མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་ཧི་མ་ལ་ཡ་དོན་དངོས་གཞིར་བཞག་གིས་གླེང་བ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་འདིར་ངེད་ཚོས་ཕྱི་གླིང་བའི་ཉམས་ཞིབ་པ་དག་ལ་འབྲེལ་བ་བྱས་ཏེ། ཁོང་ཚོས་བརྩམས་གནང་བའི་བོད་དོན་གྱི་ལོ་རྒྱུས་དང་བསམ་ཚུལ་ཁག་ལ། འདིར་ཡོད་བོད་མི་ཚོས་བལྟ་ཀློག་དང་ཉན་འཇོག་ཐུབ་རྒྱུ་དང། ཕྱོགས་གཉིས་ཀས་བོད་ཀྱི་དོན་དངོས་ཀྱི་ལོ་རྒྱུས་དང་གནས་སྟངས་གཞི་ལ་བཞག་པའི་ཐོག་ནས་གོ་བསྡུར་བྱས་ཏེ། རང་གཞན་གཉིས་ཀར་དོན་དངོས་ཀྱི་ཕན་འབྲས་ཆེན་པོ་ཡོང་རྒྱུ་དང་། ལྷག་པར་བོད་རང་གི་ལོ་རྒྱུས་དེ་ཁ་གསལ་དང་དག་ཐེར་འཐུས་ཚང་ཞིག་ཏུ་ཡོང་རྒྱུས་མཚོན། ཁོང་ཚོ་དང་འབྲེལ་ལམ་མུ་མཐུད་གནས་རྒྱུར་དམིགས་པ་ཞིག་ཡིན།

ཟླ་འདིའི་ཚེས་ ༣ ནས་ ༥ བར་བོད་གཞུང་དཔེ་མཛོད་ཁང་གི་གོ་སྒྲིག་འོག བོད་དང་ཧི་མ་ལ་ཡའི་རིག་པའི་སྐོར་རྒྱལ་སྤྱིའི་ཚོགས་འདུ་ཞེས་པ་ཞིག་གངས་ཅན་སྐྱིད་གཤོང་གི་དཔེ་མཛོད་ཚོགས་ཁང་དུ་འཚོགས་བཞིན་ཡོད་པ་རེད། ཚོགས་འདུའི་དབུ་འབྱེད་ཉིན་མོ་དེ་མེག་གྷན་གྱི་ཀ་ལབ་ཧའོ་ས་ Club House ལ་འཚོགས་ཡོད་ཅིང། ཚོགས་མགོན་དུ་རྒྱ་གར་ཆོས་རིག་ལས་ཁུངས་ཀྱི་བློན་ཆེན་མཁས་དབང་ཇོ་ཧར་སིར་ཀར་ Dr. Jawhar Sircar མཆོག་ཕེབས་གནང་ཡོད་པ་རེད། ཉིན་རྒྱབ་ནས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་ཚོགས་འདུ་དངོས་སུ་དབུ་འཛུགས་ཞུས་ཡོད་ཅིང། ཐེངས་འདིའི་ཉིན་ ༣ རིང་གི་ཚོགས་འདུའི་ནང་ཚོགས་ཞུགས་པ་ཁྱོན་ ༢༠ ཙམ་ཡོད་ཅིང། འཇར་མན་དང། ཨི་ཊ་ལི། ཨ་རི། ཨོ་སི་ཊོ་ལི་ཡ་སོགས་ཕྱིའི་ཡུལ་གྲུ་ཁག་ནས་ཕེབས་པའི་ཕྱི་རྒྱལ་བའི་རྒྱ་གར་དང་་བོད། སོག་པོ་བཅས་ཀྱི་ལོ་རྒྱུས་ཉམས་ཞིབ་པ་ ༡༣ དང་། དེ་བཞིན་རྒྱ་གར་མཁས་དབང་ ༡ དང་བོད་རིགས་མཁས་དབང་ ༦ བཅས་ཡོད་འདུག གསུང་བཤད་ཀྱི་བརྗོད་གཞི་རྣམས་སྡེ་ཚན་ལྔ་རུ་བསྒྲིལ་ཡོད་དེ། དང་པོ། ཕྱི་ནང་གི་ནང་པའི་པཎ་གྲུབ་དང་ཆོས་ལུགས། གཉིས་པ། ཁ་ཕྱོགས་བཞིའི་ནང་གི་བོད། གསུམ་པ། བོད་དང་རྒྱ་གར། བཞི་པ། དངོས་ཟོག་གི་རིག་གཞུང། ལྔ་པ། ཕྱི་རབས་ཀྱི་བོད་བཅས་ཡིན་ཞིང། དེའང་གཙོ་བོ་བོད་གནའ་རབས་ཀྱི་ལོ་རྒྱུས་དང། རིག་གཞུང། ནང་ཆོས། སྐད་ཡིག ཆབ་སྲིད། དེ་བཞིན་བོན་གྱི་ལོ་རྒྱུས་ཁག་དང། བོད་དང་ས་འབྲེལ་ཆགས་པའི་རྒྱལ་ཁབ་སོག་པོས་མཚོན་པའི་རྒྱ་གར་དང། ཁུ་ནུ།  རྒྱ་ནག་བཅས་ཀྱི་ལོ་རྒྱུས་དང། འབྲེལ་ལམ། འཕགས་བོད་པཎ་གྲུབ་རྣམས་ཀྱི་མཛད་རྗེེས་བཅས་ལ་གསུང་བཤད་གནང་བ་དང་བསམ་ཚུལ་བརྗེ་རེས་བྱས་ཡོད་པ་རེད།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་འདི་གའི་གསར་འགོད་པར་གསུངས་པ་ལྟར་ན། ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་གཅིག་ནས་འདས་པའི་ལོ་ངོ་ ༥༠ ནང་བོད་གཞུང་དཔེ་མཛོད་ཁང་ནས་ཕྱི་རྒྱལ་ཉམས་ཞིབ་པ་ཚོ་དང་བཙན་བྱོལ་བོད་རིགས་བར་ལ་ཚོགས་འདུ་འདིའི་རིགས་གོ་སྒྲིག་ཞུ་མྱོང་མེད་པ་དང། གཉིས་ནས་རྒྱ་ནག་གཞུང་གིས་ལོ་ལྟར་མཐུན་རྐྱེན་བསྐྲུན་ཏེ། བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་ཕྱི་གླིང་བ་མང་པོ་ཞིག་བོད་དུ་མགྲོན་འབོད་ཀྱིས། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཐད་ལ་བགྲོ་གླེང་བྱེད་ཀྱིན་ཡོད་པ་རེད། དེའི་རིང་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོགས་བརྗོད་ཚད་ལས་བརྒལ་བ་བྱས་ཏེ་ཁོང་ཚོར་འགྲེལ་བརྗོད་བྱེད་ཀྱིན་ཡོད་པས། ཁོང་ཚོའི་བར་གྱི་ལྟ་ཚུལ་དང་འགོད་ཚུལ་གཉིས་མི་མཐུན་པ་ཡོང་རྒྱུར་སྨྲོས་མེད་ཐོག དོན་འབྲས་སྨིན་པོ་ཞིག་ཡོང་གི་མེད་པ་རེད། གང་ལྟར་ཡང་ཐེངས་འདིར་ང་ཚོས་ཕྱི་གླིང་བའི་ཉམས་ཞིབ་པ་དག་ལ་འབྲེལ་བ་བྱས་ཏེ། ཁོང་ཚོས་བརྩམས་གནང་བའི་བོད་དོན་གྱི་ལོ་རྒྱུས་དང་བསམ་ཚུལ་ཁག་ལ། འདིར་ཡོད་བོད་མི་ཚོས་བལྟ་ཀློག་དང་ཉན་འཇོག་ཐུབ་རྒྱུ་དང། ཕྱོགས་གཉིས་ཀས་བོད་ཀྱི་དོན་དངོས་ཀྱི་ལོ་རྒྱུས་དང་གནས་སྟངས་གཞི་ལ་བཞག་པའི་ཐོག་ནས་གོ་བསྡུར་བྱས་ཏེ། རང་གཞན་གཉིས་ཀར་དོན་དངོས་ཀྱི་ཕན་འབྲས་ཆེན་པོ་ཡོང་རྒྱུ་དང་། ལྷག་པར་བོད་རང་གི་ལོ་རྒྱུས་དེ་ཁ་གསལ་དང་དག་ཐེར་འཐུས་ཚང་ཡོང་རྒྱུས་མཚོན། ཁོང་ཚོ་དང་འབྲེལ་ལམ་མུ་མཐུད་གནས་རྒྱུར་དམིགས་པ་ཞིག་ཡིན་ཞེས་གསུངས་གནང་བྱུང།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 11

  1. གཡུ་སེང་ཨ says:
    ལོ་ 17 སྔོན།

    འབྲོག་རུ་ཆོས་གྲགས་ལེགས་ངས་ཁྱེད་རང་གང་ན་ཡོང་རྕར་གཅོད་གི་མེད་།སྤྱིར་སྟངས་ཐ་སྙད་འདོགས་སྟངས་ལ་ཁྱད་པར་མེད་ལབ་གི་མེད་དེ་།ཁྱེད་ཀྱི་ཡང་གཟབ་དགོས་བ་ཞིག་ཆགས་འདུག།ནོར་འཕྲུལ་མ་ཡིན།ནོར་འཁྲུལ་ཡིན་པ་འདྲ།

    Reply
  2. tenzen says:
    ལོ་ 17 སྔོན།

    bhod dang hiamalaya lapna yakporang yadna hiamalaya bhudki ngagokmaribey

    Reply
  3. རིག་པའི་རལ་གྲི། says:
    ལོ་ 17 སྔོན།

    རིག་པའི་རལ་གྲིས། རང་རེའི་བོད་ཀྱི་སྤྱི་ཚོགས་ནང་དུ་ཕྱོགས་ཞེན་དང་འཐེན་འཁྱེར་གྱི་ཐག་པ་བྲེག་པར་འདོད་ནས། དྲ་ཐོག་ཏུ་ཡོང་བ་ཡིན།

    Reply
  4. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    ངས་བལྟས་ནས་ཐ་སྙད་བསྒྱུར་སྟངས་དང་མིང་ཚིག་འདོག་སྟངས་ཀྱི་ཐད་ནས་ཁྱད་པར་ཆེན་པོ་ཡོད་པ་མ་ཟད། དེ་གནད་འགག་ཅིག་ཀྱང་རེད་བསམ་ཡོད།
    ད་ལྟ་ང་དྷ་སྟེང་གི་ཨ་མདོ་གྲོང་གསེབ་ན་ཡོད། ང་དང་གྲོགས་པོ་འགས་མིང་ཚིག་གསར་བ་བོད་ཡིག་ནང་བསྒྱུར་སྟངས་དང་མི་མང་གིས་བེད་སྤྱོད་སྟངས་སྐོར་ལ་ལབ་གླེང་ཤུགས་ཆེན་བྱེད་བཞིན་པའི་སྒང་ཡིན། དེ་རིང་གི་གྲོགས་པོ་ཞིག་གིས་དེའི་ཐད་ནས་བརྗོད་རྒྱུར། མིང་ཚིག་གསར་བ་ག་རེ་ཡིན་ཡང་སྒྲ་སྒྱུར་བྱས་ན་ཡག་ཤོས་རེད། སྒྲ་སྒྱུར་བྱས་པ་ཡིན་ན་བརྗོད་བདེ་ཡི་ཐོག་ན་འང་ལྟ་ས་ཞིག་ཡོད་པ་རེད།
    ད་དུང་བོད་ཕྱི་ནང་གཉིས་དང་ཡང་ན་མི་མང་གི་ངོས་ནས་ཀྱང་ཁས་ལེན་མ་ལེན་གྱི་དཀའ་ངལ་ཡོད་པ་མ་རེད་ཟེར། དེ་འདྲ་བྱས་ནས་དེའི་སྐོར་ལ་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་ད་ལྟ་ཁོང་ཚོ་འཐད་པ་བྱུང་ཡོད་ས་ནི་སྒྲ་སྒྱུར་དང་ཡང་ན་དོན་སྒྱུར་གྱི་ཕྱོགས་རེད། ཐ་སྙད་སྒྱུར་སྟངས་ཀྱི་ཐད་ནས་ཏག་ཏག་ཅིག་མ་བསྡད་ན་གོ་དོན་གྱི་ཕྱོགས་ནས་ནོར་འཕྲུལ་བཟོ་སྲིད། དེ་བས་འདི་གནད་འགག་ཅིག་རེད་བསམ་ཡོད།

    Reply
  5. གཡུ་སེང་ཨ says:
    ལོ་ 17 སྔོན།

    ཐ་སྙད་ག་རེ་བཏགས་པ་ལ་མ་ལྟོས་པར་བརྗོད་གཞི་སྟེང་ལ་ཚང་མའི་བལྟ་དགོས་བ་ཞིག་ཆགས་ཡོད་རེད།དེ་འདྲ་མུ་མཐུན་དུ་གོ་སྒྲིག་གནང་རྒྱུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    ཐ་སྙད་ཇི་འདྲ་ཞིག་བཏགས་ཀྱང་དེ་ཙམ་གལ་ཆེན་པོ་མིན་ལ་དོན་དངོས་ཀྱི་བརྗོད་གཞིའི་ཐོག་འགྲོ་གླིང་ལྷུགས་པོ་དང་དོན་འབྲས་ཡོང་བའི་འབད་བརྩོན་གནང་རོགས།
    ལྷག་དོན་དཔེ་མཛོད་ཁང་གིས་གོ་སྒྲིག་འོག་ལས་དོན་མང་དག་སྤེལ་བར་ཡི་རང་ཞུ།

    Reply
  7. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ལགས། ཉིན་རྒྱབ་་་་་ཟེར་བའི་ཐ་སྙད་འདི་ངོ་མ་མི་ཡག་གི འདི་བོད་སྐད་མི་ཤེས་ཞིག་གིས་བཤད་པའི་བོད་སྐད་ལྟ་བུ་འདུག ང་ཚོས་་་དུས་་་་ལ་་་རྒྱབ་མདུན་གྱི་རྣམ་དབྱེ་མི་འབྱེད་་་་ དེ་ལ་སྔ་ཕྱིའི་རྣམ་དབྱེ་འབྱེད་དགོས། དེ་བས། རྗེས་སུ་་་་ བོད་ཀྱི་དུས་བབ་ཐོག་ནས་་་་ དེ་ལྟའི་ཡིག་ནོར་མི་བྲི་བའི་རེ་བ་ཡོད། བཀའ་དྲིན་ཆེ།

    Reply
  8. ཨ་མྱེ says:
    ལོ་ 17 སྔོན།

    ཧི་མ་ལ་དང་བོད་ཀྱི་ཐུན་མོང་གི་རིག་གཞུང་འདི་ནང་ཆོས་དང་སྐད་ཡིག་འདི་ཡང་ཡང་དྲན་དགོས་ལ་ངེས་པར་ལག་ལེན་ཁྲོད་དར་སྤེལ་གཏོང་དགོས་མ་གཏོགས་དེ་འབྲེལ་ཡོད་རབས་ཙམ་གླེང་ནས་ཅི་བྱེད།

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་གཙོ་བའི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་ཚོགས་ཆེན་ཞེས་བཏགས་པ་ཡིན་ན་འགྲིག་ས་རེད་སྙམ་སོང་།

    Reply
  10. གནས་ཚང་། says:
    ལོ་ 17 སྔོན།

    འོ་ན། བོད་འདི་ཧི་ལ་ཡའི་བདག་པོ་ཡིན་ནམ། ཡང་ན། ཧི་མ་ལ་ཡ་བོད་ཀྱི་བདག་པོ་རེད་དམ། དེ་ལས་གཞན་པའི་འགྲེལ་བ་འདྲ་འདུག་གམ།

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཐེངས་འདིའི་ཚོགས་འདུ་དེའི་མིང་ལ་༼བོད་དང་ཧི་མ་ལ་ཡའི་རིག་པའི་སྐོར་རྒྱལ་སྤྱིའི་ཚོགས་འདུ༽ཟེར། དབྱིན་ཡིག་གིས་(International Seminar on Tibetan and Himalayan Studies.)ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese