མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱོད་ལྟར་ན་དམངས་གཙོའི་ལྡེ་མིག་གང་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་དྲང་བདེན་གྱི་གནས་ཚུལ་དང་ཤེས་ཡོན། རང་དབང་གི་ཁྲིམས་བཤེར་ནི་དམངས་གཙོའི་ལྡེ་མིག་རེད་ཅེས་གསུངས་འདུག

ཕྱི་ཚེས་ ༡༡ ཉིན་གྱི་ཨེ་ཤ་ཡའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ཞི་བདེ་ཞེས་པའི་ཚོགས་འདུའི་སྟེང་གཏམ་བཤད་གནང་དོན། དམངས་གཙོའི་ཡང་དག་ཅིག་ཡོང་རྒྱུའི་གཞི་རྩ་གཙོ་བོ་ནི་དྲང་ཚུགས་ལྡན་པའི་གནས་ཚུལ་དང་། ཤེས་ཡོན། རང་དབང་གི་ཁྲིམས་བཤེར་བཅས་རེད། འཁྱོག་བརྗོད་ཀྱི་གནས་ཚུལ་ནི་སྔ་ཕྱི་ཙམ་མ་གཏོགས་མི་དམངས་ཀྱིས་ཤེས་ཡོང་གི་ཡོད་སྟབས་ཀུན་སྤྱོད་ཀྱི་ངོས་ནས་བཤད་ནའང་ནོར་འཁྲུལ་རེད་ཅེས་གསུངས།

༧གོང་ས་མཆོག་གིས་མུ་མཐུད་གསུངས་དོན། དུས་རབས་ཉེར་གཅིག་པའི་འཛམ་གླིང་གི་འཕེལ་ཕྱོགས་ནི་ཞི་བདེ་དང་དམངས་གཙོ། གུ་ཡངས། འབྲེལ་མོལ། འདུམ་འགྲིག་གི་བསམ་བློ་བཅས་རེད། ཉེ་བའི་ཆར་གྱི་འགྱུར་བ་དེ་དག་ནི་དབང་ཤུགས་ཀྱི་འོག་ནས་བྱུང་བ་མ་རེད། ལས་འགུལ་གྲགས་ཅན་དེ་འདྲར་བརྟེན་ནས་བྱུང་བ་རེད། དེར་བརྟེན། མ་འོངས་པར་ང་ཚོའི་རེ་བ་ནི་མི་དམངས་རེད་མ་གཏོགས་སྲིད་གཞུང་མ་རེད། སྲིད་གཞུང་དག་གིས་དབང་ཆ་ཇི་ལྟར་བཀོལ་ནས་སྟངས་འཛིན་བྱེད་པར་ལྟ་གི་རེད་ཅེས་གསུངས་འདུག

ཁོང་གིས་རྒྱ་ནག་གི་ཐོག་ལ་གསུངས་དོན། རྒྱ་ནག་ནང་གི་དམངས་གཙོ་ནི་རྒྱ་ནག་མི་དམངས་ཀྱི་དགོས་འདུན་ལ་བསྟུན་ནས་ཡོང་ཐུབ་པ་ཞིག་རེད་ཅེས་ཀྱང་བཀའ་བསྩལ་འདུག

ཨེ་ཤ་ཡའི་ནང་གི་དམངས་གཙོ་དང་ཞི་བདེ། འགྲོ་བ་མིའི་ཐོབ་ཐང་གི་གདོང་ལེན་ཅེས་པའི་བགྲོ་གླེང་གི་སྐབས་སུ་ཁོང་གིས་གསུངས་དོན། གཅིག་སྡུད་རིང་ལུགས་པའི་དབང་ཤུགས་བཀོལ་སྤྱོད་དེས་མཐའ་མར་ལྡོག་ཕྱོགས་ཀྱི་ནུས་པ་འདོན་ལ། ལྷག་པར་དུ་སོ་སོའི་མི་དམངས་ཀྱི་ནང་དུ་འགལ་ཟླ་བསྐྲུན་གི་རེད། དེ་བས་ཞི་མོལ་ནི་ལམ་ཁ་ཁོ་ན་དེ་ཡིན་ཅེས་གསུངས་ཡོད།

ཁོང་གིས་ཡུ་རོབ་མཐུན་ཚོགས་དཔེར་བཀོད་ནས་གསུངས་དོན། རྒྱལ་ཁབ་རང་རང་གིས་སོ་སོའི་ཁེ་ཕན་བློས་བཏང་སྟེ་ཐུན་མོང་གི་ཁེ་ཕན་སྟེང་འགྲོ་གི་ཡོད་པ་རེད། ཡུ་རོབ་མཐུན་ཚོགས་ལ་བལྟས་ནས་ཨེ་ཤ་ཡའི་མཐུན་ཚོགས་སམ་མངའ་ཁུལ་མཉམ་འབྲེལ་གྱི་རྒྱལ་ཁབ་འཛུགས་འོས་པ་ཞིག་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་གིས་དམངས་གཙོའི་ཡར་རྒྱས་ཐད་དམིགས་བསལ་གྱི་ནུས་པ་འདོན་དགོས་པ་རེད་གསུངས་པ་དང་། གོ་ལ་རང་བཞིན་དང་། རྒྱལ་ཡོངས་རང་བཞིན། སྤྱི་ཚོགས་རང་བཞིན། ཁྱིམ་ཚང་རང་བཞིན། མི་སྒེར་གྱི་ངོས་བཅས་རིམ་པ་མཐའ་དག་ན་གདོང་ལེན་བྱ་རྒྱུ་མང་པོ་ཡོད་པ་རེད། འདི་དག་ཕལ་ཆེ་བ་ནི་མིས་བཟོས་པའི་དཀའ་རྙོག་རེད། འདི་དག་མིས་བཟོས་པ་ཡིན་ཙང་ང་ཚོས་དེ་དག་རྩ་མེད་བཟོ་མི་ཐུབ་ཀྱང་ཉུང་དུ་གཏོང་ཐུབ་དགོས་པ་རེད། དེར་བརྟེན་ང་ཚོས་རེ་བ་བརླག་པ་ལས་རེ་བ་ཆེན་པོ་ཞིག་ཡོད་འོས་པ་རེད་ཅེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༥ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༠ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 9

  1. ཨརྱ། says:
    ལོ་ 17 སྔོན།

    མང་ཚོགས་ཀྱིས་འོས་ཚད་ལྡན་ཞིག་འཕེན་་རྒྱུ་དེའང་མང་གཙོའི་ལྡེ་མིག་གམ་སྲོག་རྩ་ཞིག་རེད། གཞན་འདི་ངའི་ཟིན་བྲིས་སུ་འགོད་ཆོག་པར་ཞུ་ཞེས་རྩོམ་སྒྲིག་པ་མཆོག་ལ་ཞུ།

    Reply
  2. འབུར་ཐོ། says:
    ལོ་ 17 སྔོན།

    དམངས་གཙོའི་ལྡེ་མིག་ཟེར་ན་ཧ་ཅང་གི་ཚད་མཐོ་བོ་ཞིག་རེད། མི་རྣམས་ཀྱིས་རང་དང་རྒྱལ་ཁབ་གཉིས་ཀྱི་ནང་ནས་རྒྱལ་ཁབ་འདེམས་ཐུབ་པའི་བློ་སྟོབས་དེ་ནི་ལྡེ་མིག་གངོས་གནས་དེ་རེད། ལྡེ་མིག་དེ་རྒྱ་ཆ་བདུན་ཅུ་ལ་ཡོད་ན་ད་གཟོད་སྒོ་ཕྱེ་ཐུབ

    Reply
  3. མི་ཉག་སྐལ་བཟང་། says:
    ལོ་ 17 སྔོན།

    བང་ཆེན་ཟིན་བྲིས་པ་ཞིག་གིས་འདི་ལྟར་བཤད་འདུག ཐེ་ཝན་དུ་༧གོང་ས་མཆོག་གི་སྐུའི་ལྟོ་ཕད་བརླགས་པ།

    ཉེ་བའི་ཆར་༧གོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་སྐབས། སྐུ་འཁོར་རྣམས་ཀྱི་ནང་དུ་སྔོན་མ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་གྲོང་གསུམ་པ་ཁང་ཨང་༩ པ་ནས་ཡིན་པ་དང་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ལོག་ཡིན་པ། དེང་སྐབས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་ལྡན་བློ་གྲོས་ཟེར་བས་འཚང་ཀ་བརྒྱབ་ཡོད་འདུག་པ་དང༌། སྐུའི་ཞབས་འབྲངས་པས་མཉམ་སྦྱར་སྐུའི་ལྟོ་ཕད་༼ཞེ་ཚིག་སྦྱར་མ་ཤེས་པར་དྲ་གྲོགས་རྣམས་ལ་དགོངས་སེལ་ཞུ་༽བསྣམས་ནས་ཕེབས་བཞིན་པའི་སྐབས་སྐལ་ལྡན་བློ་གྲོས་ཀྱིས་ཁོས་ཁུར་ཆོག་ཅེས་ཁུར་ནས་སོང་ཡོད་པ་དང༌། རྗེས་སུ་སྐལ་ལྡན་བློ་གྲོས་ཟེར་བས་སྐུའི་ལྟོ་ཕད་རླངས་འཁོར་གྱི་ནང་དུ་གཡུགས་ནས་སོང་ཡོད་པ་རེད། རྗེས་སུ་རྩད་གཅོད་བྱེད་པའི་སྐབས་རླངས་འཁོར་དེ་ཉེན་རྟོག་ལས་ཁུངས་ནས་ཡིན་འདུག་པ་དང༌། རླངས་འཁོར་དེ་ཡང་རླངས་འཁོར་འཇུག་སའི་ནང་དུ་བཅུག་ནས་ཆུ་ཚོད་མང་པོའི་ནང་མ་རྙེད་པའི་གནས་ཚུལ་བྱུང་ཡོད་པ་རེད། གནད་དོན་འདིའི་ཐད་ནས་སྐུ་འཁོར་རྣམས་ལའང་ཁ་རྡུང་གཏོང་འོས་པ་ཞིག་རེད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བཤད་ན་སྐུའི་ཞབས་འབྲངས་པ་ཞིག་ཡིན་པའི་ཆ་ནས་ལྟོ་ཕད་ཅིག་ཁུར་མི་ཐུབ་པ་ག་རེ་ཡིན་ཐེ་ཚོམ་གྱི་རང་བཞིན་དང༌། སྐལ་ལྡན་བློ་གྲོས་ལ་མཚོན་ན་དུས་རྒྱུན་གསར་འགྱུར་ནང་དུ་མི་མང་པོ་ལ་ཁ་གཏོང་མཁན་ཞིག་ཡིན་པ་མ་ཟད། རྡ་ས་ཡོངས་གླིང་སློབ་གྲྭའི་བདག་པོ་སྤྱི་རྒྱུ་སྒེར་བདག་སྤྱི་འཐུས་ཟླ་བ་ཚེ་རིང་གི་མཛུབ་མོས་གར་བསྟན་ཤར་བྱེད་མཁན་ཞིག་ཡིན་ཚུལ་འདུག འདི་དག་སྐབས་བབས་ཀྱི་གནད་དོན་དང་འབྲེལ་བ་མེད་ཀྱང་ཁོ་རང་གི་རང་བཞིན་ངོ་སྤྲོད་ཙམ་བྱས་པ་ཡིན། དོན་དངོས་སྐལ་མེད་ས་ལ་སྐེ་བསྲིངས་དགོས་དོན་ག་རེ་ཡིན་མིན་དང༌། ལྷག་པར་དུ་གནད་དོན་དེའི་ཐོག་གླེང་ཕྱོགས་སྣ་ཚོགས་ཡོང་བཞིན་པ་དང༌། དེ་བས་ཀྱང་སྐུ་འཁོར་རྣམས་ལ་ཁ་གཏོང་མཁན་མང་པོ་ཡོད་པ་འདི་དག་ཕྱོགས་གང་ནས་བལྟས་ཀྱང་སྐབས་འདིར་གཡོལ་ཐབས་མེད་པའི་ནོར་འཁྲུལ་ཤོར་མཁན་ནི་སྐལ་ལྡན་བློ་གྲོས་ཟེར་བ་དེ་ཡིན་འདུག དྲ་གྲོགས་རྣམ་པས་གནད་དོན་འདིའི་སྐོར་རྩད་གཅོད་དང་བགྲོ་གླེང་གནང་རོགས།

    Reply
  4. གཡུ་སེང་ཨ says:
    ལོ་ 17 སྔོན།

    ཧ་ལས་བ་རེད་ཡ་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  5. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    གནས་ཚང་གི་དྲི་བ་རང་ལ་དྲིས་ནས་ལན་རང་གིས་བྱས་འདུག་ཀྱང་སྙིང་རྗེ་ལན་དེ་ནོར་འདུག

    Reply
  6. གོང་དཀར་ངག་རྣམ། says:
    ལོ་ 17 སྔོན།

    ཆེད་ལས་དང་རིགས་གཅིག་རྐང་འཛིན།
    མང་གཙོ་དང་དམངས་གཙོ། ཧ་ཧ་ཧ་ཧཧ་་་་་་་་་་་་་་་་་་་

    Reply
  7. གནས་ཚང་། says:
    ལོ་ 17 སྔོན།

    མང་གཙོ་ཟེར་བ་དེ་གང་རེད་དམ། དེ་ནི་འགོ་གཙོས་བློ་ཐག་རྦད་བཅད་ཀྱིས་དབང་ཤུགས་གཤམ་དུ་སྤྲོད་པ། མང་ཚོགས་ཀྱིས་སྒྲུབ་བྱེད་ཡོད་པའི་སྨྲ་བརྗོད་ལོངས་སུ་སྤྱོད་པ་དང་དབང་འཛིན་པར་ལྟ་རྟོག་ཡང་དག་བྱེད་པའོ།

    Reply
  8. གསེར་རྟ་ཆོས་དབྱིངས། says:
    ལོ་ 17 སྔོན།

    གོང་ས་མཆོག་གི་བཀའ་སློབ་འདི་བཞིན་འཇིག་རྙིང་དང་མི་འདྲ་བར་རྦད་དེ་འགྱུར་བ་ཐེབ་ཟིན་པའི་འཇིགས་རྟེན་འདིར་དམག་དང་མཆོན་ཆ་ནི་བེད་སྤྱོད་མེད་པར་གྱུར་
    ཟིན་པ་རེད། དེ་ཡང་གོང་དུ་༧ གོང་ས་མཆོག་གིས།
    དུས་རབས་ཉེར་གཅིག་པའི་འཛམ་གླིང་གི་འཕེལ་ཕྱོགས་ནི་ཞི་བདེ་
    དང་དམངས་གཙོ། གུ་ཡངས། འབྲེལ་མོལ། འདུམ་འགྲིག་གི་བསམ་བློ་བཅས་རེད།
    ཅེས་གསུངས་འདུག་པ་བཞིན་ང་ཚོ་བོད་པས་རངགི་རིག་གཞུང་ནང་ཆོས་ཀྱི་ལྟ་གྲུབ་དང་མཐུན་ཞིང་འཛམ་གླིང་གི་མིའི་ཁ་ཕྱོགས་དང་ཡིད་སྨོན་བྱེད་སའི་འཚེ་མེད་ཞི་
    བདེའི་ལག་ལེན་ནི་བརྗེད་མི་རུང་བའི་གནད་དོན་ཞིག་ཡིན། ང་ཚོས་ལས་འགུལ་ཆེ་ཕྲ་
    ཇི་འདྲ་ཞིག་སྤེལ་ན་ཡང་འཚེ་བ་མེད་པ་ནི་ནམ་ཡང་བརྗེད་མི་རུང་། ང་ཚོ་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ཁར་བསྐྱོད་ན་དེ་ཙམ་གྱིས་ཕ་རོལ་པོའི་དམག་དང་མཚོན་ཆ་
    ནི་བེད་སྤྱོད་མེད་པར་འགྱུར་ངེས་ཡིན། དེར་བརྟེན་ང་ཚོས་ཕ་རོལ་པོ་ལ་ཁ་གཏད་
    གཅོག་དགོས་ན་དམག་དང་མཚོན་ཆ་དེ་བཞིན་འཚེ་བ་བཅས་ལ་བསམ་བློ་བཏང་བའམ་
    བེད་སྤྱོད་བྱས་ཚེ་ཁོང་ཚོ་ལ་དགོས་ངེས་ཀྱི་ཆ་རྐྱེན་ཏུ་འགྱུར་རྒྱུ་ཉག་གཅིག་རེད།
    འདི་ནི་གཞིས་ལུས་རྒྱ་ཆེའི་མི་མང་གི་གོ་དགོས་པའི་གནད་དོན་ཞིག་ཡིན།

    Reply
  9. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    དམངས་གཙོའི་ལྡེ་མིག་གཅིག་རང་རེད། དེ་སུ་ཞིག་གིས་དམངས་གཙོ་ཡི་དགོས་པ་དང་རིན་ཐང་རྟོགས་མིན་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese