མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་མཛད་འཕྲིན་ལ་སྟངས་འཛིན་བྱས་པ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིན་གྱིས་ཐའེ་ཝན་གྱི་དབུ་ཁྲིད་ཚོར་༧གོང་ས་མཆོག་གི་མཛད་འཕྲིན་ཁག་ཅིག་ཕྱིར་འཐེན་བྱ་རྒྱུའི་དགོས་འའདུན་བཏོན་ཡོད་པ་རེད།

ཕྱི་ཚེས་ ༢ ཉིན་བཙན་བྱོལ་བོད་གཞུང་གིས་བཞུགས་སྒར་ངྷ་སར་བོད་ཀྱི་དམངས་གཙོའི་དུས་དྲན་ཐེངས་ ༤༩ པ་དེ་སྲུང་གཙི་བྱས་ཡོད་ལ། ཉིན་འདིར་༧གོང་ས་མཆོག་ཐའེ་ཝན་དུ་བཞུགས་ཡོད་ལ། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་གསུང་བཤད་གནང་བར་དོགས་ནས་ཐའེ་ཝན་གྱི་དབུ་ཁྲིད་དག་གིས་༧གོང་ས་མཆོག་གི་མཛད་འཆར་ཁག་ཅིག་ཕྱིར་འཐེན་བྱེད་དུ་བཅུག་འདུག་ལ། དེའི་ཁྲོད་དུ། གསར་འགོད་འདུ་འཛོམས་ཀྱི་མཛད་རིམ་དང་། གསར་འགོད་པ་རྣམས་ལ་བཅར་འདྲི་དང་ལེན་བྱེད་དུ་མི་འཇུག་པ། དེ་བཞིན་༧གོང་ས་མཆོག་གིས་མི་གྲངས་ཁྲི་གཅིག་ ༡༠༠༠༠ ལྷག་ལ་གསུང་བཤད་གནང་རྒྱུའི་མཛད་རིམ་ཡོད་པ་དེ་དག་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ཅེས་བོད་མི་མང་སྤྱི་འཐུས་བསྟན་འཛིན་མཁས་གྲུབ་ལགས་ཀྱིས་རོའི་ཊར་གསར་ཁང་ལ་ཕྱི་ཚེས་ ༢ ཉིན་བཤད་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་བསྟན་འཛིན་མཁས་གྲུབ་ལགས་ཀྱང་ཐའེ་པེ་རུ་བཞུགས་ཡོད་ལ། ཁོང་གིས་གསུངས་དོན། པེ་ཅིན་གྱི་དབུ་ཁྲིད་ཚོས་༧གོང་ས་མཆོག་གིས་གླིང་ཕྲན་འདིའི་ནང་དུ་གསུང་བཤད་གནང་བར་སེམས་ཁྲལ་བྱེད་ཀྱིན་ཡོད་ལ། ཐའེ་ཝན་གཞུང་གིས་ཀྱང་རང་ཚུགས་མ་བཟུང་བར་པེ་ཅིན་གྱི་སྐད་ཆར་ཉན་པ་རེད། འདི་ནི་གུང་ཁྲན་ཏང་གི་ཐའེ་ཝན་མ་རེད། འདི་ནི་དམངས་གཙོའི་ཐའེ་ཝན་རེད། ཡིན་ཡང་། ༧གོང་ས་མཆོག་གིས་མགྲོན་བདག་ཚང་ལ་དཀའ་ལས་གཏད་འདོད་ཡོད་པ་མ་རེད་ཅེས་གསུངས་ཡོད་པ་རེད།

ཐའེ་ཝན་སྲིད་འཛིན་མ་ཡུན་ཇིག་གི་མགྲིན་ཚབ་པ་ ཊོ་ནེ་ཝང་གིས་བཤད་དོན། པེ་ཅིན་གྱིས་སྲིད་འཛིན་མ་ཡུན་ཇིག་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་འཕྲིན་ཁག་ལ་སྟངས་འཛིན་བྱ་དགོས་སྐོར་བཤད་ཡོད་པ་མ་རེད། ཏཱ་ལའི་བླ་མ་མཆོག་གི་མཛད་འཕྲིན་ཁག་ནི་ཁོང་གི་ཐུགས་འདོད་ལྟར་རེད། སྲིད་འཛིན་གྱི་ལས་ཁུངས་ཀྱིས་ཁོང་གི་ཐག་གཅོད་ཚང་མར་བརྩི་བཀུར་བྱེད་ངེས་ཡིན་ཅེས་བཤད་ཡོད་པ་རེད།

པེ་ཅིན་གྱིས་ཐེངས་འདིར་སྲིད་འཛིན་མ་ཡུན་ཇིག་ལ་དམིགས་བསལ་གྱི་སྐྱོན་བརྗོད་བྱས་མེད། ཡིན་ཡང་། ༧གོང་ས་མཆོག་ཐེངས་འདིར་ཐའེ་ཝན་དུ་ཕེབས་པར་བརྟེན་རྒྱ་ནག་དང་ཐའེ་ཝན་གཉིས་བར་གྱི་ལས་དོན་བའི་རིགས་ནར་འགྱངས་བྱས་ཡོད་པ་རེད།

པེ་ཅིན་དང་ཐའེ་ཝན་གཉིས་ཀྱིས་ལོ་འདིའི་ལོ་དཀྱིལ་ནས་བཟུང་མཉམ་ལས་མགོ་བཙུགས་ཏེ། འདས་པའི་ལོ་ ༦༠ རིང་གི་རྨ་ཁ་གསོ་ཐབས་བྱེད་ཀྱིན་ཡོད་པ་རེད། དེར་བརྟེན་འབྲེལ་ལམ་འདིར་དོ་ཕོག་ཆེན་པོ་མི་ཡོང་བའི་ཆེད་དུ་པེ་ཅིན་གྱིས་སྲིད་འཛིན་མ་ཡུན་ཇིག་ལ་སྐྱོན་བརྗོད་བྱེད་མ་ཐུབ་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།

དེ་རིང་པེ་ཅིན་གྱི་གསར་འགོད་འདུ་འཛོམས་ཤིག་གི་སྟེང་དུ་བོད་རང་སྐྱོང་ལྗོངས་ཀྱི་སྲིད་སྐྱོང་བ་གཞོན་པ་པད་མ་འཕྲིན་ལས་ཀྱིས་བཤད་དོན། ཁོས་ད་དུང་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་གི་ཡོད་པ་མ་རེད། ཁོང་མི་ལོ་ ༥༠ ཡར་སྔོན་ནས་ཕྱི་ཕྱོགས་ལ་བྲོས་པ་རེད། དུས་དེ་ནས་བཟུང་ཁོས་མང་ཚོགས་དང་གསར་འགོད་བརྒྱུད་ལམ་ཁག་ལ་མགོ་སྐོར་བསླུ་བྲིད་བྱེད་པ་མཚམས་འཇོག་མྱོང་ཡོད་པ་མ་རེད་ཅེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 7

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ༧གོང་ས་མཆོག་གིས་ཐའེ་ཝན་ནས་གསུངས་དོན། ཁོང་གིས་ཐེངས་འདིར་ཐའེ་ཝན་ནང་གཟིགས་སྐོར་གནང་བ་དེས་པེ་ཅིན་དང་ཐའེ་པེ་ཡི་འབྲེལ་བར་དོ་ཕོག་བྱུང་ཡོད་མེད་དེ་འབྱུང་འགྱུར་ཟླ་བ་དྲུག་ནས་བཅུ་གཉིས་ཀྱི་རིང་ལ་གསལ་བོར་རྟོགས་ཐུབ་གི་རེད་ཅེས་གསུངས་འདུག

    Reply
  2. ཚ་ཕྲུག་འདུན་མཚོ་ says:
    ལོ་ 17 སྔོན།

    མི་རིགས་གཞན་གྱི་གང་བཤད་ཀྱང་བློ་ཕམ་དགོས་པ་་གང་ཡང་མེད་ཀྱང་རིགས་རུས་གཅིག་པའི་སྤུན་ཟླ་ཞིག་གི་དེ་ལྟ་བཤད་པ་ནི་དངོས་གནས་བློ་ཕམ་ཚད་མེད་བྱུང་ཡིན་ན་ཡང་དེ་ནི་སྐུ་ཉིད་ཀྱི་སེམས་སྟིང་གི་སྐད་ཆ་མིན་པའི་རེ་བ་བྱེད་ཀྱི་ཡོད། ཐེ་ཝཎ་གྱི་སྲིད་འཛིན་དེ་དངོས་གནས་རྒྱ་མི་རིགས་ཀྱི་གླད་རྙིང་ཁྲིད་འཛིན་བྱེད་མཁན་ཞིག་རེད་འདུག།

    Reply
  3. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    མི་ཡི་ལས་རྟེན་དུད་འགྲོའི་བྱ་སྤྱོད་ཅན།།
    ཁྱི་ལྟོ་འགྲང་ཚད་རེག་པའི་པདྨ་ཁྱོད།།
    ཨ་བ་གླང་མགོའི་གྲོང་ཁྱེར་མ་མཐོང་བར།།
    རྒྱ་དཔོན་ཀྲང་གི་རྐུབ་དང་བྲལ་མེད་བྱོས།།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ལྟ་བ་སྲིད་ཀྱི་ལངས་ཕྱོགས་མ་མཐུན་ཡང་།།
    དོན་གྱི་གནད་ལ་ཁེལ་བའི་ཉིན་མོ་དེར།།
    རྒྱ་འདྲེ་ཆེ་ཆུང་གཉིས་ཀྱི་ཁོག་པ་ན།།
    མི་རིགས་ཆེན་པོ་ཞིག་གི་བག་ཆགས་ཤིག།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཐའེ་ཝན་གྱི་ས་གནས་ཚགས་པར་ཁང་ཞིག་གིས་ཐེངས་འདིར་༧གོང་ས་མཆོག་གླིང་ཕྲན་དེའི་ནང་ཕེབས་པའི་ཐད་བསམ་ཤོག་བསྡུས་པར། བརྒྱ་ཆ་ ༦༠ ཡིས་རྒྱབ་སྐྱོར་གནང་འདུག

    ངའི་བསམ་ཚུལ་ཡིན་ན་ཐའེ་ཝན་མི་དམངས་ཀྱི་རྒྱབ་སྐྱོར་གྱི་ཚད་ད་དུང་ཤུགས་ཆུང་ཆུང་རེད་སྙམ།

    Reply
  6. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    བོད་རང་སྐྱོང་ལྗོངས་ཀྱི་སྲིད་སྐྱོང་བ་གཞོན་པ་པད་མ་འཕྲིན་ལས་ཟེར་བ་འདི་དམར་ཕྱོགས་རང་ལུགས་པའི་རྒྱུག་ཁྱི་དང་གཡམ་རྒྱུགས་བྱེད་མཁན་ཞིག་ཡིན་པ་གདོན་མི་ཟ

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྒྱའི་སྲིད་གཞུང་གིས་འདྲེ་ལག་འདི་དངོས་ནས་རིང་གི རིང་བ་ཙམ་མ་ཟད། ནུས་པ་ཡང་ཐོན་འདུག དམངས་གཙོའི་གཞུང་དུ་གྲགས་པའི་ཐེ་ཝན་འདི་ཚང་ལ་འདི་འདྲའི་སྟངས་འཛིན་ཞིག་ཐུབ་ཀྱི་ཡོད་པ་འདིས། ད་ནི་མི་རིང་བར་རྒྱའི་སྲིད་གཞུང་གི་མངའ་ཁུངས་དུ་འགྲོ་འདོད་ཡོད་པའི་དབུ་ཁྲིད་དག་ཡོད་པ་མཚོན་གྱི་ཡོད་པ་ལས། ཕན་ཚུན་གྱི་འབྲེལ་ལམ་གཅིག་བུར་བསམ་པ་ཞིག་གཏན་ནས་མ་རེད། ཕན་ཚུན་གྱི་འབྲེལ་ལམ་ནི་ཕྱོགས་གཉིས་ཀྱི་བསམ་དགོས་པ་ཞིག་ལས། ཐེ་ཝན་གཅིག་བུའི་འགན་ཐེགས་པ་ཞིག་གཏན་ནས་མ་ཡིན་ནོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese