མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་གཟེངས་རྟགས་ཤིག་ཕུལ་བ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

ཐེངས་འདིའི་གཟེངས་རྟགས་འདིས་ངོས་རང་ལ་བོད་མིའི་དཀའ་རྙོག་སེལ་ཐབས་ལ་སྐུལ་སློང་འཕར་མ་ཞིག་གནང་སོང་ཞེས་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་ཡོད་འདུག

ཕྱི་ཚེས་ ༩  ཉིན་ཨེ་པེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་རེས་གཟའ་མིག་དམར་ཉིན་སུ་ལོ་ཝེ་ཀི་ཡའི་ནང་ཆིབས་བསྒྱུར་བསྐྱངས་ཤིང་། ཡུལ་དེའི་སྦར་ཏི་སི་ལའི་གྲོང་ཁྱེར་གྱི་སྤྱི་ཁྱབ་ཀྱིས་ཕེབས་བསུ་ཞུས་ཡོད་པ་མ་ཟད། ཁུལ་དེར་བཞུགས་རྒྱུན་རིང་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཀྱང་༧གོང་ས་མཆོག་ལ་མཇལ་འཕྲད་གནང་ཡོད་པ་རེད། ཐེངས་འདིའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་དེར། ༧གོང་ས་མཆོག་གིས་དེར་ཡོད་མི་མང་ལ་གསུངས་དོན། ངོས་ནས་གཟེངས་རྟགས་འདི་བོད་རྒྱའི་དཀའ་རྙོག་ཕན་ཚུན་གཉིས་སྨན་གྱི་ལམ་ནས་སེལ་རྒྱུའི་འབད་བརྩོན་བྱེད་པ་དེར་བློ་སྤོབས་གསར་བ་ཞིག་བྱིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ལ། མ་འོངས་བོད་ཀྱི་དཀའ་རྙོག་སེལ་བར་ཐད་ཀར་སྐུལ་སློང་འཕར་མ་ཞིག་ཀྱང་གནང་སོང་། ཅེས་བཀའ་བསྩལ་ཡོད་པ་རེད།

ཐེངས་འདིའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་འདི་༧གོང་ས་མཆོག་ལ་འབུལ་གནང་དོན་གཙོ་བོ་ནི། ༧གོང་ས་མཆོག་གིས་འཚེ་བ་མེད་པའི་ལམ་ནས་འགྲོ་བ་མིའི་ཐོབ་ཐང་དང་། བོད་མིའི་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཡོང་བར་འབད་བརྩོན་གནང་མཁན་གྱི་འཛམ་གླིང་གི་དབུ་ཁྲིད་ཅིག་ཡིན་པའི་ངོས་འཛིན་གྱིས་གཟེངས་རྟགས་འདི་ཁོང་ལ་ཕུལ་གནང་བ་ཞིག་ཡིན་འདུག་ལ། ཐེངས་སྔོན་མར་འགྲོ་བ་མིའི་གཟེངས་རྟགས་ཏེ་དམངས་གཙོ་འཕེལ་རྒྱས་ཀྱི་ཐད་ལ་ཕྱག་ལས་གནང་མཁན་ཧང་གྷ་རིའི་སྲིད་འཛིན་ཟུར་པ་ཨར་པ་ཊ་མཆོག་ལ་ཕུལ་ཡོད་པ་རེད།

དེ་བཞིན། ཉིན་གྲངས་གཉིས་རིང་༧གོང་ས་མཆོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་མི་སྣ་དང་མཁས་པ། གྲོས་ཚོགས་ཀྱི་སྐུ་ཚབ་བཅས་མཉམ་ཞུགས་གནང་བཞིན་པའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཏུ་ཆིབས་བསྒྱུར་གནང་སྟེ། གླིང་ཆེན་ཨེ་ཤ་ཡའི་ནང་གི་འཚེ་མེད་ཞི་བ་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་དང་། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ V`aclav Havel དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག་ལ། ཁོང་གི་ཐེངས་འདིའི་མཛད་འཕྲིན་ཡོངས་སུ་གྲུབ་རྗེས་ཕྱི་ཚེས་ ༡༢ ཉིན་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 11

  1. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    རླབས་ཆེན་ཀྱི་དབུ་ཁྲིད་འདི་འདྲ་ཞིག་བྱུང་བ་ནི་ངོ་མ་ཁོང་རང་གི་གཟི་བརྗིད་དང་བསོད་ནམས་རེད། ང་ཚོས་ཁ་ཆེ་ཐག་ཆོད་གདང་ནས་འདུག་དང་དེ་ཡང་་ང་ཚོའིབསོད་ནམས་རང་རེད།

    Reply
  2. ཁ་རུ་ཁ་ཐུག says:
    ལོ་ 17 སྔོན།

    རླབས་ཆེན་གྱི་དབུ་ཁྲིད་འདི་འདྲ་ཞིག་བྱུང་བ་ནི་ངོ་མ་བསོད་ནམས་རེད།
    ཁོང་གི་མཛད་འཕྲིན་འདི་ལྟར་མུ་མཐུད་དེ་གོང་ནས་གོང་དུ་འཕེལ་ན་ད་གཟོད་རང་རེའི་
    མི་རིགས་འདིའང་རོ་ལངས་ཤིག་རྒྱག་ཐུབ་པའི་རེ་བ་ཡོད།

    Reply
  3. ནད་པ says:
    ལོ་ 17 སྔོན།

    ཁྱེད་ནི་འགྲོ་བའི་དོན་གྱི་སླད།།
    ཅུང་ཟད་ཙམ་མི་ངལ་ཞིང་།།
    འགྲོ་བ་རྣམས་ཀྱང་ཁྱེད་ཀྱི་ནི།།
    ཡོན་ཏན་བརྗོད་ལ་ངལ་མ་གྱུར།།

    རྗེ་ཙོང་པའི་གསུང་།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    མི་འཇིག་ཆོས་སྲིད་ཟུང་གི་ཁྲི་སྟེང་གི།།
    མི་ཡི་མགོན་པོ་གང་སྐུའི་གཟི་འོད་དེ།།
    མི་ཡུལ་མུན་པ་སེལ་བའི་ཉི་མ་རུ།།
    འཁྲུལ་ནས་འདབ་ལྡན་དགྱེས་སམ་ལྟ་ལ་བྲེལ།།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འཛམ་གླིང་ཉི་མ་གཅིག་ལས་མེད།

    ཉི་མ་གང་དུ་ཤར་ན་དེ་རུ་འོད་སྣང་ཡོད།།
    ཉི་མ་གང་དུ་མེད་ན་དེ་རུ་འོད་སྣང་མེད།།
    ཉི་མ་གང་དུ་འཚོ་བའི་ཡུལ་གྲུར་བདེ་སྐྱིད་ལྡན།།
    ཉི་མ་གང་དུ་མེད་པའི་རི་ལུང་སྡུག་གི་མནར།།

    གངས་རིའི་༧འཕགས་མཆོག་མི་ཡི་དབང་།།
    ས་སྟེང་སྐྱེ་དགུའི་མགོན་པོ་མཆོག།
    མགོ་ནག་མི་དག་འགྲོ་བསྡོད་སོགས།།
    ཡོད་པ་འདི་རང་ཉིད་ཀྱིས་དྲིན།།

    Reply
  6. མར་མེ says:
    ལོ་ 17 སྔོན།

    འདི་ལྟར་༸གོང་ས་མཆོག་ལ་ཆེས་རྒྱུས་མངའ་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཁོང་གི་སྐུ་ཚེ་རིན་ཐང་སྐོར་ལ་མཁྱེན་རྒྱ་ཡངས་ཤིང་གཟུ་བོར་གནས་པའི་ནུབ་ཕྱོགས་ཀྱི་མཁས་པ་དང་སྤྱི་འབངས་དག་
    གིས་ཁོང་ལ་ཕུལ་བའི་ཆེས་བསྟོད་ཀྱི་གཟེང་རྟགས་རེ་རེས་མགོན་པོ་ཉིད་ལ་གཡོ་སྒྱུ་ཁྲམ་གསུམ་གྱི་སྒོ་ནས་མཚན་སྨད་དང་ཁ་བརྡུང་གཏོང་བཞིན་པའི་རྒྱ་དམར་སྲིད་གཞུང་དང་དེའི་རྒྱུ་ཁྱི་དག་གི་སེམས་ལ་ནམ་ཡང་སོས་ཐབས་མེད་པའི་
    རྨ་ཁ་རེ་བཟོས་ཡོད་པ་ནི་གདོན་མི་ཟ་ལ་དེ་དང་ཆབས་ཅིག་ཁོང་ལ་དད་གུས་དང་ཡིད་ཆེས་རྩེ་གཅིག་ཏུ་ཡོད་པའི་གངས་ཅན་པ་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་འཛམ་གླིང་མི་མང་ཡོངས་ལ་སྤོབས་པ་དང་དགའ་སྤྲོ་ཚད་མེད་ཅིག་སྦྱིན་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད། ང་རང་ལ་མཚོན་ནའང་ས་མཐའ་འདིར་འདི་འདྲའི་བཀྲ་ཤིས་པའི་གསར་འགྱུར་རེ་རེར་མཐོང་དུས་རང་ཉིད་བོད་མི་ཡིན་པ་ལ་སྔར་ལས་ལྷག་པའི་སྤོབས་པ་ཞིག་སྐྱེ་གི་འདུག
    འོན་ཀྱང་ཡིད་ཕངས་པ་ཞིག་ལ་༸གོང་ས་མཆོག་ལ་ཕུལ་བའི་ཆེས་བསྟོད་ཀྱི་གཟེངས་རྟགས་དག་གི་རིན་ཐང་དང་ད་ལྟའི་བར་༸གོང་ས་མཆོག་ནས་འཛམ་གླིང་ཞི་བདེ་གཟེངས་རྟགས་གཙོས་རྒྱལ་ཁབ་དང་ཚོགས་སྡེ་ཁག་ནས་ཕུལ་བའི་
    ཆེས་བསྟོད་གཟེངས་རྟགས་ཅི་ཙམ་བཞེས་ཡོད་མེད་དང་དེ་དག་གི་ལོ་རྒྱུས་ཐུང་ཙམ་བཅས་བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་སྒོ་ནས་དྲ་རྒྱ་དང་དེབ་པར་སྐྲུན་གྱིས་འགྲེམས་སྤེལ་བྱེད་མ་ཐུབ་པ་ནི་རྒྱ་ནག་སྲིད་གཞུང་ལ་གོ་སྐབས་ཤིག་སྤྲད་པ་ལྟར་མཐོང་གི་འདུག། ད་ལོ་ནི་དུས་ཆེན་ཁྱད་པར་ཅན་ཞིག་ཏུ་བཙན་བྱོལ་གཞུང་དམངས་ནས་ངོས་འཛིན་ཞུ་གི་ཡོད་པར་བརྟེན་འདི་ལོའི་ཞི་བདེ་གཟེངས་རྟགས་ཀྱི་དུས་ཆེན་དང་བསྟུན་དེ་འདྲའི་དེབ་ཞིག་ཁོང་ལ་དུས་རྟག་ཏུ་ཡིད་ཆེས་དང་དགའ་མོས་བྱེད་མཁན་གྱི་འཛམ་གླིང་མི་མང་རྣམས་ལ་དྲན་རྟེན་དུ་འགྲེམས་སྤེལ་བྱེད་ཐུབ་ཚེ་ཧ་ཅང་གི་དགེ་མཚན་ཆེ་བར་མཐོང༌གི་འདུག་ན།
    གཟུ་བོར་གནས་པའི་དྲ་གྲོགས་རྣམས་ལ་འདིའི་ཐད་དགོངས་ཚུལ་ག་འདྲ་ཡོད་དམ།

    Reply
  7. བརྩེ་དུང་གི་རྒྱལ་སྲས། says:
    ལོ་ 17 སྔོན།

    དགོངས་འདག བཀོལ་སྤྱོད་གཏོང་རྒྱུ་མ་ཡོད་པས་རེད། ཅེས་བཅོས་པར་ཞུ།

    Reply
  8. བརྩེ་དུང་གི་རྒྱལ་སྲས། says:
    ལོ་ 17 སྔོན།

    ༸ཡིད་བཞིན་ནོར་བུའི་རྣམ་དཔྱོད་དང་སྙིང་སྟོབས། བྱམས་བརྩེ་དང་ནུས་པ་སོགས་ཀྱི་ཁྱད་ཡོན་ངོས་འཛིན་དང་ཁྱབ་སྤེལ་གྱི་མཚོན་རྟགས་སུ་གཟེངས་རྟགས་དང་གུས་བསྟོད་ལ་སོགས་པའི་ལས་དོན་རླབས་ཆེན་བརྩམས་དང་རྩོམ་བཞིན་པའི་གནས་སྟངས་འདི་དགའ་དགོས་པའི་དོན་བཟང་ཞིག་རེད་མོད། ད་དུང་རྒྱ་དམར་སྲིད་གཞུང་གིས་བརྩི་འཇོག་དང་བསམ་ཤེས་མི་ཐུབ་པ་འདིས། བོད་མི་རིགས་དང་རྒྱ་གཞུང་གཉིས་ཀ་མུན་ནག་སྟུག་པོའི་དབྱིངས་སུ་བསམ་བཞིན་དུ་བསྐྱལ་བ་ཞིག་མ་རེད་དམ། ཨ་ཁ། ༸རྒྱལ་བ་ཡིད་བཞིན་ནོར་བུའི་དགོངས་དོན་ཟབ་མོ་དང་རླབས་ཆེན་གྱི་ལམ་སྟོན་གལ་ཆེན་དག་བོད་མི་རིགས་ཀྱིས་ངོས་འཛིན་དང་སྲུང་སྐྱོབ་བྱེད་ལས་ལྡོག་སྟེ། ཁོང་རིན་པོ་ཆེའི་ཐུགས་དགོངས་ངོ་མ་དང་ཕྱོགས་སྟོན་མ་ནོར་བ་དེ། མི་རིགས་དང་རྒྱལ་ཁབ་གཞན་དང་གཞན་གྱིས་ེརྒྱུན་འཛིན་དང་ཆེ་མཐོང་བགྱིས་དང་བགྱིད་བཞིན་པའི་གནས་ཚུལ་དག་ལ་སོམས་དང་། ང་ཚོ་བོད་མི་རིགས་སྤྱི་ཡོངས་ཀྱིས་ཁོང་གི་ནུས་པ་དང་ཤེས་རབ། སྙིང་སྟོབས་དང་གསར་རྟོགས་བཅས་ནི། ལྷ་དང་སྒྱུ་འཕྲུལ་གྱི་ངོ་བོར་དང་རྣམ་པར་བསྒྱུར་དང་བསྒྱུར་བཞིན་པ་འདིས་ཅི་ཞིག་མཚོན་གྱི་འདུག་གམ། ཤེས་རྟོགས་ཞན་པས་རྨོངས་དད་ཆེ་དྲགས་པ་ཞིག་རེད་དམ། ཡང་ན་རིག་གཞུང་གང་ཡང་རུང་ཞིག་གིས་དབང་བསྒྱུར་བྱེད་ཆེ་དྲགས་པ་རེད། གཞན་ཡང་དུས་རབས་ཀྱི་འགྱུར་འགྲོས་དང་འཚམ་པའི་གོ་རྟོགས་ཤིག་མ་ཡོད་པས་རེད་དམ། ཡང་ན་རང་དབང་ཆེ་བའི་རྣམ་དཔྱོད་བཀོལ་སྤྱོད་མ་ཡོད་པས་རེད།

    Reply
  9. ཁ་བའི་འདབ་མ says:
    ལོ་ 17 སྔོན།

    གངས་རིའི་རང་མདངས་ལ་སྙིང་སྟོབས་བྱིན་ཞིང་གདེང་སྤོབས་ཀྱི་ཁ་བའི་འདབ་མ་དགུང་ནས་དགུང་ལ་བརྩེགས་མཁས་པའི་གངས་ཅན་གྱི་མགོན་པོར་འཚམས་འདྲི་ཡང་ནས་ཡང་དུ་ཞུ།

    Reply
  10. ཨ་ཚོགས་བློ་བྷེ། says:
    ལོ་ 17 སྔོན།

    ནོར་བཅོས (མི་ཡི་རྣམ་རོལ་ཞིང་།)

    Reply
  11. ཨ་ཚོགས་བློ་བྷེ། says:
    ལོ་ 17 སྔོན།

    ཙོང་ཁའི་ཡུལ་དུ་མི་ཡི་རྣམ་པར་རོལ།།
    ནོར་བུ་གླིང་ཀར་འཚར་བུའི་ཨ་མའི་བུ།།
    མཐོང་བ་ཉིད་ཀྱིས་འགྲོ་རྣམས་བདེར་འགོད་པ།།
    ཞི་བདེའི་དམིགས་བུ་གངས་རིའི་བརྒྱན་དུ་ཤར།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese