མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུའི་སྐོར་གྱི་བསམ་ཚུལ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

ངག་དབང་ཚེ་རིང་། ཝར་ན།

ཐོག་དང་པོ་རང་གི་གསལ་བཤད་ཅིག་ཞུས་ན་གོང་གི་བརྗོད་གཞི་འདི་གླེང་དགོས་དོན་གཙོ་བོ་དེ་གླང་པོ་ཆེའི་མཆེ་བར་དཀར་པོ་ངོམ་པ་ལྟར་མ་ཡིན་པར་རང་ཉིད་མགོ་ནག་རྩམ་གཟན་གཤའ་མ་ཞིག་དང་དུས་རབས་འདིའི་བོད་རིགས་གཞོན་སྐྱེས་ཤིག་ཡིན་པ།  ཁྱད་པར་དུ་མ་འོངས་པའི་མགོ་ཁྲིད་ཅིག་ཡིན་པའི་ཆ་ནས་དེ་ལྟ་བུའི་བརྗོད་བྱར་མགོ་བོ་མ་གཡེང་ག་མེད་ཆགས་སོང༌། འདིར་རང་གིས་བཤད་འདོད་པ་ནི་རང་རེའི་གཞི་རིམ་མང་ཚོགས་ཀྱིས་བཀའ་བློན་ཁྲི་པ་དེ་གལ་ཆེ་ཚུལ་དང་བཀའ་བློན་ཁྲི་པ་དེར་འོས་ཆོས་སམ་ཆ་རྐྱེན་ཅི་འདྲ་ཞིག་དགོས་མིན་ཤེས་དགོས་པ་དང་། དེ་དང་འབྲེལ་ནས་མང་ཚོགས་ལ་རེ་འབོད་ཕྲན་བུ་ཞིིག་བཅས་གཙོ་བོ་དོན་དག་གསུམ་ཐོག་འཆད་རྒྱུ་ཡིན།

དེ་ཡང་དང་པོ་ང་ཚོའི་བཀའ་བློན་ཁྲི་པ་དེ་ཉིད་གལ་ཆེ་ཚུལ་ཐོག་བཤད་པ་ཡིན་ན་ཉི་མ་མེད་པའི་སྐབས་ཟླ་བས་འཇིག་རྟེན་སྐྱོང་བའི་དཔེ་ལྟར་རང་ཅག་གི་བཀའ་བློན་ཁྲི་པ་དེ་ནི་དེ་ལས་ཀྱང་གལ་ཆེ་བ་དང་གནད་ཆེ་བ་ཞིག་མཐོང་གི་འདུག གང་ལགས་ཟེར་ན་ད་ལྟའི་ཆར་བོད་ཀྱི་གནས་སྟངས་དང་འཛམ་གླིང་གི་འགྱུར་འགྲོས་རེ་རེ་ལ་བསམ་ན་དངོས་གནས་ང་ཚོའི་ས་མཐོའི་ཁ་བ་དཀར་པོའི་ཡུལ་འདིི་དམར་པོ་རྒྱ་ཡིས་ཁེངས་ནས་གངས་ལྗོངས་ནི་མེ་ཏོག་གི་སྐྱེད་ཚལ་དང་རྫས་མཚོན་གྱི་བཟོ་གྲྭ་ཞིག་ཏུ་སྐྲུན་ཞིང་བོད་རིགས་རྣམས་སྲན་མ་གཏོར་བ་བཞིན་འཛམ་གླིང་ས་ཕྱོགས་གང་སར་ཁ་འཐོར་དུ་ཕྱིན་ནས་འཛམ་གླིང་མི་མང་ཚོས་བོད་དང་བོད་མི་ཟེར་བ་ཞིག་རྙེད་པར་དཀའ་བའི་དུས་འདིར་རང་ཅག་བོད་མི་རེ་རེ་ལ་ཁུར་དུ་འཁྲི་པའི་འོས་འགན་དང་དེ་བཞིན་རང་རེ་བཙན་བྱོལ་གཞུང་གི་ལས་ཀྱི་སྣེ་མོར་གཏོགས་པའི་གཞུང་ཞབས་པ་རྣམས་ལ་སྨྲོས་མ་དགོས་པ་ཞིག་རེད་ལ། ཁྱད་པར་དུ་རང་ཅག་གི་བཀའ་བློན་ཁྲི་པར་མཚོན་ན་ཁྱིམ་ཚང་ཞིག་གི་ཕ་ལྟ་བུ་ཞིག་ཡིན་པས་དེ་བས་ཀྱང་གླེང་མི་དགོས་པ་ཞིག་ཡིན། ཁྱིམ་ཚང་དེ་ཉིད་ཁྱིམ་མཚེས་གཞན་ལས་ལྷག་པ་ཞིག་འབྱུང་དང་མི་འབྱུང་།  ཁྱིམ་ཚང་དེ་ཁྱིམ་མཚེས་གཞན་དང་འདྲ་བར་ནང་གི་འཚོ་བ་བཀྲ་ཤིས་བ་དང་ཕུན་སུམ་ཚོགས་པ་མ་ཟད། ནང་མིའི་ཀུན་སྤྱོད་སོགས་ལེགས་པོ་ཡོང་དང་མི་ཡོང་བཅས་ནི་གཙོ་བོ་ཕས་འཇོན་ཐང་དང་ལྷག་བསམ། གཤིས་སྤྱོད་སོགས་ལ་རག་ལས་པ་བཞིན། རླུང་ནག་ཁྲོད་ཀྱི་མར་མེ་ལྟ་བུའི་བོད་འདི་འཛམ་གླིང་སྟེང་འཆི་བ་ལས་སྐྱོབ་ཐུབ་དང་མི་ཐུབ་ཀྱང་ངེད་ཅག་གི་བཀའ་བློན་ཁྲི་པར་རག་ལས་སོ། མདོར་ན་རང་ཅག་གི་བཀའ་བློན་ཁྲི་པ་ནི་རང་ཅག་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་འཚོ་བའི་རེ་འདོད་དང་མ་འོངས་པའི་ཁ་བའི་རྨི་ལམ། ད་ལྟའི་མིག་ལྟོས་བཅས་འདི་དང་མ་འོངས་གཉིས་ཀྱི་བོད་མིའི་བདེ་དོན་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་ཧ་ཅང་གི་གལ་ཆེན་པོ་ཞིག་རེད་བསམ་གྱི་འདུག འོན་ཀྱང་མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་དང་། མི་སུམ་ཅུར་བསམ་བློ་སུམ་ཅུ་ཡོད་པའི་ཆ་ནས་བརྗོད་ཚུལ་མི་འདྲ་བ་སྣ་ཚོགས་ཡོང་སྲིད་པ་ནི་ཆོས་ཉིད་ཡིན།

གཉིས་པ། བཀའ་བློན་ཁྲི་པ་ཇི་ལྟར་གདམ་དགོས་མིན་ཐོག་རང་གི་ལྟ་ཚུལ་ཅུང་ཙམ་གླེང་ན། ཞི་མི་དཀར་ནག་གང་ཡིན་ཡང་ཙི་ཙི་གསོད་ཐུབ་ན་འགྲིག་གི་ཡོད་པའི་དཔེ་ལྟར། བོད་ཀྱི་བདེན་མཐའ་གསལ་དུ་གཏོང་ཐུབ་མཁན་ཞིག་བྱུང་ན་སྐྱེ་ཕོ་མོ་གང་ཡིན་རུང་ཁྱད་མེད། དེ་ཡང་ཉི་མ་ལྟ་བུའི་གཟི་བརྗིད་དང་ཡོན་ཏན་ཕུན་སུམ་ཚོགས་པའི་མི་སྣ་ཞིག་གླིང་འདིར་རྙེད་མི་སྲིད་ཀྱང་ཟླ་བ་ལྟ་བུའི་གཟི་བརྗིད་དང་ཡོན་ཏན་ཚང་བ་ཞིག་དགོས་པ་ནི་བོད་ཕྱི་ནང་གཉིས་ཀྱི་མང་ཚོགས་ཀྱི་རེ་འདོད་རེད་ལ། དེ་ལྟ་བུ་ཞིག་དགོས་པ་ཞིག་ཀྱང་རེད། འོ་ན་དེ་ལྟ་བུའི་བཀའ་བློན་ཁྲི་པ་ཞིག་ཡོང་དང་མི་ཡོང་ནི་གཙོ་བོ་གཞི་རིམ་མང་ཚོགས་ཀྱིས་འོས་མི་ཇི་ལྟར་གདམ་དགོས་མིན་དེར་ཐུག་འདུག་བསམ་གྱི་འདུག དེ་ཡང་བཀའ་བློན་ཁྲི་པའི་འོས་མིར་བཞེངས་པའི་ཤེས་ཡོན་ཅན་ཇི་སྙེད་ཅིག་ཡོད་པའི་ནང་ནས་གཙོ་བོ་གང་ཟག་དེའི་མགོན་པོ་གང་ཉིད་ཀྱི་ཟབ་པ་དང་རྒྱ་ཆེ་བའི་དགོངས་དོན་གང་ཡིན་པ་རྣམས་རྟོགས་པའི་གདེང་ཚོད་དང་། དེ་སོ་སོས་ལག་ལེན་དུ་བསྟར་བར་ཐེ་ཚོམ་སྤུ་ཙམ་ཡང་མི་གཡོ་བ་ཞིག་ཡོད་མེད།  གང་ཟག་དེ་ལ་འདབ་ཤོག་གཉིས་ལྡན་གྱི་ཤེས་ཡོན་ཚད་དང་ལྡན་པ་ཞིག་ཡོད་མེད། གང་ཟག་དེའི་འདས་པའི་དུས་སུ་གཞུང་ཞབས་ཐོག་ཞབས་ཞུ་ཇི་ལྟར་ཞུས་ཡོད་མེད་དང་། དུས་ཡུན་དེའི་རིང་ནུས་པ་ཇི་ལྟར་ཐོན་མིན། གང་ཟག་དེའི་འདས་པའི་མི་ལོ་ལྔ་བཅུའི་ནང་གི་འགྱུར་བ་དང་ལྷག་པར་དུ་རྒྱ་གཞུང་གི་ཆབ་སྲིད་འགྱུར་བའི་ཐད་གསལ་གསལ་ཐིང་ཐིང་མཁྱེན་གི་ཡོད་མེད། ཁྱད་པར་དུ་གང་ཟག་དེ་ལྷག་བསམ་དང་དྲང་བདེན། ཞི་བདེ་དང་བདེན་པའི་ལམ་དུ་བསྐྱོད་ཐུབ་མཁན་ཞིག་ཡིན་མིན།   དེ་ལྟར་གང་ཟག་སུ་དང་སུ་ཡིན་ཡང་བཀའ་བློན་ཁྲི་པའི་ཞབས་སྟེགས་སྟེང་དུ་ཞུགས་འདོད་ཡོད་རིགས་ལ་མ་མཐར་ཆ་རྐྱེན་འདི་ལྟ་བུ་ཞིག་ཚང་དགོས་ཀྱི་རེད་བསམ་གྱི་འདུག

གསུམ་པ། གཞི་རིམ་མང་ཚོགས་ལ་རང་གི་བསམ་ཚུལ་དང་སྦྲགས་ནས་རེ་འབོད་ཕྲན་བུ་ཞིག་ཞུ་འདོད་བྱུང༌། ང་ཚོ་གཞི་རིམ་མང་ཚོགས་ཀྱིས་བཀའ་བློན་ཁྲི་པ་དེ་གལ་ཏེ་གོང་དུ་ཞུས་པ་ལྟར་གལ་ཆེན་པོ་ཞིག་དང་གནད་ཆེན་པོ་ཞིག་མཐོང་གི་ཡོད་ན། ད་ནི་དངོས་གནས་གང་ཡང་དྲན་རྒྱུ་མེད་པའི་གཉིད་ལ་ཞུགས་པ་ལྟར་མ་ཡིན་པར། རང་ངོས་ནས་འགན་འཁྲི་ཁུར་དུ་བཞེས་ཏེ། དེ་ལྟ་བུའི་གང་ཟག་ཞིག་ང་ཚོའི་སྤྱི་ཚོགས་ནང་བཙལ་ནས་ངེས་པར་དུ་རྙེད་དགོས་པ་དང་། རྙེད་ནས་འདེམས་དགོས་པའི་དུས་ལ་ཤར་འདུག་བསམ།  གང་ལྟར་བཀའ་ཁྲི་ནི་ང་ཚོ་མང་ཚོགས་ཀྱི་རེད་ལ། མང་ཚོགས་ཀྱིས་ལོངས་སུ་སྤྱོད་བྱ་ཞིག་ཀྱང་རེད།  དེ་ཉིད་རིན་ཐང་ཅན་ཞིག་དང་འོད་དུ་འཚེར་བའི་ནོར་བུ་ཞིག་ཡིན་དགོས་པར་འདོད་ན་དང་པོ་ནས་ནོར་བུའི་ནོར་ཉམས་ཆོད་དགོས་པ་བཞིན། གཞི་རིམ་མང་ཚོགས་ཀྱིས་ཀྱང་བཀའ་ཁྲི་ཡག་པོ་ཞིག་བསམ་ན་མི་སྣ་མང་པོ་ཞིག་གི་དབུས་ནས་རྩེ་ཕུད་ཀྱིི་མི་སྣ་ཞིག་འདེམས་ཐུབ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོར་སྣང་མོད། འོན་ཀྱང་ད་ལྟའི་ཆར་རང་གི་མཐོང་སྣང་ལ་གཞིགས་ན་སྤྱི་ཚོགས་ཁྲོད་བཀའ་ཁྲི་འོས་འདེམས་སྐོར་མང་ཚོགས་ནས་དེ་ཙམ་དོ་ཁུར་མེད་པ་མ་ཟད་བྱིས་པའི་སྣང་བ་བཞིན་རྩེད་མོར་མགོ་བོ་གཡེང་གིན་འདུག དེ་ནི་ཧ་ཅང་གི་སེམས་སྐྱོ་དགོས་པ་ཞིག་དང་ཡིད་ཕམ་དགོས་པ་ཞིག་རེད་ལ་ཤིན་ཏུ་ནས་ཡིད་གདུང་དགོས་པ་ཞིག་ཀྱང་མ་རེད་དམ།                     

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 2

  1. གདོང་དམར་གྱི་བུ། says:
    ལོ་ 17 སྔོན།

    ད་ནི་བཀའ་ཁྲི་འདེམས་སྟངས་འདེམས་ལུགས་ཀྱི་ཐོག་ལ་བསླབ་བྱ་བརྒྱབ་ནས་མ་བསྡད་པར། གཙོ་བོ་ཤེས་འཇོན་ལྡན་པའི་མི་སྣ་གང་དྲགས་དྲགས་མི་དམངས་ལ་ངོ་སྤྲོད་གནང་རྒྱུ་ཚད་ལ་སླེབས་འདུག གང་ལྟར་འོས་ཆོས་ཚང་བའི་འོས་མི་ཕུལ་བྱུང་དེ་འདྲ་བཙལ་ནས་མི་དམངས་ལ་མི་དེ་དག་གི་ལོ་རྒྱུས་ངོ་སྤྲོད་གནང་རྒྱུ་གལ་ཆེ་བ་རེད། གྲོགས་པོ་ཁྱེད་རང་གི་ངོས་ནས་བཀའ་ཁྲིར་དྲགས་ཤོས་མི་སུ་འདྲ་ཞིག་མཐོང་གི་དེ་ཤེས་འདོད་པ་ལས། འོས་འདེབས་སྐོར་གྱི་བསླབ་བྱ་འདྲ་བོ་འདྲ་བོ་མང་པོ་བྲིས་པས་ཕན་པ་ཆུང་བར་འདོད་།

    Reply
  2. གཡུ་སེང་ཨ says:
    ལོ་ 17 སྔོན།

    ཉིད་ཀྱིས་ཚོར་བའི་སྟེང་ནས་ཕུལ་བར་དགའ་བསུ་ཞུ།ཡིན་ཡང་ཉིད་ཀྱི་ཉི་མ་ལྟའི་གཟི་བརྗིད་དང་ཡོན་ཏན་ཕུན་སུམ་ཚོགས་པ་ཞིག་མི་སྲིད་ཞུས་གསུངས་བ་ནི་ཉིད་ཀྱི་རང་མི་རིག་ལ་མཐོང་ག་འདྲ་ཞིག་བཞག་ཡོད་ལ།ཁྱེད་རང་གི་འོས་ཆོས་འཚང་བའི་མི་ཞིག་ངོས་མི་འཛིན་པ་ཅི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese