མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་ཚོར་མཐུན་རྐྱེན་སྦྱོར་རྒྱུ་གཞུང་གི་འགན་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

གཞན་གྱི་ཤན་ཞུགས་པ་དང་ལེགས་ཆ་བླངས་པ། ཤུགས་གནོན་ཐེབས་པ་གསུམ་གྱི་ནང་དོན་ཁ་ཁ་རེད། བོད་པའི་རྩོམ་རིག་ལ་རྩོམ་རིག་གཞན་པའི་ཤན་ཞུགས་ན། སྐྱོན་ཆེན་པོ་མེད་ཀྱང་ཡག་པོ་མ་རེད། གཞན་པའི་ལེགས་ཆ་བླངས་ན་ཡག་པོ་རེད། གཞན་གྱི་ཤུགས་གནོན་ཐེབས་པ་ཡིན་ན་རང་དབང་བརླག་འགྲོ་བ་རེད། དེར་བརྟེན། རྙིང་པ་མ་བརླག་པའི་ཐོག་ནས་གསར་བ་ཡར་རྒྱས་སུ་བཏང་སྟེ་རྩིག་པ་བཞིན་བརྩིག་དགོས་པ་རེད། རྙིང་པ་གཏོར་གྱིན་གཏོར་གྱིན་གསར་བ་བརྩིག་ན་རྩིག་པ་དེ་ལ་ནམ་ཡང་མཐོ་རུ་འགྲོ་རྒྱུ་ཡོད་པ་མ་རེད།

ད་ལོའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་གྱི་མཇུག་སྡོམ་ཉིན། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་བོད་པའི་རྩོམ་རིག་ལ་རྩོམ་སྟངས་གསར་བ་ཁག་ཅིག་ཁ་སྣོན་བྱ་དགོས་ཚུལ་དང་། རྩོམ་པ་པོ་ཞིག་ཡིན་ན་རྩོམ་ཡིག་ཡག་པོ་འབྲི་ཤེས་པ་ཙམ་གྱིས་མི་ཆོག་པར་ཀུན་སྤྱོད་ཀྱང་གལ་ཆེན་ཡིན་སྐོར་གསུངས་དོན། བོད་ཀྱི་རྩོམ་རིག་དེ་འཛམ་གླིང་ནང་གྲངས་ཚད་ཀྱི་ཆ་ནས་མང་ཤོས་དང་སྤུས་ཚད་ཀྱི་ཐད་ནས་ཡག་ཤོས་ཆགས་ཡོད། གང་ཡིན་ཟེར་ན། བོད་དུ་བརྡ་སྤྲོད་དང་ཡིག་གཟུགས་དར་ནས་ལོ་ཆིག་སྟོང་སུམ་བརྒྱ་ཙམ་ལས་ཕྱིན་མེད་ལ། བོད་པའི་མི་འབོར་ས་ཡ་དྲུག་ཙམ་རེད། བོད་པའི་སྙན་ངག་ཡིན་ན་འདྲ་ལ། ཚིགས་བཅད་ཚིགས་ལྷུག་གང་ཡིན་ནའང་འདྲ། རྩོམ་གྱི་རྣམ་བཞག་དེ་ཧ་ཅང་གི་གཏིང་ཟབ་པོ་དང་རྒྱ་ཆེན་པོ་རེད། འོན་ཀྱང་། འགྱུར་བ་དང་འཕེལ་རྒྱས་ཀྱི་འགྲོས་ཧ་ཅང་དལ་མོ་རེད། ནུབ་ཕྱོགས་སུ་ལོ་ལྔ་བཅུ་དྲུག་ཅུའི་ནང་དུས་རབས་གསར་བའི་རྩོམ་རིག་འདྲ་མིན་དར་ཏེ། སྔར་གྱི་རྩོམ་རིག་མང་པོ་ཞིག་རྙིང་བ་ཆགས་ཀྱིན་ཡོད། ང་ཚོའི་གནས་ཚང་རྒྱ་གར་ལ་ཆ་བཞག་ནའང་ཧིན་རྡུའི་རྩོམ་རིག་ལ་ལོ་བརྒྱ་ཡས་མས་ནང་འགྱུར་བ་ཆེན་པོ་ཕྱིན་ཡོད། རྩོམ་པ་པོ་གྲགས་ཆེན་རེ་རེ་བྱུང་སྐབས། རྩོམ་སྟངས་མི་འདྲ་བ་རེ་རེ་གསར་གཏོད་བྱས་ཡོད། བོད་པའི་རྩོམ་རིག་དེ་ད་དུང་མེ་ལོང་མའི་སྒྲིག་ལམ་འོག་བསྡད་འདུག ཅེས་གསུངས་བྱུང་།
   

ཁོང་གིས་བོད་པའི་རྩོམ་རིག་ནང་ཁ་སྣོན་བྱ་དགོས་པའི་རྩོམ་སྟངས་ཁག་ཅིག་ངོ་སྤྲོད་གནང་དོན། བོད་པའི་རྩོམ་རིག་ནང་ངེས་པར་དུ་ཚང་དགོས་པའི་རྩོམ་སྟངས་ཁ་ཤས་ཤིག་ངས་སྔོན་མ་ནས་མཐོང་བསྡད་ཡོད། དེའི་ནང་གི་གཅིག་དེ་བཅོས་སྒྲུང་རིང་པོའི་རིགས་རེད། དབྱིན་ཡིག་ནང་ Novel དང་། བོད་སྐད་དུ་ཉེ་བར་བཀོད་པ་ཟེར། དེ་ནི་དངོས་ཡོད་གནས་ཚུལ་མ་ཡིན་པར་རྣམ་རྟོག་གི་སྒྲོས་བཏགས་ཏེ་བཟོས་པ་ཞིག་ཡིན། དེར་ཚིག་རྒྱན་ཞེ་དྲག་སྤྱོད་མི་དགོས་མོད། རྣམ་རྟོག་གི་འགྱུ་བ་མང་པོ་ཞིག་བཀོལ་དགོས། བརྡ་སྤྲོད་དང་མ་འགལ་ཞིང་། ཚིག་རྒྱན་གྱིས་མ་སྤྲས་པའི་ཐོག་ནས་མི་དང་མིའི་བར་སྐད་ཆ་བཤད་པ་ཇི་བཞིན་འབྲི་དགོས་པ་ཞིག་ཡིན། དེ་བཞིན། བོད་པར་ཟློས་གར་རྩོམ་པ་པོ་ཉུང་ཉུང་རེད། སྔར་བོད་རང་ལ་ཟློས་གར་གྱི་མཚན་ཉིད་ཚང་བའི་གཞུང་ཆ་ཚང་གཅིག་ཀྱང་མེད། ལྷ་མོའི་འཁྲབ་གཞུང་དེ་ཚོ་ཡང་ཟློས་གར་གྱི་གཞུང་ལུགས་མ་རེད། གཞན། བོད་པའི་རྩོམ་པ་པོའི་ནང་དུ་གཞན་གྱི་རྩོམ་ཡིག་ལ་དཔྱད་གཏམ་གྱི་རྩོམ་ཡིག་འབྲི་མཁན་མི་འདུག འབྲི་སྟངས་དེ་ནུབ་ཕྱོགས་སུ་དར་ཁྱབ་ཆེན་པོ་རེད། རྒྱ་གར་ལ་མཚོན་ན་རྩོམ་པ་པོ་དེ་རིགས་ལ་ངོས་འཛིན་ཁ་ཁ་ཞིག་ཡོད། ང་ཚོས་འདི་ལྟ་བུར་འབད་བརྩོན་བྱ་དགོས། ཞེས་གསུངས་སོང་།
   

བཀའ་བློན་ཁྲི་པ་མཆོག་གིས་མུ་མཐུད་དུ་བཙན་བྱོལ་ནང་དཔེ་དེབ་ཀློག་པ་པོ་ཉུང་བ་དང་དེ་ལ་གདོང་ལེན་བྱེད་ཕྱོགས་སྐོར་གསུངས་དོན། བཙན་བྱོལ་སྤྱི་ཚོགས་ནང་གི་རྩོམ་པ་པོ་ཚོར་དཀའ་ངལ་ཆེ་ཤོས་གཅིག་ནི་ཀློག་པ་པོ་ཉུང་བ་དེ་རེད། མི་ལ་དཔེ་དེབ་ཀློག་པའི་གཤིས་ཀ་བསྐྲུན་རྒྱུ་དེ་དགེ་རྒན་དང་རྩོམ་པ་པོ་གཉིས་ཀར་འགན་ཡོད་པ་རེད་དྲན་ཡོད། ཀློག་པ་པོ་འགུག་ཐབས་ཐད་རྩོམ་པ་པོ་ཚོར་བསམ་ཚུལ་མི་འདྲ་བ་གཉིས་ཡོད། རྩོམ་པ་པོའི་རྩོམ་ཡིག་གི་ནུས་པར་བརྟེན་ཏེ་ཀློག་པ་པོར་དོ་སྣང་བསྐྲུན་དགོས་ཟེར་མཁན་ཞིག་དང་། ཀློག་པ་པོའི་དོ་སྣང་དང་དགའ་ཕྱོགས་ལ་བསྟུན་ཏེ་རྩོམ་ཡིག་འབྲི་དགོས་ཟེར་བ་གཉིས་ཡོད། ང་རང་གི་བསམ་པར། རྩོམ་གྱི་ནུས་པར་བརྟེན་ཏེ་ཀློག་པ་པོར་འདུན་པ་བསྐྲུན་ཐུབ་དགོས་པ་ལས་ཀློག་པ་པོའི་དོ་སྣང་དང་དགའ་ཕྱོགས་ཁོ་ནར་བལྟས་ཏེ་རྩོམ་ཡིག་བྲིས་ན་མི་འགྲིག འགྲོ་བ་མིའི་རིགས་ལ་ཐོག་མ་ནས་ངག་རིག་གི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་ཡོད་མཁན་ཞིག་ཡོད་པ་མ་རེད། རྩོམ་ཡིག་ཀློག་པ་དང་རྩོམ་ཡིག་གི་བྲོ་བ་རོལ་མྱོང་བྱས་ཏེ་དོ་སྣང་སླེབས་པ་ཞིག་རེད། ཀློིག་པ་པོའི་དོ་སྣང་དང་དགའ་ཕྱོགས་གཅིག་པུར་བལྟས་པ་ཡིན་ན། ཉིན་ཞིག་རྩོམ་ཡིག་རྙིང་པ་དག་སུ་གང་གིས་ཀྱང་མི་གོ་བ་དང་། རྩོམ་ཡིག་གསར་བའི་རིགས་ལའང་མཚམས་དང་ཚད་མེད་པ་ཆགས་འགྲོ་བ་རེད། ཅེས་གསུངས་བྱུང་།
   

ཡང་བཀའ་ཁྲི་མཆོག་གིས་རྩོམ་པ་པོའི་མཐུན་ཚོགས་ཀྱི་གལ་ཆེའི་རང་བཞིན་གསུངས་དོན། ཁྱེད་ཅག་གིས་ཐེངས་འདིར་བྱིས་པའི་རྩོམ་ཡིག་ཐད་དགོངས་པ་བཞེས་པ་ཧ་ཅང་ཡག་པོ་རེད། མ་འོངས་པར་བྱིས་པར་ཆེད་དམིགས་ཀྱིས་བྱིས་སྒྲུང་དང་། བྱིས་པའི་རྩོམ་ཡིག་འབྲི་ཐུབ་པ་ཡིན་ན་ཏན་ཏན་བྱིས་པའི་བློ་གྲོས་འཕེལ་བར་ཕན་ཐོགས་གི་རེད་བསམ་ཡོད། དེང་སང་འཛམ་གླིང་ནང་རྩོམ་པ་པོའི་མཐུན་ཚོགས་གལ་ཆེན་པོར་རྩི་བཞིན་ཡོད། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ནང་ནས་སྐད་གྲགས་ཆེན་པོ་དང་། ནུས་པ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། བོད་པར་ཡང་རྩོམ་པ་པོའི་མཐུན་ཚོགས་དགོས་པ་གལ་ཆེན་པོ་རེད། བར་ལམ་ཞིག་ལ་གྲོས་ཚོགས་ནང་རྩོམ་པ་པོའི་མཐུན་ཚོགས་དེ་གཞུང་གིས་འཛིན་དགོས་པ་དང་། གཞུང་གིས་མཐུན་འགྱུར་ཞུ་དགོས་པ་བཅས་ཀྱི་ཐད་གླེང་སློང་མང་པོ་བྱུང་ཡོད། འོན་ཀྱང་། རྩོམ་པ་པོའི་མཐུན་ཚོགས་ལ་གཞུང་ངོས་ནས་མཐུན་འགྱུར་ཞུ་དགོས་ཀྱང་། གཞུང་གི་ཐེ་ཇུས་སླེབས་མི་རུང་། ཞེས་གསུངས་སོང་།
   

ཁོང་གིས་མུ་མཐུད་དུ་རྩོམ་པ་པོ་དག་གིས་ཀུན་སྤྱོད་ལ་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་དོན། རྩོམ་པ་པོ་ཚོས་རྩོམ་ཡིག་ཡག་པོ་འབྲི་ཤེས་པ་ཁོ་ནས་འདང་གི་མེད། རྩོམ་ཡིག་འབྲི་རྩལ་དང་སྤོབས་པ་ཡོད་པ་དང་ཆབས་ཅིག མིའི་བཟང་སྤྱོད་ཡག་པོ་ཡོད་ན་རྩོམ་པ་པོར་ཆེ་མཐོང་དང་མཚན་སྙན་རྒྱས། རྩོམ་ཡིག་འབྲི་མཁས་ཀྱང་མི་ཐབས་ཆག་ཡིན་ན། རྩོམ་ཡིག་གིས་ཡར་འཐེན་ཡང་། མི་གཤིས་ཀྱིས་མར་འཐེན་ཏེ་དཀའ་ངལ་འཕྲད་གི་རེད། རྩོམ་པ་པོའི་སྒྲིག་འཛུགས་ཀྱི་སྡིངས་ཆ་རང་དོན་བསྒྲུབ་ཆེད་དང་། ཕྱི་རྒྱལ་དུ་འགྲོ་བའི་མཐུན་རྐྱེན་ལ་བེད་སྤྱོད་བཏང་བ་ཡིན་ན། རྩོམ་ག་ཚོད་ཡག་པོ་འབྲི་ཤེས་ཀྱང་གཞི་རིམ་གྱི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཞི་རྟེན་མེད་སྟབས། དེ་ལ་སྙིང་བོ་གང་ཡང་ལྷག་ཡོད་པ་མ་རེད། གལ་སྲིད་མ་འོངས་པར་སྒྲིག་འཛུགས་ཡག་པོ་དང་སྲ་བརྟན་བྱུང་བ་ཡིན་ན། དཔལ་འབྱོར་མཐུན་རྐྱེན་སྦྱོར་རྒྱུ་གཞུང་གི་ལས་འགན་རེད་སྙམ་ཡོད། ཞེས་གསུངས་བྱུང་།
   

ཁོང་་གིས་བོད་པའི་རྩོམ་རིག་ལ་ཕྱི་བཟང་ནང་འདྲེན་དང་། གནའ་བཟང་དེང་སྤྱོད་བྱ་དགོས་སྐོར་གསུངས་དོན། རྩོམ་རིག་ཡར་རྒྱས་སུ་གཏོང་སྐབས་མཐའ་གཉིས་སུ་མ་ལྷུང་བའི་དབུ་མའི་ལམ་གྱི་ཐོག་ནས་བསྐྱོད་ཐུབ་དགོས། གསར་བརྗེ་རྐྱང་རྐྱང་ལས་རྙིང་པ་ཚང་མ་གཏོར་བཤིག་གཏོང་མི་རུང་ལ། གསར་བ་ཁྱོན་ནས་མེད་པར་རྙིང་པ་རྐྱང་རྐྱང་ལ་རྙིང་ཞེན་བྱས་ནའང་ཕན་ཐོགས་མེད། རྩོམ་རིག་ལ་ཤན་ཞུགས་པ་དང་ལེགས་ཆ་བླངས་པ། ཤུགས་གནོན་ཐེབས་པ་བཅས་གསུམ་ཡོད། དེ་གསུམ་གྱི་ནང་དོན་ཁ་ཁ་རེད། བོད་པའི་རྩོམ་རིག་ལ་རྩོམ་རིག་གཞན་པའི་ཤན་ཞུགས་པ་ཡིན་ན། སྐྱོན་ཆེན་པོ་མེད་ཀྱང་ཡག་པོ་མ་རེད། བོད་པའི་རྩོམ་རིག་ལ་རྩོམ་རིག་གཞན་པའི་ལེགས་ཆ་བླངས་ན་ཡག་པོ་རེད། བོད་པའི་རྩོམ་རིག་ལ་རྩོམ་རིག་གཞན་གྱི་ཤུགས་གནོན་ཐེབས་པ་ཡིན་ན་རང་དབང་བརླག་འགྲོ་བ་རེད། དེར་བརྟེན། རྙིང་བ་མ་བརླག་པའི་ཐོག་ནས་གསར་བ་ཡར་རྒྱས་སུ་བཏང་སྟེ་རྩིག་པ་བཞིན་བརྩིག་ན་ཡག་པོ་རེད། རྙིང་པ་གཏོར་གྱིན་གཏོར་གྱིན་གསར་བ་བརྩིག་ན་རྩིག་པ་དེ་ལ་ནམ་ཡང་མཐོ་རུ་འགྲོ་རྒྱུ་ཡོད་པ་མ་རེད། ཅེས་གསུངས།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༡༢ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 12

  1. བདེེ་ཁང་སྲས་ says:
    ལོ་ 17 སྔོན།

    དེང་སྐབས་མཁྱེན་ལྡན་པ་མང་པོས་ཆེ་འདོད་ཀྱི་ཁྲི་སྟེང་ནས་དོན་དངོས་ཀྱི་ས་རྗེན་ཐོག་བབ་ནས་བོད་རིགས་བྱིས་པ་ཚོའི་ཆེད་དུ་བྱིས་སྒྲུང་འབྲི་རྒྱུའི་གལ་ཆེའི་རང་བཞིན་གླེང་བ་དེ་དག་ནི་དགའ་ཚོར་སྐྱེ་འོས་པ་ཞིག་རེད།
    འོན་ཀྱང་རང་ཉིད་ནས་འགོ་མ་བརྩམ་པར་ཤེས་ལྷན་སོགས་ལ་རེ་བསྡད་ན་ཡོང་རྒྱུ་གང་ཡང་མི་འདུག གང་ཡིན་ཞེ་ན་བདག་གིས་བྱིས་སྒྲུང་བྲིས་ནས་ཤེས་ལྷན་ལ་བཅར་བ་ཡིན།
    “བསྔགས་བརྗོད་ཡོད། ཡག་པོ་རེད།” ཟེར་བའི་ཁ་ཡག་ཙམ་ལས་”གལ་ཏེ་ཁྱེད་ཀྱིས་སློབ་དེབ་དང་འབྲེལ་བའམ་ཡང་ན་བྱིས་སྒྲུང་སོགས་སློབ་ཕྲུག་དང་འབྲེལ་བ་ཡོད་པའི་དེབ་ཅིག་བྲིས་ཚེ་ཤེས་ལྷན་ནས་པར་སྐྲུན་དང་དེབ་རིན་སོགས་ལ་དཀའ་ངལ་གང་ཡང་མེད།”པ་དེ་འདྲ་མ་རེད། གཙོ་བོ་རང་ངོས་ཐབས་ཤེས་མ་བྱས་ཚེ་གནམ་ཆུ་འབབ་རྒྱུ་མི་འདུག ཚོད་ལྟ་ཐེངས་ཤིག་གནང་ན་མཁྱེན་ངེས་རེད།

    Reply
  2. རིག་པའི་རལ་གྲི། says:
    ལོ་ 17 སྔོན།

    མཁས་དབང་ནི་མཁས་དབང་རང་རེད། དངོས་གནས་ཕན་ཐོག་ངེས་ཀྱི་བཀའ་སློབ་ཞིག་གནང་འདུག དེང་སང་ཨ་གསར་ཚ་བའི་གསར་ཚར་རྣམས་ཀྱི་ནང་དུ། གཞན་གྱི་རྩོམ་གཤིས་ཀྱིས་ཤན་ཞུགས་ཞིང་། བོད་ཀྱི་སྐད་ཡིག་རང་ལ་བྱང་ཆུབ་པའི་མཁས་དབང་རྣམས་ཀྱིས་གོ་ཐུབ་ཀྱི་མི་འདུག་ཡང་ཡང་ནས་གསུངས་ཞིང་སྐད་ཤོར་བའི་རྡོ་ཆགས་ལྷུ་བསྒྲིགས་ཀྱི་རྩོམ་ཞིག་སྤེལ་དང་སྤེལ་བཞིན་པ་དང་། རང་རེའི་རྩོམ་ཆོས་དང་རྩོམ་གཤིས་རྙིང་པ་རྣམས་གཏོར་རླག་བྱེད་པའི་རྒྱ་མའི་ངན་ཇུས་ཀྱི་ཤུགས་རྐྱེན་ཐེབ་པ་ཞིག བོད་ཕྱི་ནང་གཉིས་ལ་མེ་བཞིན་འབར་འདུག་པ་དེ་ལ། ཆུ་ཡག་ཐག་ཆོད་གཅི་བླུགས་འདུག
    བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཟེར་བ་ཐོས་པ་ནི་ཉུང་ཉུང་མིན་ལ། ཚོགས་གཙོ་གཙོས་ཚོགས་མི་རྣམས་ཕྱི་རྒྱལ་ཁག་ལ་ཕྱིན་པར་ཐོས་པ་ཡང་ཉུང་ཉུང་མིན། འོན་ཀྱང་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས། རྩོམ་པའི་རྩོམ་ཡིག་གོ་ཆོད་ཕན་ཐོག་ངེས་ཞིག་ད་ཕན་ཡོད་ཚུལ་ཡང་ཐོས་རྒྱུ་དཀོན།

    Reply
  3. གདོང་དམར་གྱི་བུ། says:
    ལོ་ 17 སྔོན།

    ནོར་བཅོས་་་་་་་་་་་་་་་་་་་་་་་་་་་་་་་་་་ཚོགས་མི་མི་སྣ་སྤུས་དག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  4. གདོང་དམར་གྱི་བུ། says:
    ལོ་ 17 སྔོན།

    བཙན་བྱོལ་ནང་གི་ཚོགས་པ་ཚང་མའི་ནང་ནས་བྱས་རྗེས་ཆེ་ཤོས་དང་འཆར་གཞི་ཟབ་ཤོས་དང་ཡར་རྒྱས་ཆེ་ཤོས་གཅིག་ནི་དུས་བབ་གསར་ཁང་རེད་འདོད། ཚོགས་པ་འདི་དང་འདིའི་སློབ་སྟོན་པ་སོགས་པ་ཚོགས་མི་སྣ་སྤུས་དག་པོ་ཁ་ཤས་ཡོད་པས་ཡིན་པ་རེད། ཚོགས་པ་འདི་ལ་བརྟེན་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་མདུན་ལམ་རྒྱ་ཆེ་རུ་དང་རེ་བ་ཡོད་པ་ཞིག་བཟོ་གི་འདུག འོན་ཀྱང་དེང་དུས་བབ་ཚང་གི་དག་ཆ་སྐོར་ལ་ཕྲན་བུ་ཉམས་ཆགས་སོང་སྐར་བཤད་མཁན་ཡོད་པ་བདེན་པར་མཐོང་ཡང་། དེ་ནི་མི་རིང་བར་ཡག་པོ་ཡག་ཆགས་ཆོག་ཆོག་མཐོང་གི་འདུག ངོ་ནས་ཚོགས་པ་འདི་དང་སྨོན་ལམ་ཡིག་གཟུགས་བཟོ་འདོན་གནང་བར་གཟི་བརྗིད་ཆེན་པོ་མཐོང་གི་འདུག

    Reply
  5. ཁ་བའི་འདབ་མ says:
    ལོ་ 17 སྔོན།

    “བོད་ཀྱི་རྩོམ་རིག་དེ་འཛམ་གླིང་ནང་གྲངས་ཚད་ཀྱི་ཆ་ནས་མང་ཤོས་དང་སྤུས་ཚད་ཀྱི་ཐད་ནས་ཡག་ཤོས་ཆགས་ཡོད། ”
    ཨ་འ་ཧཧཧ་ཧ་ཧ་། ཨ་འ་ཧཧཧཧཧཧ་་་་་་
    ད་ཡིན་ན། ཨོའ་ཧོ་ཧོ་ཧོཧོཧོ་་་་་
    ཏོག་ཙམ་སྒུག་ཨ། ཨའའའའ་ཧ་ཧ་ཧ་ཧ་་་་
    དགོངས་དག རྟུག་དྲི་ཡང་ཤོར་སོང་། ཨུའུ་ ཧུ་ཧུཧ་ཧུ་ཧུ་་་་་

    Reply
  6. གདོང་དམར་གྱི་བུ། says:
    ལོ་ 17 སྔོན།

    དཔེར་ན་བོད་ཀྱི་དམངས་ཁྲོད་ཀྱི་སྙན་རྒྱུད་གནའ་གཏམ་ཕུན་སུམ་ཚོགས་པོ་རྣམས་རྩོམ་སྒྲིག་ཞིབ་ཚགས་པོ་བྱས་ནས། བྱིས་པའི་བསམ་བློ་དང་མཐུན་པའི་རི་མོ་མཚར་པོ་མང་པོ་མཉམ་དུ་བྲིས་ནས་བོད་པའི་ཕྲུ་གུ་ཚོར་ཕན་པ་མ་ཟད། སྐད་ཡིག་གཞན་ནང་སྤུས་དག་བསྒྱུར་ནས་བོད་ཀྱི་བྱིས་སྒྲུང་ངམ་གནའ་གཏམ་བྱས་བཙོང་བ་ཡིན་ན། དངུལ་རྒྱུན་མ་ཆད་པར་ཡོང་གི་རེད། འོན་ཀྱང་དེ་འདྲ་ལས་ཀ་ཚད་ལྡན་ཞིག་སྒྲུབ་རྒྱུའི་ནུས་ཤུགས་མཐུན་དང་མཐུན་ཚོགས་ཀྱི་མི་སུ་ལའང་མེད་པ་འདྲ།

    Reply
  7. གདོང་དམར་གྱི་བུ། says:
    ལོ་ 17 སྔོན།

    རྩོམ་པ་པོ་ཞིག་ཡིན་ན་བརྩམས་ཆོས་ལ་བརྟེན་ནས་ཁ་ཡང་སོས། མདུན་ལམ་ཡང་རྙེད་དགོས་པ་མ་རེད་དམ། དེ་མིན་མིང་རྩོམ་པ་པོའི་མཐུན་ཚོགས་བཏགས་ནས། ཁྲིམས་འགལ་དང་མི་ཕྱི་རྒྱལ་ལ་བཏང་ནས་དཔལ་འབྱོར་འཙོལ་བ་ནི་འུ་ཐུག་པ་དང་། མཐུན་ཚོགས་དང་ཚོགས་མི་ཚང་མ་ཚད་ལྡན་མ་ཡིན་པའམ། ཡང་ན་སྟག་ལྤགས་གྱོན་པའི་བོང་བུའི་ཁྱུ་ཚོགས་ཤིག་ཡིན་པའི་རྟགས་རེད།
    དོན་ངོས་ཐོག་རྩོམ་ཆོས་ཡག་པོ་བརྩམས། སྐད་ཡིག་གཞན་ལ་བསྒྱུར་ཚོང་བ་སོགས་གང་ལྟར་ཚོགས་པ་འདི་རྩོམ་པ་པོ་དང་བརྩམས་ཆོས་ལ་བརྟེན་འཚོ་གནས་དགོས་པ་རེད། འོན་ཀྱང་ཀུན་དོན་སོགས་ཚོགས་པ་ཞིག་གི་མིང་ལ་བརྟེན་ནས་དངུལ་བཟོ་སྟངས་ལ་ལངས་ཤོར་མཁན་གྱི་འགན་འཛིན་མིང་འཛིན་ཁ་ཤས་ཀུན་སློང་དང་དམིགས་ཡུལ་གཙང་མ་མེད་སྟབས། རེ་བ་ཡོད་པ་མ་རེད། ཚོགས་པ་ཚད་ལྡན་དང་བྱས་རྗེས་ཅན་ཞིག་ཡིན་ན་སྦྱིན་བདག་དང་རོགས་པ། རྒྱབ་སྐྱོར་རགས་རྒྱུ་ཁག་པོ་ཡོད་པ་མ་རེད།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བཀའ་ཁྲིས་དངོས་གནས་ལམ་སྟོན་ཁྱད་དུ་འཕགས་པ་ཞིག་གནང་འདུག རྩོམ་ཡིག་དང་རྩོམ་པ་པོ། སྒྲིག་འཛུགས་བཅས་ཕྱོགས་གང་ཐད་ལ་ལམ་སྟོན་གསལ་བོ་ཞིག་གནང་འདུག ཡིན་ཡང་ཁོང་གི་ལམ་སྟོན་ལ་མ་ཉན་པར་དངུལ་འཚོལ་སའི་ལམ་ཁ་ཞིག་ལྐོག་ནས་བཟོས་ཡོད་ཚེ་བཀའ་ཁྲིའི་ལམ་སྟོན་འདི་དག་རྐང་བཙུགས་ནས་གསུབ་པ་འདྲ་བ་རེད།

    Reply
  9. མི་འཁྱམ says:
    ལོ་ 17 སྔོན།

    བཀའ་ཁྲིའི་གཏམ་བཤད་འདི་མཇལ་བས་སེམས་པ་མི་སྐྱིད་པ་བཟོས་སོང༌། ངའི་གྲོགས་པ་རྩོམ་པ་པོའི་ཚོགས་ཆེན་ལ་ཞུགས་ནས་ཕྱིར་སླེབས་དུས་ཀྱི་གསར་འགྱུར་སྙན་ཤོས་ཤིག་ལ། བཀའ་ཁྲིས་གཞུང་གི་ངོས་ནས་རྩོམ་པ་པོའི་མཐུན་ཚོགས་ལ་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་གྱི་ཡིན་གསུངས་པ་དེ་རེད། དེ་ནི་ངའི་གྲོགས་པོས་ང་ལ་བཤད་པ་ལ་ཉན་ནས་དགའ་བ་ཙམ་ཆགས་ཚར་སོང༌། ད་དུང་དགའ་བ་ཉིས་རྩེག་བྱུང་བ་ཞིག་ལ།
    བཀའ་ཁྲིའི་གཏམ་བཤད་ཀྱི་ཉིན་རྗེས་མ་དེར། རྩོམ་པ་པོའི་མཐུན་ཚོགས་ཀྱི་ནང་ཁུལ་ཚོགས་འདུའི་སྐབས། རྩོམ་པ་པོ་ཁ་ཤས་ནས་ད་ནས་སྔོན་གྱི་ལམ་ཁ་ལྟར་ཕྱི་རྒྱལ་ལ་གཏོང་མཚམས་འཇོག་དགོས་ཀྱི་འདུག་མ་གཏོགས། ང་ཚོའི་ཚོགས་པའི་མཚན་སྙན་ལ་གནོད་ཀྱི་འདུག་མདོག་མདོག་བཤད་ནས་ཕྱི་རྒྱལ་ལ་གཏོང་བའི་ལམ་ཁ་གཅོད་རྒྱུར་ཤུགས་བརྒྱབ་འདུག་ཀྱང༌། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་མང་ཆེ་བས། ༼ཚོགས་མི་ཚོ་ཕྱི་རྒྱལ་ལ་གཏོང་གི་ཡིན། ཧིན་སྒོར་འབུམ་གཅིག་གཏའ་མ་ལ་ལེན་གི་ཡིན། གཅིག་ནས་མཐུན་ཚོགས་ལ་དཔལ་འབྱོར་གྱི་ཁེ་ཕན་འདུག གཉིས་ནས་ཚོགས་མི་ཞིག་ཕྱི་རྒྱལ་ལ་ཐར་གི་རེད། ཡིག་ཐོག་ལ་བཞག་ནས་ལམ་ཁ་འདི་གསལ་བཤད་བྱས་ན། རྒྱ་གར་གཞུང་གི་ཁྲིམས་ཐོག་ནས་དཀའ་ངལ་ཡོང་སྲིད་པ་རེད། དེ་ཡིག་ཐོག་རང་ན་མེད་པར་བྱས་ན་འགྲིག་གི་རེད༽ཅེས་པའི་ཕྱོགས་ལ་ལག་པ་བཀྱགས་པ་རེད། སྔོན་གྱི་ལམ་ལུགས་སྲོལ་ལ་རྒྱལ་ཁ་ཐོབ་པ་རེད་ཟེར་ནས་ངའི་གྲོགས་པོས་ལབ་སོང༌། དེ་དུས་ད་ནི་གཞུང་ནས་ཀྱང་མཐུན་རྐྱེན་གནང་རྒྱུའི་ཞལ་བཞེས་གསལ་པོ་གནང༌། རྩོམ་པ་པོའི་ཚོགས་པས་ཀྱང་འདི་ལྟར་དངུལ་ཡོང་ས་ཞིག་བཟོས་པ་ཡིན་ན། ཡར་རྒྱས་ཀྱི་རེ་བ་ཡོད་པ་རེད་དྲན་སོང་ལ། དགའ་ཡང་དགའ་སོང༌།
    ཡིན་ནའང༌། དེ་རིང་བཀའ་ཁྲིའི་གསུང་ཚིག་བཀོད་ཐོན་འདིའི་ནང༌། ༼རྩོམ་པ་པོའི་སྒྲིག་འཛུགས་ཀྱི་སྡིངས་ཆ་རང་དོན་བསྒྲུབ་ཆེད་དང༌། ཕྱི་རྒྱལ་དུ་འགྲོ་བའི་མཐུན་རྐྱེན་ལ་བེད་སྤྱོད་བཏང་བ་ཡིན་ན། རྩོམ་ག་ཚོད་ཡག་པོ་འབྲི་ཤེས་ཀྱང་གཞི་རིམ་གྱི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཞི་རྟེན་མེད་སྟབས། དེ་ལ་སྙིང་བོ་གང་ཡང་ལྷག་ཡོད་པ་མ་རེད། གལ་སྲིད་མ་འོངས་པར་སྒྲིག་འཛུགས་ཡག་པོ་དང་སྲ་བརྟན་བྱུང་བ་ཡིན་ན། དཔལ་འབྱོར་མཐུན་རྐྱེན་སྦྱོར་རྒྱུ་གཞུང་གི་ལས་འགན་རེད་སྙམ་ཡོད། ཞེས་གསུངས་བྱུང༌།
    ༽ཞེས་གསལ་འདུག དེས་སེམས་མི་སྐྱིད་པ་བཟོས་སོང༌།

    Reply
  10. བྱ་གཞུང་དཔལ་རྡོར། says:
    ལོ་ 17 སྔོན།

    བཙན་བྱོལ་ནང་དུ་རྩོམ་པ་པོ་ཡིན་ཟེར་མཁན་མང་ནའང་ལག་ལེན་ངོ་མའི་ཐོག་ནས་བལྟས་ན་ཧ་ཅང་ཉུང། བྱིས་སྒྲུང་འབྲི་རྒྱུ་དང་ལྷག་པར་སློབ་གྲྭ་ཁག་གི་སློབ་དེབ་ཀྱི་ཟུར་ལྟ་དེབ་རིགས་འདྲ་མིན་འབྲི་རྒྱུ་ཧ་ཅང་གལ་ཆེ། ང་ཚོའི་མིག་སྔར་གྱི་ལས་དོན་གཙོ་བོ་ནི་རང་ཉིད་ཀྱི་ཚོར་བ་ཁོ་ན་སྙན་ངག་ནང་འབྲི་རྒྱུ་དང་ཕན་ཚུན་ལ་རྩོད་རྒྱག་འབྲི་རྒྱུ་ཙམ་མིན་པར་སློབ་གྲ་ཁག་གི་སློབ་དེབ་ལ་ཞིབ་འཇུག་བྱས་ཏེ་སློབ་དེབ་ཀྱི་ཟུར་ལྟའི་དེབ་རིགས་འདྲ་མིན་འདོན་རྒྱུ་ཧ་ཅང་གལ་ཆེ། གལ་ཏེ་ཁྱེད་ཀྱིས་སློབ་དེབ་དང་འབྲེལ་བའམ་ཡང་ན་བྱིས་སྒྲུང་སོགས་སློབ་ཕྲུག་དང་འབྲེལ་བ་ཡོད་པའི་དེབ་ཅིག་བྲིས་ཚེ་ཤེས་ལྷན་ནས་པར་སྐྲུན་དང་དེབ་རིན་སོགས་ལ་དཀའ་ངལ་གང་ཡང་མེད། ཡིན་ནའང་ད་ལྟ་བར་དེ་འདྲའི་རིགས་ཤེས་ལྷན་ལ་ཕུལ་མྱོང་མི་འདུག མཚམས་རེར་སྙན་ངག་གི་དེབ་འཁྱེར་ཡོང་ནས་ཤེས་ལྷན་ལ་མངག་ཉོ་ཡོང་བར་ཞུ་བ་འཐེན་གྱི་འདུག་ནའང། ཤེས་ལྷན་ནས་བདག་སྤྲོད་བྱེད་ཀྱི་མི་འདུག གང་ཡིན་ཞེ་ན་དེ་དག་སློབ་གྲྭ་ཁག་གི་སློབ་མ་དང་འབྲེལ་བ་དེ་ཙམ་མེད་པས་རེད།

    Reply
  11. གདོང་དམར་གྱི་བུ། says:
    ལོ་ 17 སྔོན།

    བྱིས་སྒྲུང་འབྲི་རྒྱུ་དེ་ཆེས་གལ་ཆེན་ཞིག་ཆགས་འདུག བྱིས་སྒྲུང་གསར་རྩོམ་བྱེད་མ་ཐུབ་ཀྱང་བོད་ཀྱི་དམངས་ཁྲོད་དུ་ངག་རྒྱུན་གྱི་གནའ་གཏམ་མང་པོ་ཡོད་པ་རྣམས་ཡལ་བཞིན་འདུག་ན། བོད་ཀྱི་བྱིས་སྒྲུང་ངམ་གནའ་གཏམ་མྱུར་སྐྱོབ་བྱེད་རྒྱུ་གལ་ཆེན་མཐོང་སོང་།
    བོད་ཡིག་གི་དྲ་རྒྱ་རེ་འགའི་ནང་བོད་ཀྱི་དམངས་གླུ་དང་། གཏམ་དཔེ་དང་དགོད་གཏམ་སོགས་གང་ཐུབ་ཐུབ་འགོད་བཞིན་པ་ཀློག་རྒྱུ་ཡོད་སྟབས་དགའ་བོ་འདུག ཡིད་འཕང་བ་ཞིག་ལ་བོད་ཡིག་གི་དྲ་རྒྱ་ཁག་ནང་བོད་ཀྱི་ཕྲུ་ཚོར་ཐོབ་སྐལ་གང་ཡང་འགོད་ཀྱི་མི་འདུག བྱིས་པ་ཚོ་བོད་ཡིག་ལ་དོ་སྣང་སླབས་ཐབས་ལ་དམིགས་པའི་ཀྱི་དྲ་རྒྱ་གཅིག་ཀྱང་མི་འདུག དེ་ཕྱིར་ཕྲུ་གུ་ཚོས་དབྱིན་ཡིག་སོགས་སྐད་ཡིག་གཞན་པའི་ཐོག་ནས་ game and Story སོགས་ཀློག་རྒྱུ་ལས་ཐབས་མེད་ཆགས་འདུག ་་་་་་་་་་་་་་་་་་

    Reply
  12. འཕྲིན་ལས says:
    ལོ་ 17 སྔོན།

    གསར་འགྱུར་འདི་རྙིང་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese