མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉེས་པ་རེད། ཆོས་འཛིན།

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཆོས་འཛིན།

ད་ལོའི་བོད་ཁྱིམ་གྱི་འཛིན་རིམ་བརྒྱད་པའི་སྤྱི་སྙོམས་ཡིག་རྒྱུགས་ཆེན་མོའི་བོད་ཡིག་དྲི་ཤོག་དེས་ང་ཚོར་ཤེས་ཡོན་གྱི་འཐུས་ཤོར་ཐད་ནས་སླར་ཡང་སེམས་འཚབ་ཆེན་པོ་རེ་བསླངས་བྱུང་།
    ངས་དྲི་ཤོག་དེ་མགོ་ནས་མཇུག་བར་དུ་ཐེངས་ཤིག་བཀླགས་པ་ཡིན། ཤོག་ངོས་དང་པོའི་སྒང་དེར། དྲི་བའི་བརྒྱ་ཆ་ཆ་འགོད། ལྟ་བུ་ཞིག་བྲིས་འདུག་ལ། མཐར་ཐུག་རེ་བ་སྒྲུབ་པར་ཤོག ཅེས་ཤོག་ངོས་མཐའ་མའི་མཇུག་དེར་རེ་སྨོན་གྱི་ཚིག་དེ་ཡང་གོ་རྒྱུ་མེད་པ་ཞིག་བྲིས་འདུག འདི་ལྟ་བུའི་ཡིག་ནོར་གྱི་རིགས་ནི་དྲི་ཤོག་དེའི་ཤོག་ངོས་ཚང་མའི་སྟེང་ན་རྒྱུན་ལྡན་དང་བག་ཡངས་ཀྱི་ཚུལ་དུ་འདུག

    དཀའ་ངལ་ཆེ་ཤོས་དེ་ནི་དགེ་རྒན་གྱི་དྲི་བ་ནོར་བ་དང་ཡིག་ནོར་ལ་བསྟེན་ནས་སློབ་མ་ཚོའི་སྐར་གྲངས་ལ་དོ་ཕོག་འགྲོ་བཞིན་པ་དེ་རེད། ངས་ཐེངས་འདིའི་ཡིག་རྒྱུགས་ཀྱི་དྲི་ཤོག་ལ་ལྟ་མཁན་བོད་ཡིག་དགེ་རྒན་རེ་ཟུང་མཉམ་དུ་སྐད་ཆ་བཤད་པ་ཡིན། དགེ་རྒན་གཅིག་གིས་བཤད་དོན། བཤེས་སྤྲིངས་ནི་འཛིན་རིམ་བཅུ་བའི་སྐབས་སུ་གཞི་ནས་འཁྲིད་ཀྱིན་ཡོད་པ་རེད། ཡིན་ཡང་། ཐེངས་འདིའི་འཛིན་རིམ་བརྒྱད་པའི་ཡིག་རྒྱུགས་ཀྱི་དྲི་ཤོག་ནང་དུ་བཤེས་སྤྲིངས་ཀྱི་ཚིགས་བཅད་ཅིག་བཀོད་དེ། ཚིགས་བཅད་ཀྱི་ནང་དོན་ལ་གཞིགས་ཏེ་ཡིག་ཕྲེང་བཅོ་ལྔ་ལས་མི་ཉུང་བའི་རྩོམ་ཐུང་ཞིག་ཕྲིས་ཞེས་བཀོད་ལ། ཚིགས་བཅད་དེའང་ཇི་བཞིན་དུ་བཀོད་མེད་པར་ནང་ལ་ཡིག་ནོར་བྲིས་ཏེ་གོ་རྒྱུ་མེད་པ་ཞིག་ཏུ་བཏང་འདུག་སྟབས། སློབ་མ་ཚོ་འཐོམ་བསྡད་འདུག་ཟེར།

    ཡང་། དོན་གནད་གཞན་ཞིག་ནི། འཕྲིན་ཡིག་གི་སྐབས། ལྷ་ས་ནས་ཡིན་པ་དགྲ་ལྷ་ཞུ་བ་ཞིག་ལ་ ༢༠༠༨ དང་ ༢༠༠༩ ལོའི་བཙན་བྱོལ་བོད་གཞུང་གི་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་ལས་འགུལ་སྤེལ་བའི་ནང་ནས་གལ་ཆེའི་སྙིང་བསྡུས་ཤིག་ཕྲིས་ཞེས་མངགས་འདུག་ལ། གཏོང་ཡུལ་དེ་བཙན་བྱོལ་གྱི་སློབ་མ་ཞིག་ཡིན་པ་འདྲ། ཡིག་རྒྱུགས་ལ་ཞུགས་མཁན་གྱི་སློབ་མ་ཚོས། དགེ་རྒན་ཆེ་གེ་མོར། དྲི་བ་འདི་ནོར་འདུག ལྷ་སའི་སློབ་ཕྲུག་ཅིག་གིས་བཙན་བྱོལ་གྱི་གསུམ་བཅུའི་དུས་དྲན་སྐོར་འབྲི་ཁག་པོ་རེད། དེ་བས་འདི་ཕྱོགས་ཀྱི་སློབ་ཕྲུག་ཅིག་གིས་གསུམ་བཅུའི་དུས་དྲན་གྱི་སྐོར་བྲིས་ནས་ཕར་ལྷ་སའི་སློབ་ཕྲུག་དེར་བཏང་ན་ལན་པོ་ཡོད་པ་རེད་ཅེས་བཤད་ཀྱིན་འདུག་ཟེར། འདི་ནི་དྲི་ཤོག་བཟོ་མཁན་དགེ་རྒན་དང་ཡིག་རྒྱུགས་ལ་ཞུགས་མཁན་སློབ་ཕྲུག་གི་བར་གྱི་མ་མཐའི་གོ་རྟོགས་ཀྱི་གནས་བབ་ཙམ་རེད།

    དེ་བཞིན་སྐབས་ཤིག་ཏུ། འོག་གི་ཚིག་རྣམས་ལ་ཡིག་འབྲུ་བཅུ་ལས་མི་ཉུང་བའི་ཚིག་སྒྲུབ་དོན་དང་ལྡན་པ་རེ་ཕྲིས་ཞེས་མངགས་པ་དང་། ཚིག་དེ་དག་གི་ཁོངས་སུ། ཁ་ཚ་དགོས་འདུག ཅེས་ཁ་ཚ་དགོས་གཏུགས་ཀྱི་དག་ཆ་ནོར་ནས་བྲིས་ཡོད་ལ། དགེ་རྒན་ཞིག་གིས་ཧབ་དགོད་དང་བཅས་བཤད་དོན། སློབ་མ་ཚོར་ཁག་མི་འདུག སློབ་ཕྲུག་ཅིག་གིས། ཟ་མ་བཟའ་དུས་ཁ་ཚ་དགོས་འདུག ཅེས་བྲིས་པ་དང་། ཡང་སློབ་ཕྲུག་གཞན་ཞིག་གིས། ཁྱིམ་ཚང་གི་ཨ་མ་ཚོ་ཁ་ཚ་དགོས་འདུག ཅེས་བྲིས་འདུག་ཟེར། སྐབས་འདིར་སློབ་ཕྲུག་ཚོར་སྐར་གྲངས་སྤྲོད་ཀྱི་ཡིན་ནམ་མིན།

    དྲི་ཤོག་གི་ངོས་ཤིག་ཏུ། གཤམ་གྱི་ཚིགས་བཅད་འདི་ལ་འགྲེལ་བཤད་ཁ་གསལ་དོན་དང་ལྡན་པ་ཞིག་ཕྲིས་ཞེས་སྐུལ་ཞིང་། ཚིགས་བཅད་དེ་ཡང་།
    མཁས་པ་ཐམས་ཅད་སློབ་པའི་དུས་ན་སྡུག །སྐྱིད་པོ་བྱས་པའི་ལོ་པན་རྒྱ་བོད་མེད། །འཇིག་རྟེན་པ་ནི་སློབ་མི་དགོས་ཏེ་ཤེས། །ཡོན་ཏན་མཁས་པའི་གོང་ན་ཡོད་པ་མིན། ། ཞེས་བྲིས་འདུག ཚིགས་བཅད་འདི་བཀླགས་རྗེས་ང་རང་ཡང་འཐོམ་སོང་། བཤད་ཚུལ་ལྟར་ན། དྲི་ཤོག་ལ་ལྟ་མཁན་དགེ་རྒན་ཚོ་ཡང་འཐོམ་སྟེ། མཐར་འདིའི་གོ་དོན་གང་ཡིན་མ་ཤེས་པར་དྲི་ཤོག་བཟོ་མཁན་ཁོ་རང་གི་ལན་ངོ་མ་དེར་ལྟ་དགོས་པར་གྱུར་ཟེར། གཤམ་དུ་ང་ཚོས་དྲི་ཤོག་བཟོ་མཁན་ཁོ་རང་གི་ལན་དེར་ཅིག་ལྟ། ཚིག་ལྷུག་ནི། བླང་དོར་འབྱེད་པར་མཁས་པའི་མཁས་པ་ཐམས་ཅད་ཡོན་ཏན་སློབ་པའི་དུས་ན་སྡུག ངལ་མེད་སྐྱིད་པོ་བྱས་པའི་ལོ་ཙཱ་བ་དང་པཎ་ཏ་ནི་རྒྱ་བོད་གང་ན་ཡང་མེད་དོ། འཇིག་རྟེན་པ་ནི་སློབ་མི་དགོས་པར་རང་བཞིན་གྱིས་ཤེས་པ་ཡིན་ལ་ཡོན་ཏན་ནི་མཁས་པའི་གོང་ན་ཡོད་པ་མ་ཡིན་ནོ། ཟེར།

རྣམ་པ་ཚོས་འདིའི་གོ་དོན་གསལ་བོ་ཞིག་རྟོགས་སོང་ངམ། སྤྱིར་ཤེས་ཡོན་འཐུས་ཤོར་གྱི་ཨག་སྐད་ཤོར་བཞིན་པའི་སྐབས་ཤིག་ལ་འདི་ལྟའི་གོ་རྒྱུ་མེད་པ་དག་བྲིས་ནས་ཡིག་རྒྱུགས་བླངས་བསྡད་ན་སློབ་ཕྲུག་འདི་ཚོར་བློ་སྐྱེད་ཅིག་ཡོང་གི་རེད་དམ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༨ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༩ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 13

  1. གསང་གཏོར། says:
    ལོ་ 17 སྔོན།

    ཨ་མ་ཡིན་དང་ཡིན། བོད་ཁྱིམ་སློབ་གྲྭའི་གློག་ཀླད་ཀྱི་སློབ་ཚན་ཞིག་ཡོད་སྐད་འདུག་ ཕན་ཐོག་ཡོད་པ་གང་ཡང་སློབ་ཀྱི་ཡོད་དང་ཁུངས་ཁྱོལ་བ་གང་ཡང་སློབ་ཀྱི་མ་རེད། དེ་ནི་ཁོང་ཚོའི་ཆོས་ཉིད་རེད།

    Reply
  2. tashi dawa says:
    ལོ་ 17 སྔོན།

    དངོས་གནས་ཁྱད་མཚར་རེད། བོད་ཕྲུག་རྣམས་ལ་སློབ་སྦྱོང་ཡག་པོ་ཞིག་སྤྲད་རྒྱུ་དང་། འཛམ་གླིང་གང་དུ་བསྐྱོད་ཀྱང་མི་རིགས་གཞན་དང་དཔུང་པ་མཉམ་གཤིས་བྱེད་ཐུབ་ན་ང་རང་ཚོ་ལ་ཁེ་ཕན་ལས་གནོད་ཚབས་མེད་པ་ཧ་གོ་གསལ་རེད། ན་ལོ་བོད་ནང་ཟིང་འཁྲུགས་ཐོག་མར་ལངས་སྐབས་དེའི་པར་དང་གནས་ཚུལ་རྣམས་ཉིན་རེ་བཞིན་བཏང་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ལབ་དུས་ཀྱང་། ང་ཚོ་རྒྱ་གར་སློབ་གྲྭ་སོགས་སུ་བསྡད་སྐབས་དྲྭ་གནས་གཏོང་སྟངས་སྐོར་སློབ་སྦྱོང་སྤྲད་མ་སོང་ཟེར་གྱིས།

    Reply
  3. གསང་གཏོར། says:
    ལོ་ 17 སྔོན།

    ད་དུང་དེ་དག་ག་ལ་ཚད། བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རེར་སྦྱིན་བདག་གསུམ་བཞི་ཡོད་པ་ཡོངས་གྲགས་རེད། ཡིན་ནའང༌། ལོ་སྔོན་མ་ནས་བཟུང་སློབ་ཕྲུག་ཚོར་སྒྲིག་ཆས་རག་གི་མེད་ཅིང༌། སོ་སོའི་ནང་མི་སྤུན་མཆེད་ཡོད་ན་བཟོས་སྟེ་མཁྱེར་ཤོག་ཟེར་ཡོད་པ་རེད། གལ་སྲིད་འཛིན་གྲྭར་འགྲོ་དུས་སྒྲིག་ཆས་མེད་ན་སློབ་གྲྭའི་གཞུང་གི་བཟོ་མ་སོང་ཟེར་ས་མེད་ཅིང༌། འབྲེལ་ཡོད་དགེ་རྒན་སོགས་ནས་བཙན་དབང་གི་སྒྲིག་ཆས་མེད་ན་གྱོན་ཤོག་ཟེར་གྱི་ཡོད་པ་རེད། དེ་ལྟ་བུ་སྦྱིན་བདག་གི་རེ་རེའི་དངུལ་དེ་དག་ག་འདྲ་བེད་སྤྱོད་གཏོང་གི་ཡོད་མེད་ཐེ་ཚོམས་ཀྱི་གནས་སུ་གྱར། སྤྱིར་བོད་ཁྱིམ་སློབ་གྲྭ་དངུལ་རྩིས་གཙང་མ་ཡོད་པའི་ཚོགས་པ་ཞིག་མིན་ལ། མི་ལོ་ཉི་ཤུའི་སྔོན་ལ་དངུལ་རྩིས་སྐོར་དཀའ་ངལ་དུ་མ་འཕྲད་ཡོད་པ་ཡོངས་གྲགས་རེད།

    Reply
  4. tashi dawa says:
    ལོ་ 17 སྔོན།

    ཁྱོད་རྣམས་ཀྱིས་བོད་ཁྱིམ་སློབ་གྲྭའི་སྐོར་གསུང་དུས། ང་རང་གིས་ཀྱང་ཚིག་ཁ་ཤས་ཞུ་འདོད་བྱུང་། ང་རང་ད་ལོ་སྦེར་སུ་ཇ་སློབ་གྲྭར་ཕྱིན་པ་ཡིན། དེར་སློབ་ཕྲུག་ངོ་ཤེས་གཅིག་གིས་སློབ་གྲྭར་ད་ལོར་ཁ་ལག་ཡག་པོ་མེད་རབས་དང་། བོད་ནས་གསར་དུ་སློབ་སྦྱོང་གི་ཆེད་དུ་ཡོང་མཁན་མང་པོ་ཞིག་ཡིག་རྒྱུགས་མ་འཕྲོད་པར་ཕ་ཡུལ་དུ་ལོག་དགོས་པ་དང་། ཟ་ཁང་སོགས་སུ་གཡོག་པོའི་ལས་ཀ་མ་རག་པའི་དཀའ་ངལ་ནི་དམྱལ་བ་ལྟ་བུ་འདུག་ཅེས་ཟེར། ཕ་ཡུལ་དུ་ལོག་ན་སློབ་སྦྱོང་མེད་པ་དང་། རྒྱ་ནག་གིས་དོག་པའི་མི་སྣར་གྱུར་པ་སོགས་ཀྱི་བུ་མོ་མང་པོ་ཞྀག་ནི་འཁྱམས་པོ་ཆགས་ཀྱི་ཡོད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་བོད་ནས་འབྱོར་མཁན་རྣམས་ཀྱི་ཚད་གཞིར་བལྟས་ནས་སློབ་སྦྱོང་སྤྲད་དགོས་པ་ལས་བཙན་དབང་གིས་ཚད་མཐོ་པར་སློབ། མ་ཤེས་དུས་སློབ་གྲྭ་ནས་ཕྱིར་ཕུད་བཏང་པ་སོགས་ནི་བཙན་བྱོལ་ཞིག་གིས་ལས་ཀ་ནི་མ་མཐོང་ངོ།

    Reply
  5. མི་འཁྱམ says:
    ལོ་ 17 སྔོན།

    འཛིན་རིམ་བརྒྱད་པའི་བོད་ཡིག་དྲི་ཤོག་དང་།།
    ཟིན་བྲིས་པ་དང་བསམ་ཚུལ་སྤེལ་མཁན་གྱི།།
    ང་དང་ཁྱོད་དང་ད་དུང་ཁོང་ཚོ་སྟེ།།
    མང་པོ་ཞིག་གིས་ཡིག་ཚད་འདི་འདྲ་ཡི།།
    རྩོམ་ཡིག་བསམ་ཚུལ་གང་བྱུང་སྤེལ་མུས་ལ།།
    ཉེན་བརྡ་ཙམ་ནི་གཏོང་མཁན་དགོས་ནས་འདུག།
    ཧཧཧ་་་ཧཧཧཧ་
    ང་རང་ཐེ་བའི་མང་པོ་ཞིག་ནི་འཛིན་རིམ་བརྒྱད་པ་དང་དེའི་མན་ན་འདུག་གོ།

    Reply
  6. ནོར། says:
    ལོ་ 17 སྔོན།

    འཇིག་རྟེན་པ་ནི་སློབ་མི་དགོས་ཏེ་ཤེས། །ཡོན་ཏན་མཁས་པའི་གོང་ན་ཡོད་པ་མིན། །

    དངོས་གནས་ཉྭ་འདར་དགོས་བ་ཞིག་བྲིས་འདུག

    Reply
  7. མགྲིན་པ་ཟབ་མོ། says:
    ལོ་ 17 སྔོན།

    གྲོགས་པོ་ཚོ། གནད་དོན་གླེང་ན་ཆོས་འཛིན་གྱི་གླེང་སྟངས་ལྟར་གླེང་དགོས་པ་རེད། ཁོས་གང་ཟག་སྒེར་དང་ཚོགས་པ་སྒྲིག་འཛུགས་ནག་པོར་བཟོ་འདོད་ཀྱི་དབང་གིས་དགའ་མི་དགའི་སྐད་ཆ་བཤད་མི་འདུག དོན་དངོས་གང་ཡིན་པ་དེ་རེ་རེ་བཞིན་བྲིས་རྗེས་ཀློག་མཁན་ཚོར་དཔྱད་ཞིབ་ཏུ་བཞག་འདུག

    ཁྱེད་ཚོས་ཀྱང་བསམ་ཚུལ་འདོན་དུས། དཀའ་ངལ་གང་དུ་འཕྲད་འདུག དེ་སེལ་ཐབས་ཅི་ཞིག་འདུག ཡང་ན། དཀའ་ངལ་ལ་ངོས་འཛིན་སྟངས་མི་འདྲ་བ་འདྲ་ཡོད་ན་དེ་དག་གསལ་བོར་བཤད་དགོས་པ་རེད། ག་དུས་ཡིན་ན་གང་ཟག་སྒེར་བ་ཞིག་གི་ཐོག་ལ་བསྐོར་ནས་མུག་བཤད་རྒྱག་གིན་པ་འདི་ཡག་རྟགས་ཤིག་ཁྱོན་ནས་མ་རེད།

    Reply
  8. གསང་གཏོར། says:
    ལོ་ 17 སྔོན།

    ཧ་གོ་ཡི་ཡོད་ལ་དོན་རྟོགས་ཀྱི་ཡོད། ངས་དངོས་བདེན་གཞིར་བཞག་ནས་སྐད་ཆ་བཤད་ཀྱི་ཡོད་ལ། ཐོགས་མ་ཤེས་ཡོན་སྲིད་ཇུས་དེ་གཏན་ལ་མ་ཕེབས་གོང་ནས་ཤེས་ལྡན་མི་སྣ་དང་མང་ཚོགས་ནང་བསམ་ཚུལ་ཇི་ཡོད་མ་གོ་མ་ཐོས་མེད་པ་རང་གཞུང་གི་ཡང་ནས་ཡང་དུ་གསལ་བསྒྲགས་བྱས་ཡོད་པ་རེད། དེ་དུས་བློ་གྲོས་རྒྱལ་པོ་དང་ཆུང་ཚང་ཁྱེད་གཉིས་མགོ་དོང་ན་བཅུག་ཏེ་བསྡད་པ་ཡིན་ནམ་ཡང་ན་དབང་པོ་སྣ་ལྔ་མ་ཚང་པའི་གང་ཟག་ཡིན། གང་ལྟར་ད་ལྟའི་སྐབས་སུ་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་ལ་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱིས་ངོས་ལེན་ཡོད་པ་ཞིག་ཕྱོགས་མང་པོ་ནས་ཇི་གསལ་དུ་འགྲོ་ཡི་ཡོད། དཔེར་ན་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ས་གཙོ་བོ་མེ་དབོན་དཔེ་སྟོན་གཙུག་ལག་སློབ་གཉེར་ཁང་ལ་ཆ་མཚོན་ན་སློབ་འཇུག་དུས་སྐབས་ཚ་ཚ་འུར་འུར་ཀྱིས་སློབ་ཕྲུག་ཚུད་ཐབས་བྱེད་ཀྱི་ཡོད་པ་དང༌། ད་དུང་སློབ་ཕྲུག་མང་པོ་ཞི་རྒྱུ་རྐྱེན་དུས་མས་དབང་གིས་མི་ཚོད་པའི་དཀའ་ངལ་འཕྲད་གྱི་ཡོད། དེ་ཡང་ཁྱེད་གཉིས་ཀྱིས་དབང་པོ་ཐང་ཐང་ཡིན་མཁྱེན་ཡོད་ཚོད་རེད། དངོས་ཡོད་གནས་ཚུལ་ལ་ཁྱད་བསད་བྱས་ན་ཤེས་ལྡན་པ་ཞིག་མིན་ལ། ང་མི་རིགས་ཀྱི་ལ་རྒྱ་དང་རང་གི་རིག་གཞུང་ལ་ཡིད་ཆེས་དང་གདེང་འཇོག་ཡོད་པའི་ཆ་ནས་ཤེས་ཡོན་སྲིད་ཇུས་འདི་ཚད་ལྡན་དང༌། འབྱུང་འགྱུར་མི་རབས་གསར་པ་རྣམས་ལ་རང་གི་རིག་གཞུང་འདི་རྩ་ཆེན་དང་གཏིང་ཟབ་པོ་གང་འདྲ་ཡོད་པའི་ངེས་པ་རྙེད་ཐུབ་པའི་ལམ་སྟོན་གྱི་སྒྲོན་མེ་ཞིག་ཡིན་པ་མ་ཟད། སྲིད་ཇུས་འདི་དོན་འཁྱོལ་དང་རྒྱུན་གནས་ཐུབ་པའི་ངོ་འཛིན་དང་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། ང་ཚོ་ད་བར་མི་ལྔ་ཅུའི་རིང་ཤེས་ཡོན་སྲིད་ཇུས་ཞིག་གཏན་འབེབས་དང་ལག་བསྟར་བྱེད་ཐུབ་མེད་པ་དེ་ང་ཚོའི་རྒྱལ་ཁབ་དང་མི་རིགས་ལ་འཕྲད་པའི་གྱོང་གུན་ཆེན་པོ་ཞིག་ཡིན་པ་བཤད་མ་དགོས་པ་རེད། གལ་སྲིད་ཁྱེད་གཉིས་ཤེས་ཡོན་སྲིད་ཇུས་ལ་འདོད་བློ་ཁང་གི་མེད་ན། གོ་སྐབས་ཡོད་དུས་མ་བཤད་པར་དྲ་ཐོག་ལ་སྡུག་རོ་འཕང་དང་མ་འཕང་གི་ཁྱད་གང་ཡང་བཟོ་ཐུབ་ཀྱི་མ་རེད།

    Reply
  9. ཁྱུང་ཚང་། says:
    ལོ་ 17 སྔོན།

    གསང་གཏོར་ལགས། སྤྱིར་འཇིག་རྟེན་པའི་བྱ་བ་དང་གནས་ལུགས་འགའ་ཞིག་རྩ་བའི་གནས་བབ་ལ་མ་བསྟུན་ཐབས་མེད་ཡིན་པས། སྣང་ཚུལ་ལས་ལྡོག་ཕྱོགས་ཤིག་ན་ཡོད་པ་ཡང་གནས་ལུགས་ཤིག་ཡིན། གལ་སྲིད་ཁྱོད་གནས་ལུགས་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན་ན་ཤེས་ཡོན་སྲིད་བྱུས་གསར་བས་ཅི་ཙམ་ཁོངས་ཆོད་པའི་གདེང་ཚོད་ཅིག་ད་དུང་ང་ཚོར་མེད་པ་ཤེས་གསལ་རེད། དེ་བས་ང་ཚོའི་གོམ་པ་རིམ་འཛེག་བྱས་ནས་ནམ་ཞིག་གནས་བབ་དང་དགོས་མཁོར་གཞིགས་རྒྱུ་དེ་གནས་ལུགས་ཤིག་མ་རེད་དམ།

    Reply
  10. བློ་གྲོས་རྒྱལ་པོ། says:
    ལོ་ 17 སྔོན།

    སྐུ་ཞབས་གསང་གཏོར་ལགས། རྩམ་སྐྱ་གནམ་ལ་སྟོར་བསྡད་པ་ལས་དོན་དངོས་ཀྱི་གནས་ཚུལ་ཞིག་གསུངས་ན་མི་དགའ་འམ། ཁུངས་མ་འཁྱོལ་པའི་ཤེས་ཡོན་སྲིད་ཇུས་ཟེར་བ་དེ་འདྲ་ཁས་བླངས་ནས་མི་རབས་རྗེས་མ་ལ་ཕན་ཐོགས་གང་ཡོད་གསུངས་དང་། སེར་མོ་བའི་སྤྱི་ཚོགས་ཀྱིས་ལོ་ངོ་སྟོང་ཙམ་རིང་ལ་ལག་ལེན་གྱིས་ཁུངས་མ་འཁྱོལ་བར་ད་ནི་ཚན་རིག་དང་དཔུང་བ་མཉམ་གཤིབ་བྱེད་ཀྱི་ཡིན་ཟེར་བ་ལྟ་བུས་དེང་དུས་ཤེས་ཡོན་ལ་དང་དོད་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཡིན་ནམ། ཨ་མ་རྗེ་བཙུན་པདྨ་ལྟ་བུ་བྱས་པ་ཅན་ཞིག་བོད་པའི་སྤྱི་ཚོགས་སུ་བྱུང་མྱོང་མེད་ཅེས་ཁ་མཚོན་བཅད་ཀྱང་མ་འགྲིག་པ་མེད་པ་ཞིག་ལ་ཁ་བཏང་རྒྱུ་བཞག་ན་མི་དགའ་འམ།

    Reply
  11. གསང་གཏོར། says:
    ལོ་ 17 སྔོན།

    བོད་ཁྱིམ་སློབ་གྲྭའི་བོད་ཡིག་གི་གནས་ཚད་ལ་སྐྱོན་སྟོན་དགོས་ན་སྟོན་ཚོད་ཡོད་མ་རེད། གང་ཡིན་ཟེར་ཟེར། རྗེ་བཙུན་པདྨ་མོ་རང་ཡང་བོད་ཡིག་ཤེས་ཀྱི་མེད་ཟེར་ནས་སྤོབས་བྱེད་མཁན་ཞིག་རེད། བོད་གཞུང་གི་ཤེས་ཡོད་སྲིད་ཇུས་ཡང་ངོ་ལེན་རྩ་ནས་མེད་ཟེར་ཏེ་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་བྱེད་ཚར་རེད།། དེ་ཚོ་མང་མ་བོད་ཀྱི་ཨ་མ་རྗེ་བཙུན་པདྨའི་གཟི་བརྗིད་དང་བྱས་རྗེས་ཡིན་པ་རྣམ་པ་མཁྱེན་གྱི་ཡོད་ཤག

    Reply
  12. རྭ་ལོ། says:
    ལོ་ 17 སྔོན།

    དྲ་ཤོག་བཟོ་མཁན་དགེ་རྒན་དེར་ཁག་མི་འདུག ད་བར་དུ་འདི་འདྲའི་སྐྱོན་དམིགས་སུ་བཀར་ནས་སྟོན་མཁན་མེད་པའི་རྐྱེན་གྱིས་ཡིན་པ་འདྲ།

    གོང་རིམ་ནས་བཀའ་མངགས་པ་ན་ཁོས་དྲི་ཤོག་བཟོ་མི་ཤེས་ཞེས་ཀྱང་བཤད་ཐུབ་མདོག་ཁ་བོ་མ་རེད། དེར་བརྟེན། རྔུལ་ནག་ཁྲོམ་ཁྲོམ་དུ་བཞུར་བཞིན་དྲི་ཤོག་འདི་བཟོས་པ་ཡིན་རྒྱུ་རེད།

    གཙོ་བོ་བོད་ཁྱིམ་གྱི་དབུ་འཛིན་ཚོར་བོད་ཡིག་གི་ཚད་གཞི་ཡག་པོ་མེད་སྟབས། འོག་གི་དགེ་རྒན་ཚོའི་བོད་ཡིག་གི་ཚད་གཞིར་ངོས་འཛིན་བྱ་མི་ཐུབ་པ། དེ་མ་ཐུབ་པར་བརྟེན་དྲི་ཤོག་བཟོ་མཁན་གྱི་དགེ་རྒན་བདམས་མ་ཤེས་པ་ཡིན་རྒྱུ་རེད། ཕལ་ཆེར་འདི་འདྲ་ཞིག་ལ་ཐུག་མེད་འགྲོ་སྙམ།

    Reply
  13. བསྟན་པ། says:
    ལོ་ 17 སྔོན།

    དྲ་གྲོགས་ཆོས་འཛིན་ལགས། དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་དང་འདི་འདྲ་བའི་སྤྱི་ཚོགས་ནང་གི་ཞན་ཆ་རྣམས་ཐེར་འདོན་བྱེད་རྒྱུ་དེ་ང་ཚོ་མི་རེ་ངོ་རེ་ལ་འགན་ཡོད་པ་ཞིག་རེད། ལྷག་པར་དུ་སློབ་གྲྭའི་ཁོར་ཡུག་ཅིག་གི་ནང་དུ་གནས་ཚུལ་འདི་ལྟ་བུ་བྱུང་བ་ནི་སོ་སོའི་འགན་ལས་ཐོབ་ཐང་གཙོ་འདོན་བྱེད་མཁན་གྱི་མི་བུ་དག་ཡིན་ལ། ང་ཚོའི་དུས་ནམ་ཡང་ངོ་རྒོལ་བྱེད་དགོས། ད་དུང་ས་ར་སློབ་གྲྭའི་ནང་དུ་འང་གནས་ཚུལ་དེ་དང་འདྲ་བོ་འབྱུང་བཞིན་ཡོད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese