྟོས་པར་འཚེ་མེད་ཞི་བའི་ལས་འགུལ་ལ་བརྟེན་ཏེ། གནས་སྐབས་བོད་མི་མང་པོར་སྡུག་སྦྱོང་གོད་ཆགས་ཅི་ཆེར་བྱུང་ཡོད་ནའང་ནམ་ཕུགས་བློས་གཏོང་དེ་དག་ཆུད་ཟོས་སུ་མི་འགྲོ་བར་བོད་དོན་བདེན་མཐའ་གསལ་ཐབས་ལ་ཕན་ཐོགས་རླབས་ཆེན་ཡོང་རྒྱུར་གདོན་མི་ཟ་ཞིང༌། ད་ཆ་རེ་ཞིག་བབ་ལྷིང་གིས་མང་ཚོགས་ཉེན་ཁར་མི་ཚུད་པ་གཙོ་འདོན་གནང་གལ་ཆེ་བ་དང༌། བོད་རྒྱ་མི་རིགས་དབར་འགལ་ཟླ་འཁོན་འཛིན་མི་ཡོང་བའི་ཐབས་ཚུལ་ལ་སྒོ་ཀུན་ནས་འབད་འབུང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།

 

ཁོང་གིས་བོད་རྒྱ་མི་རིགས་མཛའ་འབྲེལ་སྐོར་གསུངས་དོན། ྋགོང་ས་མཆོག་གི་ལམ་སྟོན་གཞིར་བཟུང་བཙན་བྱོལ་བོད་མིའི་གནས་ཡུལ་གང་སར་རྒྱ་བོད་མི་རིགས་ཀྱི་མཐུན་ལམ་གོང་མཐོར་གཏོང་ཐབས་འབད་བརྩོན་བྱེད་བཞིན་པ་དང༌། འགྲོ་བ་མི་རིགས་སུ་འདྲ་ཞིག་ལའང་རང་བྱུང་འབྱུང་བའི་གནོད་འཚེ་སོགས་གོད་ཆགས་དཀའ་ངལ་བྱུང་སྐབས། གདུང་སེམས་མཉམ་སྐྱེད་ཀྱིས་རོགས་སྐྱོར་བྱ་རྒྱུ་ནང་ཆོས་ཀྱི་བསླབ་བྱ་དང་། བོད་རིགས་ཀྱི་བཟང་སྤྱོད་གཉིས་ཀ་དང་མཐུན་པ་ཞིག་ཡིན་སྟབས། སྔ་ལོ་ཟི་ཁྲོན་ཁུལ་དུ་ས་ཡོམ་གྱི་འཇིག་པ་བྱུང་སྐབས། བཙན་བྱོལ་བོད་མིས་སྨོན་ལམ་གསོལ་འདེབས་དང་གུན་སྐྱོབ་ཞལ་འདེབས་གང་ཐུབ་ཞུས་པ་མ་ཟད། ྋགོང་ས་མཆོག་ས་གནས་སུ་མང་ཚོགས་ལ་སེམས་གསོ་དང་ཐུགས་སྨོན་གསོལ་འདེབས་གནང་ཆེད་ཕེབས་འདོད་ཤིན་ཏུ་ཆེ་ཡང༌། ཆབ་སྲིད་ཀྱི་གནས་བབ་ཀྱི་དབང་གིས་ཆིབས་བསྒྱུར་མ་ཐུབ། ཉེ་ཆར་ཐེ་ཝན་དུ་ཆུ་ལོག་གིས་གནོད་འཚེ་བྱུང་སྐབས་འཕྲལ་དུ་སེམས་གསོ་འཚམས་འཕྲིན་དང་། ཞབས་རིམ་སྨོན་ལམ་རྒྱ་ཆེན་གནང་མུས་འདི་ཡང་སྤྱིར་སྐྱེ་འགྲོ་ཡོངས་ཀྱི་བདེ་ཐབས་དང༌། ལྷག་པར་རྒྱ་བོད་མི་རིགས་གཉིས་ཀྱི་འབྲེལ་ལམ་ལ་དགོངས་པ་ཞིག་ཡིན། ཅེས་སྒྲོག་སྦྱོང་གནང་སོང་།

 

དེའི་རྗེས་བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་སྒྲོག་སྦྱོང་གནང་དོན། མང་གཙོ་ནུས་ཤུགས་ཆེ་རུ་གཏོང་བ་དང༌། ཚད་ལྡན་ཡོང་བ་ལ་མི་མང་གི་ཤེས་ཡོན་དང་གོ་རྟོགས་ཇེ་ཆེར་འགྲོ་དགོས། དེ་ཡོང་བ་ལ་གཞུང་དང་འབྲེལ་ཡོད་མང་གཙོའི་སྒྲིག་འཛུགས་ཁག་ནས་མི་མང་ལ་དངོས་ཡོད་གནས་ཚུལ་ཁུངས་སྤྲོད་ཐུབ་པ་བྱ་རྒྱུ་དང༌། མི་མང་གིས་གནས་ཚུལ་དེ་དག་ལ་རྟོག་ཞིབ་ཀྱིས་སྤྱི་བར་ཕན་པའི་རྒྱུ་མཚན་དང་ལྡན་པའི་བསམ་ཚུལ་འབུལ་རྒྱུ། སོ་སོའི་ལངས་ཕྱོགས་འཛིན་རྒྱུ། དེ་བཞིན་རྒྱུ་མཚན་བཤད་པ་དང་བགྲོ་གླེང་བྱེད་པ། ཁོག་རྒྱ་ཡངས་པོ་དང་བཟོད་བསྲན་ཐོག་ནས་བསམ་བློ་མ་མཐུན་པ་ཁས་ལེན་བྱེད་ཐུབ་པ་བཅས་མང་གཙོའི་མཚན་ཉིད་གལ་གནད་ཆེ་བ་ཁག་ཡིན་པས་བརྩི་སྲུང་བྱ་དགོས།

 

ལ་ལས་བཙན་བྱོལ་གཞུང་གི་བང་མཛོད་དེ་རྫོགས་རྒྱུ་མེད་པ་ལྟ་བུའི་བསམ་བློ་འཁྱེར་ནས། ཉམ་ཐག་མིན་ནའང་དེའི་ཁོངས་ཚུད་ཐབས་བྱ་རྒྱུ་ལ་སོགས་པ་ནང་པ་ཡིན་བཞིན་ལས་རྒྱུ་འབྲས་ལ་མ་བལྟོས་པའི་སྤྱོད་ཚུལ་ཡོང་བཞིན་འདུག་ན། བཙན་བྱོལ་གཞུང་གི་དཔལ་འབྱོར་ཡོང་ཁུངས་དང་འགྲོ་གྲོན་གྱི་གནས་སྟངས་ཤེས་པར་བྱ་དགོས། ལོ་ངོ་ཞེ་དགུའི་རྗེས་ལ་གཞུང་མང་གཉིས་ཀའི་དཔལ་འབྱོར་རང་ཁ་རང་གསོ་བྱ་ཐུབ་པའི་ཐབས་ལམ་འདོན་ཐབས་བྱ་དགོས། དེ་རིང་མཛད་སྒོ་འདི་བརྒྱུད་ནས་བོད་མི་འབྱོར་ལྡན་པ་ལ་ལས་གཞུང་མང་གཉིས་ལ་སྨན་པའི་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་གི་ཡོད་པ་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ད་ལྟ་བཙན་བྱོལ་གྱི་གནས་སྟངས་དང་བོད་ནང་ཛ་དྲག་གི་གནས་སྟངས་འདི་ལྟ་བུའི་སྐབས་སུ་སོ་སོའི་ཐོབ་ཐང་རྩོད་པ་ལས་ལས་འགན་བསྒྲུབ་རྒྱུ་འདི་གལ་འགངས་ཆེ་བ་ཡིན། ཞེས་གསུངས་བྱུང་།

 

ཁོང་གིས་འབྱུང་འགྱུར་གྱི་འོས་བསྡུ་ཆེན་མོའི་སྐོར་ལ་གསུངས་དོན། མང་གཙོའི་འགྲོ་ལུགས་ནང་གཞུང་གི་གཙོ་འཛིན་བརྗེ་བསྒྱུར་བྱ་རྒྱུའི་དབང་ཚད་ཆ་ཚང་མི་མང་ལ་ཡོད་སྟབས། འོས་བསྡུའི་ལས་རིམ་ནང་ཞུགས་རྒྱུ་དེ་ཐོབ་ཐང་ཡང་ཡིན་ལ། ལས་འགན་ཡང་ཆེ་ཤོས་ཡིན། རིང་མིན་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་སླེབས་རྒྱུར། ཆབ་སྲིད་ཀྱི་ཛ་དྲག་གི་གནས་སྟངས་དང་མི་རབས་བརྗེ་བསྒྱུར་འགྲོ་བཞིན་པའི་དུས་སྐབས་འདིར་མ་འོངས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་རྣམས་གཙོ་བོ་ྋརྒྱལ་བ་རིན་པོ་ཆེའི་དགོངས་གཞི་སྒྲུབ་ཐུབ་མཁན་དང༌། མི་མང་གི་མངོན་འདོད་སྒྲུབ་ཐུབ་མཁན། ཤེས་འཇོན་གཉིས་ལྡན། བབ་ལྷིང་བརྟན་གསུམ། ཐག་ཆོད་པོ། མ་འོངས་ཀྱི་འཆར་སྣང་གསལ་པོ་ཡོད་པ། དྲང་བདེན། སྙིང་སྟོབས་དང་ལྡན་པ། བཟང་སྤྱོད་ལྡན་པ། ཆིག་སྒྲིལ་གྱི་ནུས་པ་འདོན་ཐུབ་མཁན། བོད་དང་རྒྱ་ནག བཙན་བྱོལ་གྱི་གནས་སྟངས་བཅས་ཤེས་པ་དང་ཉམས་མྱོང་ཅན་ཞེ་གཅིག་འདེམ་དགོས། ཞེས་བསྒྲགས་སོང་།

 

མུ་མཐུད་དུ་བོད་གཞུང་གི་ལས་བྱེད་ཚོའི་སྐོར་ལ་བསྟན་དོན། གཞུང་གི་ལས་དོན་སྲིད་བྱུས་ཁག་བཀའ་ཤག་བརྒྱུད་དངོས་སུ་ལག་བསྟར་བྱེད་པོ་སྲི་ཞུའི་ལས་བྱེད་པ་ཡིན་པར་སོང་། སྲི་ཞུ་བ་མང་དག་ནས་ད་བར་ཞབས་ཞུ་ཧུར་སྐྱེད་རྒྱུན་བསྲིང་ཞུས་དང་། ཞུ་བཞིན་པ་བསྔགས་འོས་ཀྱི་རང་བཞིན་ཡང༌། མང་དག་ཅིག་གཞུང་ཞབས་ཁོངས་འབབས་ཚིགས་ལྟ་བུ་གནང་སྟེ། རང་མགོ་གང་ཐོན་གྱིས་གནས་མ་ཐུབ་པར་ཐོན་འགྲོ་བ་དཔེར་ན། ཕྱི་ལོ་ ༢༠༠༥ ནས་ད་བར་ལས་བྱེད་གསར་བསྐོ་བྱས་པ་མི་གྲངས་ ༢༥༦ བྱུང་ཡོད་པ་ལས་གཞུང་ཞབས་རྒས་ཡོལ་ཐོན་རིགས་ཕུད། རྩ་དགོངས་དང༌། རང་བཞིན་གྱིས་བུད་པ་ ༡༡༤ བྱུང་འདུག དེ་བརྒྱ་ཆར་ཕབ་ན། བརྒྱ་ཆ་ ༤༥ ཙམ་ཆགས་འདུག་སྟབས། བོད་དང་བོད་མིའི་གནས་སྟངས་ཛ་དྲག་གཉན་འཕྲང་ཇི་འདྲར་ཐུག་ཡོད་པར་བསམ་ཤེས་ཀྱིས་ཞབས་ཞུ་རྒྱུན་བསྲིང་ཐུབ་པ་གནང་གལ་ཆེ། ཞེས་གསུངས་སོང་།

 

མཇུག་མཐར་ཁོང་གིས་སྤྱི་འཐུས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཁག་ཅིག་ངོ་སྤྲོད་གནང་དོན། ཐེངས་འདིར་བྷེལ་རྗམ་དོན་གཅོད་ཁྱབ་ཁོངས་པེ་རི་སི་ལས་ཁུངས་ཀྱི་གོ་སྒྲིག་འོག ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མིའི་སྐུ་ཚབ་ད་རིང་མཛད་སྒོའི་སྐུ་མགྲོན་དུ་ཕེབས་ཡོད་པ་དང༌། མ་འོངས་པར་ཡང་གྲོས་ཚོགས་འཐུས་མིའི་སྐུ་ཚབ་འགའ་ཕེབས་འཆར་ཡོད། ལྷག་པར་དུ་རིང་མིན་འདི་ལོའི་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པ་དེ་ཨི་ཊ་ལིར་ཚོགས་འཆར་ཡོད། སྔ་ལོ་དམིགས་བསལ་ཚོགས་ཆེན་ཚོགས་རྗེས་ྋགོང་ས་མཆོག་གི་བཀའ་སློབ་ཕེབས་དགོངས་ལྟར། གྲོས་ཚོགས་ཚོགས་དུས་བརྒྱད་པར་གཏན་འབེབས་ཟིན་རྗེས། ཕྱི་ལོ་ ༢༠༡༠ ནང་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཞིག་འཚོགས་འཆར་ཡོད། དེ་བཞིན། ཕྱི་ལོ་ ༢༠༡༠ ལོར་བཙན་བྱོལ་ནང་མང་གཙོ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་རྒྱས་པ་ཞིག་ཀྱང་སྲུང་གཙི་ཞུ་འཆར་ཡོད། ཅེས་སྒྲོག་སྦྱོང་གནང་སོང་།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༣ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 17

  1. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    གསང་གཏོར་ལགས། ཁྱེད་ལ་ག་རེ་གནང་སོང་། མ་བདེ་བ་འདྲ་མི་འདུག་གམ།

    Reply
  2. གསང་གཏོར། says:
    ལོ་ 16 སྔོན།

    དངོས་གནས་བློ་གྲོས་རྒྱལ་པོ་ཟེར་བ་དེ་མི་གྱབ་ཆུང་ཅིགརེད་འདུག་ ཁོ་སྙིང་རྗེ་ཡ་རང་རེད། ཁྱེད་རང་མི་ལུས་ཐོབ་པ་དོན་མེད་རེད། དངོས་ཡོད་གནས་ཚུལ་ལ་དེ་ལྟར་ཁྱད་བསད་པ་དེ་མི་ཆོས་རིང་ལུགས་དང་ཁྱེད་རང་གི་བཟང་སྤྱོད་དང་འགལ་བ་རེད།

    Reply
  3. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    གོང་གི་མཆན་ཚང་མ་ཀློག་པ་ཡིན། དྲ་གྲོགས་ཕལ་ཆེ་བའི་བཀའ་མོལ་ལ་བལྟས་ན་མི་སྒེར་གྱི་བསམ་ཚུལ་དང་ཚོར་ཤུགས་ཙམ་ཞིག་ལས། གཞུང་ཞབས་རྣམས་ཅི་ཕྱིར་སེམས་ཤུགས་ཆག་ནས་ཐོན་པ་དང་བཙན་བྱོལ་གཞུང་གི་དཀྱིལ་འཁོར་དེ་འབབ་ཚུགས་བཟོ་དགོས་པའི་རྒྱུ་མཚན་སོགས་རྟོགས་ཀྱི་མེད་པ་འདྲ།
    གཅིག གཞུང་ཞབས་རྣམས་སེམས་ཤུགས་ཆག་པའམ་ཉམས་དགོས་པའི་རྒྱུ་མཚན་ནི་ཟམ་གདོང་རིན་པོ་ཆེས་འཛིན་སྐྱོང་རྩིས་ལེན་བྱས་པ་ནས་བཟུང་། བཙན་བྱོལ་གཞུང་གི་སྲི་ཞུ་ལས་བྱེད་པ་རྣམས་ཨ་སྒོར་བརྒྱ་ཡས་མས་ཀྱི་ཕོགས་ཐོབ་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་ལ་ཡོད་ཚད་བློས་གཏོང་བྱེད་པའི་སེམས་ཤུགས་མ་ཚོར་བའམ་དེ་ལ་ཇི་མི་སྙམ་པར། གནས་ཡུལ་རྒྱ་གར་དཔོན་རིགས་སམ་སྲིད་དོན་པའི་ལྟ་གྲུབ་བེད་སྤྱོད་ཀྱིས་ལས་བྱེད་ནི་ལས་ཀ་བྱེད་མཁན་ཡིན་པ་ལས་ལྟ་བ་ཡོད་མཁན་དང་། བསམ་ཚུལ་འདོན་མཁན། སྲིད་ལ་ཇུས་འཁྲི་བྱེད་མཁན་མ་རེད་ཅེས་གསུངས་ཏེ་སྒོ་ཕྱུགས་སེམས་ཅན་ཁྱུ་གཅིག་གི་འདུ་ཤེས་བཅངས་པ་ལ་བརྟེན་ནས་ལས་བྱེད་མང་པོ་ཞིག་བློ་ཕམ་དང་བཅས་གཅིག་མཇུག་གཉིས་མཐུད་ཀྱི་ཐོན་དང་ཐོན་བཞིན་པའི་གནས་སྟངས་འདི་བྱུང་བར་འདོད། ཕྱིས་བཀའ་ཁྲིས་རང་གི་ལྟ་གྲུབ་དེ་ནོར་འཁྲུལ་ཡིན་པ་ཤེས་ནས་སྲི་ཞུ་ལས་བྱེད་པའི་ཚོགས་ཆེན་དང་། སྔ་ལོའི་དམིགས་བསལ་ཚོགས་ཆེན་སྐབས་སྲི་ཞུ་བ་གལ་ཆེ་ཡིན་ཚུལ་གྱི་གཏམ་བཤད་ཐེངས་འགར་གནང་ཡང་དེ་ནི་ནོར་འཁྲུལ་ཤོར་ཚར་བ་དང་འཕྱིས་དྲགས་པར་སྲིད་དོན་དབྱེ་ཞིབ་པ་མང་པོའི་ངོས་འཛིན་བྱེད་བཞིན་ཡོད་པ་རེད། འདི་ནི་ཆེས་ཉེན་འཚབ་ཅན་གྱི་གནད་དོན་ཞིག་ཀྱང་ཆགས་ཡོད་པ་རེད།
    གཉིས། བོད་གཞུང་དེ་འབབ་ཚུགས་བཟོ་མིན་གྱི་གནད་དོན་ནི། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རང་གཞུང་ནས་ལོ་ལྟར་དྲག་འདེམས་ཀྱི་མི་གྲངས་ཉི་ཤུ་ཡས་མས་སློབ་སྦྱོང་དུ་གཏོང་བཞིན་ཡོད་པ་དང་། དེར་ཆ་རྐྱེན་གང་མང་ཞིག་ཡོད་པ་ལས་དོན་ཚན་གལ་ཆེ་ཤོས་གཅིག་ནི། རང་གཞུང་དང་ཡང་ན་དེབ་སྐྱེལ་ཡོད་པའི་གཞུང་འབྲེལ་ཚོགས་པ། ཟུར་སྐྱོང་སྡེ་ཚན་གང་རུང་དུ་ཞབས་ཞུ་ཞུས་པའི་ཞབས་ལོ་ལྔ་དགོས་པ་དེ་རེད། སྲིད་ཇུས་འདི་ལ་འགྱུར་བ་མ་བཏང་ན་བོད་གཞུང་དེ་མུ་མཐུད་འབབ་ཚུགས་རང་ཆགས་རྒྱུ་རེད།

    Reply
  4. བརྩེ་དུང་གི་རྒྱལ་སྲས། says:
    ལོ་ 16 སྔོན།

    འགན་འཁྲི་བོར་ཟིན་པའི་གཞུང་ཞབས་པ་མང་ལ། འབབ་ཚུགས་ཀྱི་འདུ་ཤེས་འཛིན་གཞུང་ཞབས་པ་དེ་བས་ཀྱང་མང་། ད་དུང་རང་ངོས་མི་ཟིན་པའི་གཞུང་ཞབས་པ་མང་ལ། ཕན་ནུས་མི་ཐོན་པའི་གཞུང་ཞབས་པ་དེ་ལས་ཀྱང་མང་། དེས་ན། འདི་ལྟ་བུའི་གནས་བབ་ཁྲོད་ནས་སྐྱབས་བཅོལ་བོད་མིའི་གཞུང་འཛིན་མི་སྣའི་ཤེས་ཚད་དང་དེས་བསྐྱེད་པའི་ལག་ལེན་གྱི་གྲུབ་འབྲས་ཆེས་རྟོགས་སླ་བ་ཞིག་རེད། གཞན་ཡང་འཐུས་ཚང་ཕྱོགས་ལ་བསྒྱུར་བཅོས་མི་བྱེད་པར་འདི་ལྟར་དུས་སྙུགས་བསྲིང་ཆེ་སོང་ན། མ་འོངས་པའི་གནས་བབ་མར་ནས་མར་དུ་འགྲོ་བ་ཆེས་གསལ་བོ་ཞིག་མ་རེད་དམ། ང་སློབ་མ་ཞིག་གིས་རྒྱང་ལྟ་བྱས་པ་དང་ཟ་དང་ཟུར་གྱི་བསམ་ཕྱོགས་ཡིན་པས། གཞུང་ཞབས་ལྷག་བསམ་ཅན་ཞིག་དང་འགན་ལེན་ཅན་ཞིག་གི་བསམ་ངོར་འདི་ལས་ཚབས་ཆེ་བ་ཞིག་དང་འདི་ཉེན་ཁ་ཆེ་བ་མཐོང་བ་ཟུར་བལྟས་ལེབ་མཐོང་མ་རེད་དམ།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    དྲ་གྲོགས་ནམ་མཁའ་བསྟན་འཛིན་གྱི་གནས་ལུགས་ངོ་མ་གླེང་སོང་། གཞུང་སྒེར་སུ་ཡིན་རུང་རྩ་བའི་ལས་སྣེ་བ་དག་གིས་བརྟན་པོ་མ་བྱས་ན ཚོགས་པ་དེའི་ལས་ཀའི་སྤས་ཚད་ལ་སྐྱོན་རྒྱག་པ་དེ་དངོས་ཡོད་གནས་ལུགས་སུ་ཆགས་ཡོདཔར་སྣང་། ངོ་མ་དེ་དག་འཕུར་བའི་གྲ་སྒྲིག་ཡོད་ན་གཞུང་སྒེར་གྱི་སྡེ་ཚན་དེ་དག་འཕྲལ་སེལ་གྱི་མགྲོན་ཁང་ལྟ་བར་བེད་སྤྱོད་མི་འོས་པར་བཤད་འདོད་པ་ལས། ཁོ་ཕྱི་རྒྱལ་གང་དུ་སོང་ཡང་ཁོ་བོད་པ་ལས་གཞན་ཞིག་ཏུ་འགྱུར་འགྲོ་བས་དོགས་པ་བྱས་མྱོང་མེད། རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་བོད་མི་རིགས་ཞེས་པ་དེའི་རིགས་རྒྱུད་ལས་མཆེད་པ་གཞན་ཞིག་འགྱུར་འདོད་ཀྱང་སྐྱེ་བ་རྗེས་མར་སྨོནལམ་རྒྱབ་ན་མ་གཏོགས་མི་ཡོང་པའི་གནས་ལུགས་སུའི་ཡང་རྟོགས་ཀྱི་རེད།

    Reply
  6. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    གནད་དོན་འདིར་ང་ལ་སྔ་མོ་ནས་རྨོངས་འཆར་ཞིག་ཡོད། དེ་རིང་འདིར་དྲ་གྲོགས་ཚོར་བརྗོད་ནས་ཚང་མས་དགོངས་འཆར་ལྷུག་པོ་རེ་གསུངས་རོགས། བོད་མི་རིགས་འདིའི་བདེན་པའི་མཐའ་མ་གསལ་བར་དུ་ང་ཚོས་མི་ནུས་བ་ཅན་དང་ཡོན་ཏན་ཅན། མི་ལྷག་བསམ་ཅན་དང་རྣམ་དཔྱོད་ཅན་བཀོལ་ནས་རྩ་དོན་སྒྲུབ་ས་གངས་ཅན་དཀྱིལ་གཞུང་འདི་ཡིན་སྟབས། མི་འདི་དག་ལོ་རེ་བཞིན་བྱ་རྒོད་འཕུར་འཕུར་བྱས་ཏེ་ཤར་ལྷོ་ནུབ་བྱང་ལ་འཕུར་འགྲོ་དོན་ཡང་དྲང་མོར་བཤད་ན་སྒོར་མོ་ཞེས་བའི་གནད་དོན་འདི་ཡིན་སྟབས། འབྱུང་འགྱུར་གྱི་ལོ་ཟླའི་ནང་གཞུང་ངོས་ནས་༧གོང་ས་ཡིད་བཞིན་ནོར་བུ་ཞལ་བཞུགས་པའི་སྐལ་བཟང་གི་དུས་འདིར་ཕྱིའི་རྒྱལ་ཁབ་ཁག་ན་ཁ་འཐོར་དུ་གནས་བའི་བོད་རིགས་འདི་དག་རབ་ཡིན་ན་ས་གནས་གཅིག་གཅིག་ཏུ་མཉམ་སྡོད་བྱེད་ཐབས་༼ཧྥ་རན་སི་ཡིན་ན་བོད་པ%༩༠ཙམ་ཕེ་རེ་སི་གྲོང་འཁྱེར་གཅིག་བུར་གནས་འདུག༽ཞིག་གནས་ཡོད་རྒྱལ་ཁབ་གཞུང་ལ་འབྲེལ་བ་བྱས་རྗེས་བོད་རིགས་ཚོགས་པ་ཁག་གི་སྒྲིག་འཛུགས་སྲ་བརྟན་དུ་བཏངས་རྗེས། བོད་པའི་མིང་འཁུར་ཏེ་ཕྱིའི་རྒྱལ་ཁབ་གང་ཞིག་ཏུ་སྐྱབས་བཅོལ་བའི་ཐོབ་ཐང་བླངས་བའི་མི་ཞིག་ཡིན་ཕྱིན་རང་བཙན་ལག་དེབ་གྱི་དཔྱ་ཁྲལ་གཅིག་བུ་མ་ཡིན་པར་ཁྱིམ་ཚང་དེའི་སྤྱིའི་ཡོངས་འབབ་༼ཁྲལ་རྒྱབ་ཟིན་པའི་ཁྲིམས་མཐུན་ཡོངས་འབབ༽ཀྱི་བརྒྱ་ཆ་ཉུང་ངུ་ཞིག་གཏན་འཁེལ་གྱིས་ལོ་རེ་བཞིན་འཆར་ཅན་གྱིས་བོད་གཞུང་ལ་ཕུལ་ཏེ། ཡོངས་འབབ་འདི་གཙོ་བོ་གཞུང་གི་ལས་བྱེད་པའི་ཟླ་ཕོགས་དང་འཚོ་དོད། བུ་ཕྲུག་གསོ་སྐྱོང་དང་སློབ་འཇུག་སོགས་ཀྱི་ཐད་བལྟ་ས་ཞིག་ཡོད་ན་མི་ཐམས་ཅད་ཕྱི་རྒྱལ་ལ་འཚང་གི་མ་རེད། གོ་ཐོས་སུ་བྱང་ཀོ་རུ་ཡའི་སྐྱབས་བཅོལ་བ་དེང་སངས་ཡང་རྒྱལ་ཁབ་ལ་ལར་མཉམ་སྡོད་བྱས་ཡོད་པ་རེད་ཟེར།
    སྔོན་ཆད་ཟར་བྷེ་ཡས་བྷོ་སི་ནིའུ་དང་སི་ལོ་བ་ནིའུ་ཡ་སོགས་ལ་བཙན་འཛུལ་བྱེད་སྐབས་ཤར་ཡོ་རུབ་ཀྱི་རྒྱལ་ཁབ་མང་པོས་ནང་ཁུལ་དུ་སྒྲིག་འཛུགས་བཟོས་ཏེ་ཕྱིར་རང་ཡུལ་དུ་ལས་འགུལ་སྤེལ་བ་རེད། དཔེར་ན་འཇར་མན་དུ་ཊོར་ཁེ་བ་ས་ཡ་གསུམ་ལྷག་ཡོད་པའི་ནང་མས་ཆེ་བ་ཀོར་ཌེ་ཤིས་མི་རིགས་རེད། ཁོ་ཚོས་རང་གི་ཡི་གེ་ཀློག་ཤེས་མིན་དང་དེར་དོ་སྣང་ཡོད་མེད་ལ་མ་བལྟོས་བར་ལོ་བཅོ་བརྒྱད་ཡན་ཚང་མས་ཀོར་ཌེ་ཤིས་སྐད་ཡིག་གི་ཉིན་རེ་ཚགས་པར་དེ་ཉོ་དགོས་ཀྱི་འདུག

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བསེ་རུ་ལགས་ཀྱིས་སྐད་ཆ་འདི་ལ་ཚང་མས་ནང་གི་གནས་ལུགས་ལྡན་ཤོས་དེ་ཆགས་འདུག འུ་ཅག་གིས་རྟག་དུ་ནག་ཉེས་བཤད་པ་ལས་ནག་ཉེས་དེ་དག་མི་འབྱུང་ཆེད་དུ་གང་ཟག་སུ་ཡང་ཐད་ཀར་གདོང་དུ་འབུད་འཕོད་མཁན་མེད་པ་ནས་རེ་ཟུང་ཡོད་ཀྱང་ནུས་པ་ཞིག་ཐོན་གྱི་མེད་པ་འདི་དག་གང་ལ་ཐུག་གི་འདུག སྤུན་ཟླ་ཚོ་སེམས་གནད་དུ་ཕབ་དེ་བསམ་བློ་རེ་གཏོང་རོགས་ཞུ།

    Reply
  8. བསེ་རུ། says:
    ལོ་ 16 སྔོན།

    གཞུང་སྒེར་གང་གི་ཁོངས་སུ་གཏོགས་པའི་ལས་བྱེད་ཆེ་ཕྲ་མི་ཉུང་བ་ཞིག་ད་དུང་འཕུར་ངེས་ལ་འཕུར་བར་གྲ་སྒྲིག་ཀྱང་བྱས་དང་བྱེད་མུས་ཡིན་པ་ནི་ཞིབ་འཇུག་མ་བྱས་ཀྱང་རྟོགས་ངེས་པ་ཞིག་ཡིན།

    དཔེར་ན། དུས་བབ་རྩོམ་སྒྲིག་པ་དང་པོ་རབ་གསལ་ལགས་དང་། གཉིས་པ་ལྷག་བསམ་ལགས་ཉིས་ཀ་འཕུར་ཟིན་པ་རེད། འཕུར་རྒྱུར་ལུས་པ་ནི་ལུང་རིགས་རྒྱལ་ལགས་རེད། འཕུར་གྱི་མ་རེད་ཅེས་སུས་ཀྱང་ཁ་ཚོན་གཅོད་ཐབས་བྲལ་བ་ཞིག་རེད།
    འདི་ནི་ཉེ་ས་ནས་བཤད་ནས་རིང་སར་ཚོད་དཔག་བྱེད་དགོས་པའི་དཔེ་མཚོན་ཙམ་རེད།

    གང་ལྟར་འཕུར་བ་ནི་མི་རིགས་དང་ལ་རྒྱལ་ཁབ་ལ་གཞེན་དང་ཤ་ཚ་མེད་པ་དང་།བོད་མིའི་སྤྱི་ཚོགས་ལ་འགན་མ་འཁུར་བ་རེད་ཅེས་མཐའ་གཅིག་ཤོད་དཀའ་བ་ཞིག་རེད། མི་རིགས་ཀྱི་ཟུངས་ཁྲག་དྲོན་མོ་ཞིག་དང་། མི་རིགས་ལ་བཅངས་པའི་ལྷག་བསམ་དུང་ལས་དཀར་བ་ཞིག་ཡོད་ན། ས་ཕྱོགས་གང་ཞིག་ཏུ་གནས་ཀྱང་རང་ཉིད་ཀྱིས་འཇོན་ནུས་ལ་དཔག་པའི་སྤྱི་སྒེར་གཉིས་ཀའི་ལས་ཀ་ཞིག་བྱེད་ངེས་པ་ཡིན།

    ད་ལྟའི་དཀའ་ངལ་འདི་རིགས་ཀྱི་རྩ་བ་གཅོད་དགོས་ན་ཐབས་ཤེས་གང་ཞིག་ཡོད་དམ།
    ཕལ་ཆེར་དཀའ་ངལ་འདི་རིགས་མཐོང་མཁན་གྱི་གང་ཟག་ཆེས་མང་ཡང་དཀའ་ངལ་དེ་སེལ་ཐབས་ཀྱི་ཐབས་ལམ་སྟོན་མཁན་གྱི་གང་ཟག་མེད་པའི་རྒྱུ་མཚན་ཅི་ཡིན་ནམ།
    གཞུང་སྒེར་སུ་ཞིག་གིས་དཀའ་ངལ་འདི་རིགས་འགོག་ནུས་སམ།

    མདོར་ན། འཕུར་ཟིན་པ་དང་འཕུར་བཞིན་པ། འཕུར་རྒྱུར་ལུས་པའི་གང་ཟག་སུ་འདྲ་ཞིག་ཡིན་ན་ཡང་། རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་བོད་མི་རིགས་ཞེས་པ་དེའི་རིགས་རྒྱུད་ལས་མཆེད་པ་དང་། བཙན་བྱོལ་བོད་གཞུང་དང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་སྙིང་ཁོང་དུ་བཅངས་ནས། རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་ཚུན་ནས་ཆད་ལུས་མེད་པར། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡིན་བསམས་ཏེ་འབུལ་རོགས་ཞེས་ཁ་ཞོར་ལག་ཞོར་དུ་ཐལ་ལོ།།

    Reply
  9. བདེ་བ་ཅན། says:
    ལོ་ 16 སྔོན།

    གོང་གསལ་རྩོམ་སྒྲིག་པ་ལུང་རིགས་ལགས་ཀྱི་གསུངས་པའི་བཀའ་མོལ་དེར་རྒྱུ་མཚན་འདུག ཚོགས་པ་ཁག་དང་སྡེ་ཚན་ཁག་ཅིག་ནང་ལས་བྱེད་གསར་ཞུགས་སྐབས་ཐོག མར་གན་རྒྱ་ཞིག་འཇོག་སྲོལ་ཡོད་ཀྱང་། མཐའ་མ་ཐག་གཅོད་དང་ལག་བ་སྟར་བྱ་སྐབས་ལག་བསྟར་བྱ་མཁན་རྣམས་གང་ཟག་སྒེར་པའི་དགྲ་ཁ་གཏད་དུ་གྱུར་ནས་གན་རྒྱ་དེ་སྒེར་པའི་ལག ཆར་བེད་སྤྱོད་གཏོང་གི་ཡོད་པའི་བསམ་ཚུལ་བཤད་དེ་ལག་བསྟར་བྱེད་མ་ཐུབ་པའི་དཀའ་ངལ་ཡོད། འོན་ཏེ་གཞུང་ཞབས་ལས་བྱེད་པའི་ཁྲོད་གན་རྒྱ་ཁ་གསལ་ཞིག་འཇོག་ཐུབ་ཚེ་ཏན་ཏན་ད་བར་ལག་བསྟར་མ་ཐུབ་པའི་གནས་ཚུལ་བྱུང་མེད་སྟབས་ངེས་པར་དུ་གཞུང་ཞབས་སུ་འདེམས་སྒྲུགས་ཟིན་རྗེས་ངེས་པར་ལོ་གསུམ་ནས་ལྔའི་བར་ཞབས་ཞུ་མ་གྲུབ་ཚེ་དངུལ་ཆད་གཙོ་ བོར་གྱུར་བའི་ཉེས་པ་གཏོང་རྒྱུའི་སྒྲིག་གཞི་ཞིག་གསར་གཏོད་ཐུབ་ཚེ་ཏན་ཏན་ཕན་ཐོགས་ཡོང་ངེས། ཡིན་ནའང་སེམས་ཁྲལ་མེད་པ་ཞིག་ནི་ད་ལ་ྟ་གཞུང་ཞབས་ཁོངས་ཡིག་རྒྱུགས་གཏོང་མཁན་ལོ་རེ་ལས་ལོ་རེ་མང་དུ་སོང་སྟེ་ས་མིག་མི་ཁེངས་པ་དང་མི་མེད་པའི་གནས་ཚུལ་རྦད་དེ་མཇུག་བསྒྲིལ་ཟིན་པ་མ་ཟད། མིའི་ཉམས་མྱོང་གི་སྤུས་ཚད་ཙམ་ལས་ཤེས་ཡོན་གྱི་གནས་ཚད་ཐོག་ནས་དེང་དུས་ཀྱི་ཚད་གཞིར་མཐོ་རིམ་སློབ་གཉེར་ཐོན་པའི་མི་རབས་གསར་པ་ཞིག་གིས་གཞུང་འཛིན་བྱེད་པའི་ལོ་རབས་ནང་བསྐྱོད་བཞིན་ཡོད། འོན་ཏེ་ཉམས་མྱོང་ཅན་དང་འཛིན་སྐྱོང་ཁྲོད་གཞོགས་འདེགས་ཞུ་ཐུབ་མཁན་གྱི་ནུས་པ་ཅན་གྱི་མི་སྣ་ཁག་ཅིག་གི་སྟོང་ཆ་ད་དུང་བསྐོང་རྒྱུར་ལུས་བཞིན་ཡོད་པ་ནི་མུ་མཐུད་བཀངས་དགོས་པ་ཞིག་རེད། བཀའ་བློན་ཁྲི་པ་སུ་ཞིག་ཡིན་མིན་ལ་མ་ལྟོས་པར་གཞུང་ཞབས་ལས་བྱེད་གཙོ་བོར་གྱུར་བའི་སྤྱི་པའི་ཞབས་སྟེགས་ཐོག་བསྡད་དེ་ཞབས་ཞུ་གྲུབ་མཁན་མང་དུ་འགྲོ་རྒྱུ་མ་ཟད། གནས་སྟངས་དང་འགྱུར་འགྲོས་གང་གི་ ཐད་ནས་ཀྱང་དགོངས་པ་ཞུས་ཏེ་ཕྱིར་ཐོན་མཁན་སོགས་མང་དུ་འགྲོ་རྒྱུ་ལས་ཉུང་དུ་འགྲོ་མི་སྲིད། སེམས་ཁྲལ་མེད་པ་གཅིག་ནི་ང་ཚོར་ཞབས་ཞུ་བྱ་ཡུལ་གྱི་ས་སྟོང་མེད་པས་མི་མང་པོ་ཞིག་དགོས་མེད་རྐུབ་སྟེགས་ཐོག་སྡོད་པ་ལས་ཕྱིན་ན་ཡག་པ་དེ་འདྲའི་གནས་ ཚུལ་ཡང་ཡོད། དེ་ཚོའང་ང་ཚོས་ཤེས་དགོས་པ་ཞིག་འདུག ཡིན་ནའང་སྐད་ཆ་གང་བཤད་ཀྱང་བདག་པོ་བརྒྱབ་སྟེ་སོ་སོས་འགན་ལེན་བྱ་དགོས་པ་དེའང་ང་ཚོའི་སྤྱི་ཚོགས་ཀྱི་བཟང་ཆ་ཞིག་ཏུ་ངོས་འཛིན་བྱ་དགོས་པ་ལས། དཀྱིལ་འཁོར་གཅིག་གི་ནང་དུ་འཚང་སྟེ་སྡིགས་མོ་བསྐུལ་རེས་བྱེད་པ་ནི་ངོ་ཚའི་རྒྱུ་རང་མ་རེད་དམ།

    Reply
  10. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ལྷག་མེད་པ་རེད

    Reply
  11. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    གཞུང་ཞབས་མི་སྣ་ཙམ་མ་ཡིན་པར་གཞུང་འབྲེལ་ལམ་སྒེར་གང་ཡིན་ཡང་ལས་སྣེ་བ་མི་ཉུང་བ་ཞིག་གིས་འཕྲལ་སེལ་ཙམ་ལ་དམིགས་པ་མ་གཏོགས་དོན་ངོ་མ་བོད་སྤྱི་བའམ་༸གོང་ས་མཆོག་དང་སྐྱིད་སྡུག་མཉམ་མྱོང་གིས་ལས་སྣེར་བཞུགས་པ་ཧ་ཅང་ཉུང་ཉུང་དུ་སྣང་། དཔེར་ན་བལ་ཡུལ་སྣེ་ལེན་ཁང་དང་ཉེ་འཁོར་གྱི་ཚོགས་པ་ཁག་གི་གསར་འགོད་པ་ཚོ་ཡང་གོང་དང་གཅིག་མཚུངས་རེད། དང་པོ་ནང་དུ་འཛུལ་སྐབས་ཁོ་ཚོ་འབྲེལ་བ་བརྒྱུད་ནས་ལས་སྣེར་བཞུགས་པ་ལས་ཡོན་ཏན་དང་ལྷག་བསམ་ལ་ཞིག་ནས་འཇུག་མཁན་ཧ་ལམ་ཡོད་པ་མ་རེད། རྗེས་སུ་རང་གི་འཚོ་བའི་དཀའ་ངལ་ལ་སེམས་འཁྲལ་མེད་པའི་བརྒྱུད་རིམ་ནས་ཐབས་བརྒྱ་ཇུས་སྟོང་གིས་ཕྱི་བསྐྱོད་ཀྱི་ལམ་ཁ་བཙལ་བར་ལྟ་ན་གསལ་བོ་རེད། སྣེ་ལེན་ཁང་གཅིག་པོའི་ནང་དུ་ཉེ་བའི་ལོ་ལྔའི་ནང་ལས་བྱེད་མི་སྣ་བཅོ་ལྔ་ཉི་ཤུ་ཕྱི་རྒྱལ་ལ་འགྲོ་ཚར་རེད། ད་ལྟ་ལས་བྱེད་རྙིང་པ་ཟླ་བ་རྡོ་རྗེ་དང་དགྲ་འདུལ་མ་ཆེན་འོན་པ་མ་གཏོགས་ལྷག་ཡོད་མེད་པ་རེད། ཕྱི་ལོག་གི་གསར་འགོད་སྡེ་ཚན་ཡང་གཅིག་མཚུངས་རེད་ད་དུང་ལྷག་ཡོད་པ་མང་ཆེ་བས་ཕྱི་བསྐྱོད་ཀྱི་གོ་སྐབས་ལ་སྒུག་སྡོད་ཡོད་པ་རེད། འདི་འདྲ་བྱས་ན་གཞུང་སྒེར་གང་ཡིན་ཡང་ལས་ཀར་ཚགས་དམ་པ་ཞིག་བྱེད་པར་གནོད་སྐྱོན་ཐེབ་རྒྱུ་རེད་འདོད་བྱུང་།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    སྐྱབས་བཅོལ་གཞུང་གི་རྐུབ་སྟེགས་སྲུང་བ་དེ་ནི་མི་རིགས་ཤིག་གི་བླ་སྲོག་ལ་གཅེས་བཞིན་དང་སེམས་འཁུར་བྱེད་ཀྱི་ཡོད་ཟེར་ན་འགྲིག་ལ། ཕྱོགས་གཞན་ཞིག་ནས་རྐུབ་སྟེགས་ལ་མི་རིགས་ལ་འགན་འཁུར་བྱེད་མི་ཤེས་དག་གི་ཉིན་མ་འཕུད་ས་ཞིག་ཀྱང་ཆགས་ཡོད་ཟེར་ན་ཆོག དེ་གཉིས་ཀྱི་ནང་གི་གོང་མ་དེའི་རིགས་ནི་ཧ་ཅང་ཉུང་ལ། ཡོད་མཁན་དེ་དག་ལ་ཡང་མི་ཁ་དང་ཉེས་མིང་འདྲ་མིན་འདོག་བཞིན་ཡོད། ཕྱི་མ་དེའི་རིགས་ཀྱི་རང་གི་གྲོད་ཁོག་གི་ཆེད་དུ་བསྡད་ཡོད་ཟེར་ན་ཆོག དེ་ནས་མི་དེའི་རིགས་ཀྱི་རང་ཉིད་ཀྱི་ཁེ་ཁོ་ནར་དམིགས་བཞིན་ཡོད་སྟབས། གང་དུ་ཁེ་ཞིག་ཡོད་ན་དེ་རུ་འགྲོ་རྒྱུར་གྲ་སྒྲིག་གིས་བསྡད་ཡོད་སྟབས་གནས་ཚུལ་འདི་རིགས་རྒྱུན་དུ་བྱུང་བཞིན་ཡོད་པ་རེད།

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    རིན་པོ་ཆེ་ལ་ཐུགས་ཁག་མི་འདུག ཡིན་ཡང་། གཞུང་ཞབས་ཚོ་རང་མགོ་གང་ཐོན་གྱིས་འགྲོ་བཞིན་པ་ནི་ད་སྐབས་བཅོས་སུ་མེད་པའི་ན་ཚ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད། གཞུང་ཞབས་མ་ཡིན་པའི་རང་དབང་ཅན་གྱི་སྡེ་ཚན་གྱི་མི་སྣ་དང་། མང་ཚོགས་དཀྱུས་མ། བླ་མ་གྲྭ་པ་ཚོའང་གཅིག་མཚུངས་རེད།

    ཡིན་ཡང་། གཞུང་ཞབས་ལས་བྱེད་བསྡུ་སྐབས་མ་མཐའི་ཆ་རྐྱེན་ལྟ་བུའི་གན་རྒྱ་རེ་འཇོག་རྒྱུ་ཡོད་ན་ཅུང་ཙམ་ཕན་མི་ཡོང་ངམ་སྙམ།

    Reply
  14. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ད་གནས་སྐབས་ཙམ་དགྲ་དགའ་སྤྱད་དང་གྲོགས་སྡུག་སྤྱད་ཀྱི་སྐད་ཆ་མི་བཤད། རྒྱལ་ཁབ་དང་མི་རིགས་ལ་ཤ་ཚ་མཁན་གྱི་གྲོགས་པོ་ཚོར་ཁག་མེད་འདོད་ཀྱི

    Reply
  15. བདེ་བ་ཅན། says:
    ལོ་ 16 སྔོན།

    སྤྱི་འཐུས་ཚོས་འགན་འཁྱེར་མི་དགོས་པའི་བཀའ་སློབ་མ་གནང་རོགས། བརྗོད་གཞི་འདི་ལེགས་པོ་གང་འདྲ་མི་འདུག་གམ། སྤྱི་འཐུས་ཚོགས་གཙོའི་བཀའ་སློབ་དེ་སུ་ལ་དམིགས་ནས་གནང་གི་ཡོད་པ་རེད་དམ། བུ་གླེན་པས་ཕའི་མགོ་བོ་བརྡུང་པ་ནང་བཞིན་ཕ་བསད་མ་བརྡུང་ཡུལ་ནས་ཕུད་པའི་དགྲ་བོར་ཁ་གཏད་གཅོག་རྒྱུའི་འདུན་པ་མེད་པར། ག་དུས་ཡིན་ནའང་གངས་སྐྱིད་ཀྱི་དཀྱིལ་འཁོར་དེའི་ནང་ཕན་ཚུན་འཕྱ་སྨོད་དང་སྡིགས་མོ་བསྐུལ་རེས་བྱེད་པ་ནི་ངོ་ ཚ་དགོས་པ་ཞིག་མི་འདུག་གམ། རང་ཉིད་བཀའ་བློན་དུ་འདེམས་ཐོན་མ་བྱུང་ནའང་དེ་ལྟ་བུའི་སྐྱོན་བརྗོད་བྱ་བ་འདིས་སུ་ལ་ཕན་གྱི་བ་ཡོད་པ་རེད་དམ། ཡང་ན་དམིགས་ཡུལ་གཞན་ཞིག་གྲུབ་བསམ་པ་རེད་དམ། སྤྱི་འཐུས་རྣམ་པ་ཚོས་ཀྱང་རང་མགོ་གང་ཐོན་གྱིས་ལས་ཐོག་ཡིན་བཞིན་དུ་ཐོན་དང་ཐོན་བཞིན་ཡོད་པ་མ་རེད་དམ། ད་ལྟའི་ལས་ཐོག་གི་སྤྱི་འཐུས་ཁག་ཅིག་ཀྱང་རང་མགོ་གང་ཐོན་གྱིས་ཐོན་འགྲོ་བཞིན་ཡོད་པ་མ་རེད་དམ། ངས་མ་འོངས་པར་རང་ཉིད་ལོ་ན་བགྲེས་རྗེས་བོད་མི་མང་གི་ད་ལྟའི་སྤྱི་འཐུས་ནང་བཞིན་ཞིག་བྱེད་འདོད་ཡོད། གཙོ་བོ་སྐད་ཆ་གང་ཡང་བཤད་ཀྱང་འགན་འཁུར་དགོས་ཀྱི་མེད་ལ། ཡིག་སྐྱེལ་ནང་བཞིན་ལན་འཕྲོད་ཙམ་བྱུང་ན་འགྲིག་གི་ཡོད། ས་གནས་ཁག་ཏུ་ལྟ་སྐོར་ཕྱིན་རྗེས་ཐག་གཅོད་ཐུབ་པ་དང་གོ་ཚོད་པའི་གནས་ཚུལ་མང་དག་ཞིག་འཛིན་སྐྱོང་དང་དབུས་ནས་འཐུས་ཤོར་ཕྱིན་པའི་ནག ཉེས་ལྟ་བུར་གསོག་འཇོག་བྱས་ཏེ་གྲོས་ཚོགས་མ་ཚུགས་བར་སོ་སོའི་ཁུག་མའི་ནང་བསགས་རྗེས་གྲོས་ ཚོགས་སྐབས་དེ་དག་བཀའ་བློན་ཚོར་འཕེན་རྒྱུའི་མདའ་གཞུ་ལྟ་བུ་བྱ་གི་ཡོད། དེ་ནི་དངོས་གནས་ཐབས་སྐྱོ་བའི་བྱེད་སྟངས་ཞིག་མ་རེད་དམ། ང་ཚོའི་སྤྱི་འཐུས་ཚོས་ཡང་སྙིང་སུ་ཞིག་ལ་འགན་འཁུར་དགོས་ཀྱི་ཡོད་པ་རེད་དམ། ལྷག་བསམ་རྣམ་དག་བྱ་མཁན་གྱི་གཞུང་ཞབས་པ་དེ་དག་ཀྱང་བོད་མི་མང་གི་ཁུངས་སུ་ཚུད་ཀྱི་མེད་པ་རེད་ དམ། གཞན་ལ་ཉེས་སྐྱོན་བཙུགས་པར་རང་ཉིད་དཀར་པོར་ཐོན་ཐུབ་པ་བྱེད་དགོས་ལ། སོ་སོ་རང་ཉིད་ནས་འགོ་བཙུགས་ཏེ་འགན་ལེན་ཐུབ་པ་བྱ་དགོས། དེ་མིན་ད་ལྟའི་སྤྱི་འཐུས་རྣམ་པ་ཚོས་ལས་དོན་གང་ཞིག་ཡིན་ཡང་འཛིན་སྐྱོང་ཐོག་སྤུངས་ཏེ་འཁུར་མཉམ་ལེན་མི་བྱེད་པ་མ་ཟད། ད་དུང་དེ་ལས་ལྡོག་སྟེ་ཁ་ནང་གི་རྨ་ཁ་ཁ་ནང་དུ་གསོ་ཐབས་མ་བྱས་པར་བྱས་ཡུས་བཤད་དེ་མི་མང་སྤྱི་འཐུས་ཀྱི་ ཞབས་སྟེགས་དེར་ཤི་འཐམས་རོ་འཐམས་བྱེད་འདོད་ཀྱི་རྣམ་འགྱུར་བཏོན་གྱི་འདུག དངོས་གནས་ཡ་མཚན་རེད། སྤྱི་འཐུས་རྣམ་པ་ཚོས་གང་བཤད་པ་དེར་འགན་ལེན་བྱ་མ་དགོས་པ་དེ་བཅའ་ཁྲིམས་ཀྱི་གཏན་ལ་ཕབ་པ་རེད་དམ། ཡང་ན་ཁྱེད་ཚོས་དེ་སྔ་གྲོས་ཚོགས་སྟེང་རྩོད་གླེང་ཤུགས་ཆེ་བྱེ་དཔའི་སྲོལ་རྒྱུན་གྱི་གོམས་གཤིས་ ཞེས་པ་དང་འབྲེལ་བ་ཡོད་པ་རེད་དམ།

    Reply
  16. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཀའ་སློབ་གནད་ལ་འཁེལ་བ་གསུངས་འདུག་པར་ཐུགས་རྗེ་ཆེ། ཁྱེད་རང་ཐེངས་རྗེས་མའི་བཀའ་ཁྲིའི་འོས་གཞི་རན་ཤོས་དང་རེ་བ་ཆེ་ཤོས་སུ་ངོས་འཛིན་གནང་གི་ཡོད་པ་དོན་ལ་གནས།
    གནད་དོན་དེ་དག་གི་བཀའ་བློན་ཟམ་གདོང་གིས་འཛིན་སྐྱོང་གནང་རིང་འཐུས་ཤོར་ཆེན་པོ་དང་ཉེན་འཚབས་ཆེ་ཤོས་དེ་ཡིན་པར་འདོད། སྲི་ཞུ་ལས་བྱེད་པར་སེམས་ཤུགས་སྤར་རྒྱུའི་ཚབ་ལ་སེམས་ཤུགས་ཆག་གཞི་དང་གཞི་རྩ་མེད་པ་དང་ལག་པ་འཇུས་ས་འཆང་ས་མེད་པའི་དབང་བོའི་གཞུ་རིས་ལྟ་བུའི་ལྟ་གྲུབ་རྐྱང་བཤད་ནས་བསྡད་པའི་མཇུག་འབྲས་རེད། ལྟོས་དང་ཁོ་བོས་ཐེངས་འདིའི་གསུངས་བཤད་ཡང་རྒྱ་དེ་ལས་མ་འདས་པ་མ་ཡིན་ནམ།

    Reply
  17. བསེ་རུ། says:
    ལོ་ 16 སྔོན།

    རང་དབང་རྒྱལ་གྱུར་ཅིག
    བདེན་དོན་རྒྱལ་གྱུར་ཅིག
    ཞི་བདེ་རྒྱལ་གྱུར་ཅིག
    མང་གཙོ་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese