མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གློག་བརྙན་གོང་ཆེ་ཤོས།

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

བཀའ་འགྱུར་རིན་པོ་ཆེ་མཆོག་གིས་ཨ་སྒོར་ས་ཡ་ ༣ གྱི་འགྲོ་སོང་བཏང་སྟེ། རྒྱལ་ཁབ་བོར་བ་ཞེས་པའི་གློག་བརྙན་ཞིག་འཁྲབ་ཁྲིད་གནང་རྒྱུ་ཡིན་ལ། འདི་ནི་ད་བར་གྱི་བོད་པའི་གློག་བརྙན་བཟོ་སྐྲུན་ཁྲོད་རིན་གོང་ཆེ་ཤོས་དེ་ཆགས་རྒྱུ་ཡིན་འདུག

རྒྱལ་ཁབ་བོར་བ་ཞེས་པའི་བོད་པའི་གློག་བརྙན་ཞིག་ཕྱི་ཟླ་ ༡༡ ནང་དངོས་སུ་བཟོ་སྐྲུན་མགོ་འཛུགས་བྱ་རྒྱུ་ཡིན་པ་དང། གློག་བརྙན་གྱི་འཁྲབ་ཁྲིད་པ་ནི་བཀའ་འགྱུར་རིན་པོ་ཆེ་དང། ཁོང་གི་ལྕམ་སྐུ་མན་དཱ་ཀི་ནི་གཉིས་ཡིན་འདུག ཐེངས་འདིའི་གློག་བརྙན་གྱི་འཁྲབ་སྟོན་པའི་ཁྲོད། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་འབྲས་ལྗོངས་པཌེ་ནིས་གཙོས་པའི་ཕྱི་རྒྱལ་དང་། རྒྱ་གར། བལ་ཡུལ། བཙན་བྱོལ་གྱི་འཁྲབ་སྟོན་པ་མང་པོ་ཞིག་ཡོད་ཅིང། འཁྲབ་ཡུལ་གྱི་ས་གནས་གཙོ་བོ་སྤི་ཏི་དང། དྷ་རམ་ས་ལ། ཨ་རི་བཅས་ཡིན་འདུག གློག་བརྙན་བཟོ་སྐྲུན་ལ་ཨ་སྒོར་ས་ཡ་ ༣ ༼རྒྱ་སྒོར་དུང་ཕྱུར་ ༡༥༽ ཙམ་གྱི་འགྲོ་གྲོན་གཏོང་རྒྱུ་ཡིན་འདུག་པ་དང། འདས་པའི་བོད་ཀྱི་གློག་བརྙན་གྱི་ཁྲོད་ནས་འགྲོ་གྲོན་ཆེ་ཤོས་ཀྱི་གློག་བརྙན་དེ་ཆགས་རྒྱུ་ཡིན་ལ། བརྩམས་སྒྲུང་མཐའ་དག་རིན་པོ་ཆེ་ཁོང་རང་ཉིད་ནས་ཕྱག་རྩོམ་གནང་ཞིང། འཁྲབ་འཁྲིད་ཀྱང་ཁོང་དང། ཁོང་གི་སྐུ་ཟླས་གནང་རྒྱུ་ཡིན་འདུག རིན་པོ་ཆེས་གསུངས་དོན་ལྟར་ན། ཁོང་གིས་གློག་བརྙན་འདི་འདྲ་ཞིག་དངོས་སུ་སྒྲུབ་པར་བྱེད་པར་ལོ་ངོ་ ༡༢ ཙམ་འགོར་ཞིང། གློག་བརྙན་འདི་བརྒྱུད་དེ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་དཀའ་སྡུག་མྱངས་དང་མྱོང་བཞིན་པ་མཐའ་དག་རྒྱ་ཆེའི་གཟིགས་མོ་བ་ཡོངས་ཀྱིས་དངོས་སུ་གསལ་རྟོགས་ཐུབ་པའི་ཐུགས་རེ་གནང་གིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༡༢ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 21

  1. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    ཆགས་ཐིགས་སྔོན་མོ་དོན་མེད་མིག་མ་ཚ་ཨ་སྒོར་ས་ཡ་བཅུ་ཐོབ་ཀྱང་བཀའ་འགྱུར་རིན་པོ་ཆེས་འཇོན་ཐང་རེད་ལ་རང་གཞན་གཉིས་ཕན་རེད།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    གློག་བརྙན་ལམ་ལྷོང་ཡོང་བར་སྨོན། བཀའ་འགྱུར་རིན་པོ་ཆེ་མཆོག་དང་ཁོང་ལྕམ་སྐུ་གཉིས་ཁ་སྔོན་རྡ་སར་ཕེབས་འདུག

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    དེ་འདྲ་མ་རེད་ཡ། སྒོར་མོ་འདི་འདྲའི་མང་པོ་ཞིག་གིས་འགྲོ་གྲོན་བཏང་ན་ཁོང་ལ་ཁེ་བཟང་ཡང་སྒོར་མོ་དེ་ཙམ་ཉུང་མཐར་ཡོང་གི་རེད།
    དངོས་གནས་ཁོང་ལ་བོད་མི་རིགས་ལ་ཕན་པའི་ལས་དོན་བསྒྲུབ་འདོད་ཡོད་ན་ལས་དོན་གང་མང་ཡོད་པ་རེད། མ་ཟད་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་དབུལ་ཕོངས་ཀྱི་འཚོ་བ་ལ་ལྟོས་དང་། ཕྱུག་པོ་འདི་འདྲ་ཞིག་གིས་རང་ཉིད་ཀྱི་མི་རིགས་ནང་ཡོད་པའི་དབུལ་བོ་ཚོར་སྦྱིན་གཏོང་མི་བྱེད་པ་དེ་གནད་དོན་ཅི་ཞིག་ལ་ཐུག་ཡོད་པ་ཨེ་ཤེས། ཁོང་ལ་ཁེ་བཟང་ཞིག་མེད་ན་སྒོར་མོ་ཕོན་ཆེན་པོ་འདི་འདྲ་ཞིག་རང་དགར་གང་ན་གཏོང་། གལ་སྲིད་བཏང་བ་ཡིན་ནའང་ང་ཚོས་སྒོར་མོ་ཕོན་ཆེན་པོ་ཞིག་མ་སྤྲད་ན་དམིགས་བསལ་མི་གཏོང་བ་དེ་ཤེས་གསལ་རེད།

    Reply
  4. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    གོང་ཆེ་ན་རྩ་ཆེ་རྩ་ཆེ་ན་མཐོང་ཆེ།
    ལེགས་འགྲུབ་གྱིས་ཤིག

    Reply
  5. རང་རྟོན། says:
    ལོ་ 17 སྔོན།

    འདི་ནི་གཟི་བརྗིད་ལྡན་པའི་བྱས་རྗེས་ཤིག་རེད་ལ།གང་ཡིན་ཟེར་ན་བོད་པའི་སྐྱོ་སྡུག་གི་ལོ་ཟླ་དག་གློག་བརྙན་གྱི་ལམ་ནས་ཁྱབ་བསྒྲགས་བྱེད་རྒྱུ་ནི་དུས་རབས་འདིའིཁྱད་ཆོས་ཤིག་དང་།བོད་པའི་དོན་གནད་ཞིག་ཡིན་པས།བཀའ་འགྱུར་རིན་པོ་ཆེར་ཐུགས་རྗེ་ཆེ་ཞུ་ཞུ།

    Reply
  6. དཔལ་ལྡན་རྒྱལ། says:
    ལོ་ 17 སྔོན།

    ཁྱོད་རང་གི་གློག་རྙན་དེ་མགྱོགས་པོ་བཟོ་ཐོབ་པའི་རེ་བ་ཡོད་་་་ང་ཚོ་བོད་པ་མིང་རྫིག་པོ་མང་པོ་འདུག་ཀྱང་དོན་ལ་བསྒྱུར་རྩལ་དང་རྣམ་འགྱུར་སོགས་དེ་ཙམ་གྱི་ཡག་པོ་མི་འདུག།

    Reply
  7. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    ད་ངོ་མ་བྱེད་དུས་ད་རུང་ང་ཚོ་འགྱུར་མི་འདུག
    སུ་ཞིག་ཅི་ཞིག་བྱེད་ཀྱིན་འདུག་ཟེར་དུས་དེ་ཉིད་ཡིན་ཤག་ཤག་གིས་བསྟོད་ར་ལྷ་གསོལ་དང་།
    སྨད་ར་ཐལ་ལ་ཕྱག་ཕྱག་བྱེད་རྒྱུ་འདི་རང་འཇག་རེད་འདུག
    སུས་ཅི་ཞིག་བྱེད་ཀྱིན་འདུག་ན་ཡག་ཉེས་དང་ཁུངས་ལུང་འཇུག་འབྲས་སོགས་ལ་རིམ་པར་དཔྱད་དེ་དེ་ནས་བསྟོད་སྨད་ཀྱི་ལས་ལ་ཞུགས་དང་།
    གསར་འགྱུར་ལྟར་ན་བཀའ་འགྱུར་རིན་པོས་ད་ཆ་ལས་འགོ་ཡང་བརྩམས་མི་འདུག
    བོད་པའི་སྤྱི་ཚོགས་འདིའི་ནང་དང་པོར་འུར་གཏམ་དང་།
    བར་དུ་གསང་གཏམ།
    ཐ་མ་འགྱོད་གཏམ་བཤད་ནས་ཡོང་མཁན་རེ་ཉིས་མིན།
    ད་རུང་རྒྱུགས་རྐྱང་བྱས་ནས་བསྡད་འདུག་ག
    ཡ་ཡཡཡཡཡཡཡཡཡ

    Reply
  8. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 17 སྔོན།

    སྤྱི་ཚོགས་ཀྱིས་ཁྱེད་ཀྱི་གློག་བརྙན་དགའ་བསུ་བྱེད་པ་གདོན་མི་ཟ།

    Reply
  9. རོགས་ཆུང་ལོ། says:
    ལོ་ 17 སྔོན།

    ངས་གློག་བརྙན་འཁྲབ་རོགས་བུ་མོ་ཞིག་འཚོལ་གྱིན་ཡོད། ངའི་གློག་བརྙན་གྱི་མིང་ལ། སློག་པའི་འོག་གི་མེ་ལྕེ། ཟེར། ནང་དོན་གཙོ་བོ་ནི་དགུན་དཀྱིལ་ལ་སློག་པའི་ནང་ནས་འབྲོག་པ་གསར་བུ་གསར་མོ་གཉིས་ཀྱིས་རང་རང་མེ་རུ་སྤར་བའི་སྐོར་ཡིན། དེ་ལྟར་བཤད་ན་གོ་གི་པ།

    Reply
  10. འཇམ་དབྱངས་གྲགས་པ། says:
    ལོ་ 17 སྔོན།

    གཏམ་བཟང་གོ་བར་དགའ་བོ་བྱུང་།དེ་མིན་ང་འདྲ་བའི་གློག་བརྙན་ལ་སྨྱོ་འགྲོ་མཁན་ཚོར་རང་རིགས་ཀྱི་གློག་བརྙན་ཚད་ལྡན་ཞིག་བལྟ་རྒྱུ་མེད་པར་ཤི་དགོས་ཐུག་སོང་ན་ཅི་འདྲའི་ཐབས་སྐྱོ་ཨང༌།

    Reply
  11. ནད་པ says:
    ལོ་ 17 སྔོན།

    བཀའ་འགྱུར་རིན་པོ་ཆེས་དང་ཁོང་གི་སྐུ་ཟླ་རྣམ་གཉིས་ཀྱིས་ཨ་སྒོར་ས་ཡ་༣ གསུམ་གྱི་འགྲོ་གྲོན་བཏང་ནས་རྒྱལ་ཁབ་བོར་བ་ཞེས་པའི་གློག་བརྙན་ཞིག་བཟོ་སྐྲུན་གནང་རྒྱུར་དགོངས་བཞེད་མཛད་པ་ནི་ངོ་མ་དགའ་འོས་པ་ཞིག་རེད།

    ངའི་བསམ་པར་ཁོང་གི་མུ་མཐུད་དེ་བོད་པའི་གློག་བརྙན་གྱི་འཁྲབ་ཁྲིད་ཚོགས་པ་ཆེན་པོ་ཅིག་གསར་འཛུགས་བྱས་ཏེ་བོད་ཀྱི་ད་ལྟའི་ན་གཞོན་གང་ཙམ་ཞིག་གློག་བརྙན་འཁྲབ་ཁྲིད་ཀྱི་ཐད་ལ་སྐྱེ་བསྲིང་ཡག་པོ་ཞིག་གནང་ཐུབ་ཚེ་དངོས་གནས་མཛད་རྗེས་རླབས་ཆེན་ཞིག་འཇོག་ཐུབ་པའི་རེ་བ་འདུག

    ངའི་དྲ་ཐོག་གི་བསམ་ཚུལ་འདི་རིན་པོ་ཆེའི་སྙན་ལམ་དུ་ཐེངས་ཅིག་སྙན་གསོན་ཐུབ་པའི་རེ་འདུན་ཆེ།

    ད་ལྟའི་བོད་ཀྱི་ནང་ཆོས་དང་། སྲིད་དོན། རྒྱལ་རབས། ཡ་རབས། བཟང་སྤྱོད། སྤྱི་ཚོགས། ཤེས་རིག དཔལ་ཡོན་སོགས་ཀྱི་མཚོན་བོད་ཀྱི་ལེགས་བྱང་ཐ་དག་དུས་རབས་དང་མཐུན་པར་གློག་བརྙན་གྱི་གཟིགས་མོའི་ལམ་ནས་ཞབས་འདེབས་ཆེ་ཤོས་དེ་ཞུ་ཐུབ་པས་ད་ལྟ་ང་ཚོར་གློག་བརྙན་བཟོ་སྐྲུན་ཁང་ཞིག་ཡོང་རྒྱུར་འབད་དགོས་པའི་དུས་བབ་ཅིག་རེད་འདུག

    Reply
  12. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ངོ་མ་དགའ་འོས་པ་ཞིག་དང་རྒྱབ་སྐྱོར་འོས་པ་ཞིག་རེད།

    Reply
  13. tashi dawa says:
    ལོ་ 17 སྔོན།

    རྭ་ལོ་ལགས། ང་ཚོས་རྒྱབ་སྐྱོར་མ་ཤེས་པ་ཡིན་སྲིད། འོན་ཀྱང་ཁྱོད་ལ་དྲི་བར་བྱ་རྒྱུ་ནི། རྒྱབ་སྐྱོར་བྱེད་ན་ཉོ་དགོས་པ་དང་། རྒྱབ་སྐྱོབ་མ་བྱེད་ན་ཉོ་མ་དགོས་པ་སོགས་ཡིན་སྲིད་ཀྱི་མ་རེད། དཔེར་ན། དེབ་གཅིག་བརྩམས་ན་དེ་ལ་སྐྱབས་མགོན་རིན་པོ་ཆེས་རྒྱབ་སྐྱོར་གནང་ན་ཉོ་དགོས་པའི་ཁྱབ་པ་ཕལ་ཆེར་ཡོད་པར་མི་སེམས། བོད་མི་མང་པོ་ཞིག་གིས་རྒྱ་ནག་ལ་ངོ་རྒོལ་བྱས་ཀྱང་ཅ་དངོས་ཕལ་ཆེ་བ་རྒྱ་ནག་གི་ཉོའི་ཡོད། དེ་རྒྱབ་སྐྱོབ་ཡིན་ནམ།

    Reply
  14. རྭ་ལོ། says:
    ལོ་ 17 སྔོན།

    ཁྱོད་ཚོས་རྒྱབ་སྐྱོར་ཡང་བྱ་ཤེས་གིན་མི་འདུག ཁོང་གི་གློག་བརྙན་གྱི་འོད་སྡེར་ངོ་མ་དེ་ཉོ་དགོས་པ་རེད། དེ་འདྲ་བྱས་ན་ཁོང་གི་ཨ་སྒོར་ས་ཡ་ ༣ གྱི་མ་རྩ་དེ་ལྡིབ་གི་མ་རེད། དེ་མ་ལྡིབ་ན་ཁོང་གིས་དེའི་རྗེས་ནས་ཡང་བསྐྱར་ཨ་སྒོར་ས་ཡ་ ༤ ལྷག་གི་མ་རྩ་ཡོད་པའི་གློག་བརྙན་བཟོ་ཐུབ་གིི་རེད། དེ་ནས་བོད་རིགས་གཞོན་སྐྱེས་གློག་བརྙན་འཁྲབ་མཁན་ཡང་མང་བོ་ཡོང་ཐུབ་གི་རེད།

    Reply
  15. tashi dawa says:
    ལོ་ 17 སྔོན།

    བཀའ་འགྱུར་རིན་པོ་ཆེས་དེ་འདྲ་གནང་བར་ཁོང་གི་བྱས་རྗེས་དང་། བོད་མིའི་གཟི་བརྗིད་རེད། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། བོད་ཀྱི་བརླབས་ཆེན་གྱི་བྱ་བ་དག་ནི་བླ་མ་དང་གྲྭ་པ་རྣམས་ཀྱིས་འཇོན་པ་ལས། གཞན་ཕལ་ཆེར་འཇོན་མཁན་ཞིག་ནི་མ་མཐོང་། འོན་ཀྱང་བོད་པའི་སྤྱི་ཚོགས་སུ་བླ་གྲྭ་རྣམས་ལ་ཡི་མ་རངས་དང་ཚིག་ངན་སྨྲས་པ་སོགས་བྱེད་མཁན་ཧ་ཅང་གི་མང་པོ་འདུག དེ་འདྲ་གནང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།།

    Reply
  16. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འདི་ན་རྒྱུད་ལམ་ཆེ་ཡག་ཤོས་ཤིག་ཡིན་ཞེས་ང་རང་ལ་གློག་བརྙན་འཁྲབ་དུ་སོང་དེ་ཕྱིར་འབྱོར་མ་ཐག་དྲི་ལན་གནང་བ་དེ་དག་ད་ལྟ་བོད་ཀྱི་བླ་མ་འདིས་ལག་ལེན་དུ་བསྟར་བཞིན་ཡོད་པ་དངོས་ནས་དགའ་འོས་པ་ཞིག་རེད། ཡིན་ཡང་། བོད་རང་གི་ལོ་རྒྱུས་དངོས་དང་འབྲེལ་བ་ཡོད་པ་ཞིག་ལས་འཁྱོག་བཟོ་སོགས་གང་ཡང་མེད་པར་རེ་བ་ཡོད་ལ། གློག་བརྙན་འདིས་འགྲོ་གྲོན་ཐད་ནས་བཤད་ན་ཧོ་ལའི་བོས་གྲའི་གློག་བརྙན་དག་གི་ཚད་དང་བསྡུར་ན་གང་ཡང་རེད་མི་འདུག འོན་ཀྱང་། བོད་པ་ཚང་གི་ཆེད་དུ་བཟོས་པའི་གློག་བརྙན་ཞིག་ལ་མཚོན་ན་འགྲོ་གྲོན་ཆེ་ཤོས་ཤིག་ཆགས་ཡོད་སྲིད་པ་རེད།
    བཀའ་འགྱུར་བླ་མས་དགོངས་དོན་འགྲུབ་པ་དང་བྱ་བ་མཐའ་དག་ལམ་ལྷོངས་ཡོང་བར་སྨོན།

    Reply
  17. ཁྱུང་ཚང་། says:
    ལོ་ 17 སྔོན།

    བཀའ་འགྱུར་རིན་པོ་ཆེ་ལགས་ཀྱི་ལས་དོན་ལེགས་ལམ་མཐར་ཕྱིན་དོན་འཁྱོལ་ཡོང་པའི་སྨོན་ལམ་དང་། རྒྱབ་སྐྱོར་ཡོད། ཐུགས་རྗེ་ཆེ།

    Reply
  18. ཁྱུང་ཚང་། says:
    ལོ་ 17 སྔོན།

    བོད་པའི་ནང་ནའང་ཕྱུག་པོ་དྲ་མོ་འདུག་གཱ ངོ་མ་སྒོར་མོ་འདི་འདྲ་མང་པོ་ཡོད་ན་ད་ཅིག་བྱས་རན་རེད། བཀའ་འགྱུར་རིན་པོ་ཆེ་འགྲིག་བསྡད་ཤག དེ་མིན་ད་དུང་འདི་འདྲ་བའི་ཕྱུག་པོ་གཏེར་བདག་ལྟ་བུ་ཡོད་ངེས་པས། དེ་ཚོས་སྒོར་མོ་ཡོད་
    ཚད་ཤི་དམྱལ་བ་མཉམ་དུ་འཁྱེར་འགྲོ་རྒྱུ་མིན་ན། ངེས་པར་དུ་ཅིག་བྱ་རན་རེད། ཤེས་ཡོན་དང་འཕྲོད་བསྟེན་སྤྱི་ཚོགས་ཀྱིས་མཚོན་པས་གང་ས་གང་ན་ང་ཚོ་ཉམ་ཐག་རེད། ཨེ་རེད།

    Reply
  19. རྭ་ལོ། says:
    ལོ་ 17 སྔོན།

    ངས་ཁོང་གི་གློག་བརྙན་དེའི་འོད་སྡེར་ངོ་མ་དང་ཐོན་དང་པོ་དེ་ཉོས་ནས་བཟའ་ཚང་གང་བོས་མཉམ་དུ་ལྟ་རྒྱུ་ཡིན།

    Reply
  20. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    ཨ་ལགས་བཀའ་འགྱུར་རིན་པོ་ཆེར་ཐུགས་རྗེ་ཆེ་ཞུ།་ ངོ་མ་གནས་ཚུལ་དེ་གོ་རྗེས་སེམས་སུ་དྲོད་ལྷོད་ལྷོད་ཀྱིས་ཚོར་སྣང་སྐྱིན་པོ་ཞིག་གིས་བཟུང་། གོང་དུ་གནས་ཚུལ་འཁོད་པ་ལྟར་ན་འཁྲབ་སྟོན་པ་དག་བོད་མི་གཙོས་ཕྱི་གླིང་ཡིན་འདུག་ལ འགྲོ་གྲོན་གྱི་ཆ་ནས་བཤད་ནའང་ཕོན་ཆེན་པོ་ཞེ་དྲག་རེད། ངོ་མ་འུ་ཚོའི་སྤྱི་ཚོགས་ནང་ལ་བཀའ་འགྱུར་རིན་པོ་ཆེ་ལྟ་བུ་མང་བོ་ཞིག་ཡོད་རྒྱུ་ཡིན་ན། ངེད་གདོང་དམར་ཚང་གི་གནས་སྟངས་འདམ་གླིང་མི་མང་ལ་ཤེས་སུ་འཇུག་རྒྱུ་མི་དཀའ་མི་སླ་བ་ཞིག་རེད་འདོད།

    Reply
  21. གནས་ཚང་། says:
    ལོ་ 17 སྔོན།

    གློག་བརྙན་བཟོ་ཡུན་ལོ་བཅུ་གཉིས་རེད་དམ། གློག་བརྙན་འདི་འདྲ་ཞིག་བཟོ་གནང་ཡོང་བར་ལོ་བཅུ་གཉིས་རིང་བསམ་བློ་བཏང་བ་རེད། ལན་ཞིག་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese