མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱོད་ཚོར་བོད་མི་ཡིན་པའི་སྤོབས་པ་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

ང་ལ་ཆ་མཚོན་ནའང་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་སྤོབས་པ་ཡོད། ཁྱེད་རང་ཚོ་ཡིན་ནའང་སྤོབས་པ་སྐྱེ་དགོས་ཀྱི་རེད། གཞིས་སྡོད་བོད་མི་ཚོས་ང་ཚོར་རྒྱ་ནག་གིས་བཙན་གནོན་དང་བཤུ་གཞོག་གང་འདྲ་ཞིག་བྱེད་ཀྱང། ང་ཚོས་བདེན་མཐའ་ལས་ནམ་ཡང་ཕྱིར་བཤོལ་མི་བྱ་ཞེས་སེམས་ཤུགས་ཆེན་པོས་བཤད་ཀྱི་ཡོད་པ་རེད། འདིར་ཡོད་ང་ཚོས་ཀྱང་བོད་དོན་དེ་ནམ་ཡང་འདོར་རྒྱུ་ཡོད་པ་མ་རེད། གལ་སྲིད་འདོར་རྒྱུའི་བསམ་པ་ཡོད་ན་དེ་ནི་དངོས་གནས་ངོ་ཚ་དགོས་པ་ཞིག་རེད།

རེས་གཟའ་ཉི་མའི་ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ཏ་ཇི་གསོལ་མགྲོན་ཁང་དུ། བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ལྡི་ལིར་བཅའ་སྡོད་བོད་མི་ཆེད་ལས་པ་ ༤༠ ལྷག་ནས་༸གོང་ས་མཆོག་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་མཇལ་ཁ་ཞུས་ཡོད་པ་རེད། ཁོང་ཚོ་ནི་ལྡི་ལིར་གསར་འཛུགས་བྱས་པའི་རྒྱལ་སྤྱིའི་བོད་རིགས་ཆེད་ལས་པའི་འབྲེལ་མཐུད་ཅེས་པའི་ཚོགས་མི་ཡིན་ཞིང་། ད་ལྟའི་ཆར་རྒྱ་གར་དང། བྱང་ཨ་མི་རི་ཀའི་བོད་རིགས་ཆེད་ལས་པ་མང་པོ་ཞིག་ཏུ་ཡན་ལག་ཚོགས་པའང་ཡོད་འདུག ཡར་རྒྱས་འགྲོ་མུས་ཡིན་པ་རེད། ཐེངས་འདིའི་མཇལ་ཁའི་རིང་ཚོགས་མི་ཚོས་༧གོང་ས་མཆོག་ལ་ཚོགས་པ་གསར་པའི་ངོ་སྤྲོད་དང་། ལས་གཞི་སྤེལ་ཟིན་པ་མཐའ་དག་སྙན་སྒྲོན་ཞུས་ཡོད་ཅིང། ༸གོང་ས་མཆོག་གིས་འདུ་འཛོམས་བྱས་པའི་མི་མང་ལ་བཀའ་སློབ་ལམ་སྟོན་གནང་དོན། ཁྱེད་རང་ཚོ་ཆེད་ལས་པ་ཞིག་གི་ངོས་ནས་ཆ་མཚོན་ན། ཁྱེད་ཚོས་བོད་མི་ཚང་མའི་ངོ་ཚབ་བྱས་ཏེ་ལས་ཀ་བྱེད་དགོས་པ་དེ་གལ་ཆེན་རེད། མི་རིགས་གཞན་ཚོས་ཀྱང་བོད་མི་དེ་ཚོ་དྲང་པོ་དང་། ཡིད་ཆེས་བློས་འགེལ་བྱེད་ས་ཞིག་ཏུ་བརྩི་གི་ཡོད་པ་རེད།  དེ་འདྲ་ཡིན་དུས་ཁྱེད་རང་ཚོས་དུས་ནམ་ཡང་ཡིད་ཆེས་དེ་དམ་འཛིན་བྱེད་དགོས་པ་རེད། ཆེད་ལས་པ་ཞིག་གི་མི་ཚེ་སྐྱེལ་ཕྱོགས་ཀྱི་ཆ་ནས་བཤད་ནའང། དྲང་བདེན་དང་ཡིད་ཆེས་ཡོད་དགོས་རྒྱུ་དང། ཡོང་དགོས་རྒྱུ་དེ་ཞེ་དྲག་གི་གལ་ཆེན་པོ་རེད། དྲང་བདེན་གྱི་ལངས་ཕྱོགས་དེའི་ནང་ཐོག་དང་པོར་དཀའ་ངལ་དང། ཐོབ་ཤོར། མི་སྐྱིད་པ་མང་པོ་ཞིག་ཡོང་རྒྱུ་བཤད་མི་དགོས་པ་རེད། ཡིན་ཡང་དུས་ཚོད་གང་འཚམ་གྱི་རྗེས་ལ་དྲང་བདེན་དེས་ཁྱེད་ཚོར་རྒྱལ་ཁ་སྟེར་ངེས་རེད། དེ་འདྲ་ཡིན་དུས་ཚང་མས་མི་ཚེ་དྲང་བདེན་གྱི་ལམ་ནས་སྐྱེལ་དགོས་རྒྱུ་གལ་ཆེན་པོ་རེད། ལས་དོན་གང་འདྲ་ཞིག་བྱ་རྒྱུ་དང། གང་ཞིག་བྱས་པ་ཐམསཅད་ཐུག་ས་གཙོ་བོ་དངུལ་མ་རེད། སྤྱི་ཚོགས་ཀྱི་དགོས་འདུན་དང་དཀའ་ངལ་གང་འདུག་པ་དེར་བལྟས་ཏེ། དེ་དག་གི་དགོས་འདུན་བསྐང་ཕྱིར་ལས་དོན་རེ་བྱས་ན། དེས་རང་གཞན་ཐམས་ཅད་ལ་ཕན་ཐོགས་ཀྱི་རེད། ཁྱེད་རང་ཚོས་རང་ཉིད་ཀྱི་ལས་ཀར་ལྷག་བསམ་རྣམ་དག་དང། དྲང་པོ་ཞིག་ཡོད་དགོས་རྒྱུ་གལ་ཆེན་པོ་རེད། སོ་སོས་སོ་སོ་བོད་མི་གཙང་མ་ཞིག་ཡིན་པ་ཤེས་པའི་ཐོག་ནས་བོད་ཀྱི་རིག་གཞུང་དང། ལེགས་བྱང་། སྐད་ཡིག་སོགས་ཆད་པ་མེད་པར་སྦྱངས། དེའི་ཐོག་ཏུ་དེང་དུས་ཀྱི་ཚན་རྩལ་གྱི་ཤེས་ཡོན་དེ་དག་ཤེས་པར་བྱས་ཏེ། དེང་དུས་ཀྱི་བོད་མི་ཚད་ལྡན་ཞིག་དང་། འགན་འཁུར་ཐུབ་མཁན་གྱི་མི་ཞིག་ཆགས་རྒྱུ་གལ་ཆེན་པོ་རེད། ང་ལ་ཆ་མཚོན་ནའང་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་སྤོབས་པ་ཡོད། ཁྱེད་རང་ཚོ་ཡིན་ནའང་སྤོབས་པ་སྐྱེ་དགོས་ཀྱི་རེད། གཞིས་སྡོད་བོད་མི་ཚོས་ང་ཚོར་རྒྱ་ནག་གིས་བཙན་གནོན་དང་བཤུ་གཞོག་གང་འདྲ་ཞིག་བྱེད་ཀྱང། ང་ཚོས་བདེན་མཐའ་ལས་ནམ་ཡང་ཕྱིར་བཤོལ་མི་བྱ་ཞེས་སེམས་ཤུགས་ཆེན་པོས་བཤད་ཀྱིན་ཡོད་པ་རེད། འདིར་ཡོད་ང་ཚོས་ཀྱང་བོད་དོན་དེ་ནམ་ཡང་འདོར་རྒྱུ་ཡོད་པ་མ་རེད། གལ་སྲིད་འདོར་རྒྱུའི་བསམ་པ་ཡོད་ན་དེ་ནི་དངོས་གནས་ངོ་ཚ་དགོས་པ་ཞིག་རེད། མ་རེད་དམ། དེ་འདྲ་ཡིན་དུས་སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས་སྤོབས་སེམས་དང། དགའ་བ་ཡོད་དགོས་པ་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད།

དེའི་རྗེས་ཚོགས་མི་ཚོས་༧གོང་ས་མཆོག་ལྷན་དུ་སྐུ་པར་སྒྲོན་རྗེས་ཆེད་ལས་པ་རྣམ་པའི་ཚོགས་འདུ་ཚོགས་ཡོད་པ་རེད། ཁོང་རྣམས་ཀྱི་ཁྲོད་དུ་ཁྲིམས་རྩོད་པ་དང་སྨན་པ། འཛིན་སྐྱོང་གི་ཕྱག་ལས་ལ་ཆེད་ལས་ཐོན་མཁན་སོགས་ལས་རིགས་འདྲ་མིན་གྱི་མི་སྣ་འདུས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༣ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 6

  1. བརྩེ་དུང་གི་རྒྱལ་སྲས། says:
    ལོ་ 17 སྔོན།

    དྲ་གྲོགས་བསེ་རུ་ལགས།
    ཉིད་ཀྱིས་ཕྲན་གྱི་ཟིན་བྲིས་འབྲི་སྟངས་ལ་རྒྱབ་སྐྱོར་བྱས་པས། སེམས་ཤུགས་ཀྱི་སྐུལ་མ་ཆེན་པོ་ཞིག་ཏུ་གྱུར་སོང་། དེས་ན། རྗེས་ཕྱོགས་ཟིན་བྲིས་འབྲི་དུས་ངེས་པར་དུ་གཟབ་གཟབ་དང་རིག་པ་བསྒྲིམ་ངེས་ཡིན་ལགས། ད་དུང་ངའི་བསམ་ཚུལ་ཡིན་ན། ཕན་ཚུན་ངོ་ཤེས་མིན་གཙོ་བོ་ཞིག་མ་རེད་སྙམ། དང་ཐོག་ང་ཚོའི་རྩ་དོན་ཐོག་ཏུ་ཆིག་སྒྲིལ་དང་སྐད་ཡིག་བཀོལ་སྤྱོད་ཀྱི་གཞི་རྒྱ་ཆེ་གཏོང་ཐུབ་སོང་ན། ང་ཚོའི་རིགས་མཐུན་དུ་གྱུར་པའི་སྤུན་འཕྲལ་ཕུགས་ཀྱི་དགོས་དམིགས་འགྲུབ་ཐག་ཉེ་རུ་བཏང་བ་ཞིག་རེད།

    Reply
  2. ནད་པ says:
    ལོ་ 17 སྔོན།

    ༸ གོང་ས་མཆོག་གིས་ཁྱེད་ཚོར་པོད་ཡིན་པའི་སྤོབས་པ་སྐྱེ་དགོས་ཀྱི་རེད་ཅེས་བཀའ་སློབ་ཟབ་མོ་ཞིག་བསྩལ་འདུག་པ་དེ་དགོས་འབྲེལ་གལ་ཆེན་པོ་ཞིག་རེད་འདུག

    མི་རིགས་ཀྱི་ལ་རྒྱ་དང་འབྲེལ་བའི་བཀའ་སློབ་འདི་གོ་མ་ཐག་ཏུ་ངས་མའོ་ཙེ་ཏུང་གིས་གསུངས་པའི་བསླབ་བྱ་ཞིག་ཡིད་ལ་གློ་བུར་དུ་ལྷང་ངེར་དྲན། དེ་ནི་འདི་ལྟ་སྟེ། མི་རིགས་ལ་ལྟ་བ་མེད་ན་མི་དེ་ལ་བླ་སྲོག་མེད་པ་དང་གཅིག་པ་ཡིན། ཞེས་པ་དེ་དང་གཅིག་མཚུངས་སུ་གསུངས་འདུག

    བོད་མི་སུ་ཞིག་ཡིན་ནའང་སོ་སོའི་མི་རིགས་ཀྱི་ལ་རྒྱ་དང་། རྒྱལ་ཞེན། སྤོབས་པ་བཅས་ངེས་པར་དུ་ཡོད་དགོས་མི་རིགས་ཀྱི་སྤོབས་པ་མེད་ན་སྲོག་མེད་ཀྱི་བེམ་པོ་དང་འདྲ་བར་བོད་མི་རིགས་ཀྱི་སྐྱེ་གོ་ཆོད་མེད།

    Reply
  3. གསང་གཏོར། says:
    ལོ་ 17 སྔོན།

    ཆེད་ལས་པ་ཟེར་བ་དེ་གལ་ཆེན་པོ་རེད། ཡིན་ནའང་དེང་སང་བོད་པའི་ཆེད་ལས་པ་ཞིག་ལ་ལྷག་བསམ་དང་མི་རིགས་ཀྱི་ལ་རྒྱ་ག་ཚོད་ཙམ་ཡོད་མེད་བཤད་དཀའ་བའི་གནད་དོན་ཞིག་ཆགས་འདུག ང་ཚོའི་སྤྱི་ཚོགས་ནང་ཆེད་ལས་ཡོད་བདེན་པ་རེད། རང་མི་རིགས་ཀྱི་བདེ་སྡུག་དང་སྤྱི་ཚོགས་ཀྱི་ཆེད་དུ་ལས་དོན་ཐུབ་པའི་ཆོད་སེམས་མེད་ན། ཆེད་ལས་མཁས་པ་ག་ཚོད་ཡིནའང་ཧང་སང་རྒྱུ་ཅི་ཡང་མེད། ཆེད་ལས་དེ་དག་མང་ཆེ་བ་ཞིག་རང་མི་རིགས་ཀྱི་རིག་གནས་དང་ལ་རྒྱ་མེད་པའི་ཤ་ཏག་ཡིན་པ་ཚོར་སྣང་ཡོང་གི་འདུག

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ༧བླ་མའི་འཛད་མ་བསམ་མི་ཁྱབ།
    སློབ་མའི་མིང་འཛིན་ང་ཚོ་ཡིས།།
    བསྐལ་བ་སྲིད་མཐའི་བཤད་དཀའ་ཡང་།།
    ཚེ་ཐོག་འདི་ལ་བོད་མ་བརྗེད།།

    Reply
  5. བསེ་རུ། says:
    ལོ་ 17 སྔོན།

    བརྩེ་དུང་གི་རྒྱལ་སྲས་ལགས།
    ངས་ཉིད་ཀྱི་མཚན་དེ་སྔར་ནས་ཐོས་མྱོང་འདུག
    འོན་ཀྱང་ངས་ཤེས་པའི་བརྩེ་དུང་གི་རྒྱལ་སྲས་དེ་ཡིན་མིན་ད་དུང་ཐེ་ཚོམ་དུ་གྱུར།

    ཡི་གེའི་དག་ཆ་ཁག་དག་མོ་ཞིག་བྲིས་འདུག་པས། འདི་ནི་ཧ་ཅང་བསྔགས་འོས་ཀྱི་གནས་སུ་མཐོང་། ད་དུང་འདི་འདྲའི་བསམ་ཚུལ་སོགས་སྤེལ་སྐབས་ཡིག་སྡེབ་དག་མ་ཞིག་སྤེལ་དང་།
    དེ་ནི་རང་ཉིད་ཀྱིས་བོད་མི་རིགས་ལ་བཞག་པའི་ལག་རྗེས་ཤིག་ཀྱང་རེད་སྙམ།

    Reply
  6. བརྩེ་དུང་གི་རྒྱལ་སྲས། says:
    ལོ་ 17 སྔོན།

    ང་ཚོའི་བོད་མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པ་དང་ད་ལྟའང་ཁ་སྟབས་ཧ་ཅང་ཞན་པའི་དུས་ཚིགས་འདིར་དང་། མ་འོངས་པའང་འབྱུང་བར་དཀའ་བ་དང་རྙེད་པར་དཀའ་བའི་ཆེས་བླ་ན་མེད་པའི་དབུ་ཁྲིད་གཅིག་པུར་ངེས་པའི་༸ཡིད་བཞིན་ནོར་བུ་རིན་པོའི་རླབས་ཆེན་གྱི་དགོངས་གཞི་དང་ཟབ་བརླིང་ལྡན་པའི་ལམ་སྟོན་དག་གི་སྣེ་མོར་འཁྱུད་པའི་རིགས་མཐུན་སྤུན་ཟླ་ཡོངས་ཀྱི་རྣམ་དཔྱོད་དང་ནུས་སྟོབས། དུས་བབ་དང་གཟབ་ནན། དཔྱད་གཞིགས་དང་ལན་ལེན། དགོངས་དོན་དང་འཚོལ་ཞིབ། གདེང་སྤོབས་དང་རང་འགན་འཁྱེར་ཐུབ་པའི་ཕྱོགས་སུ་བློ་རིག་བསྒྲིམ་དགོས་པ་མ་ཟད། ལན་ལེན་གྱི་གྲུབ་དོན་མངོན་པར་གསལ་ཐབས་ཀྱི་ཕྱོགས་སུ་འབད་སྤུངས་བྱེད་དགོངས་ང་ཚོར་ལོ་རྒྱུས་དང་དུས་རབས་ཀྱིས་བསླངས་པའི་ལྡོག་ཏུ་འགན་འཁྲི་ལྕི་མོ་ཞིག་ཡིན་པ་ལས། ཁ་ཡོད་ལག་མེད་ཀྱིས་རྒྱུན་སྲོལ་ལྟར་བསྟོད་ཚོགས་དང་འུར་བསྟོད་སྣ་ཚོགས་ཀྱི་རྣམ་འགྱུར་ཅི་ཙམ་བསྟན་ཀྱང་ཁ་ཚ་དགོས་གཏུགས་ཀྱི་བྱ་སྤྱོད་རྩོམ་སྟངས་དོན་སྙིང་ལྡན་པ་ཞིག་ཏུ་མ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese