མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རྒྱ་གཉིས་དང་བོད་ཀྱི་གནད་དོན།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཀྱི་མཇལ་འཕྲད་དེ་སྔར་གྱི་དུས་ཆད་ལས་ཕྱིར་འགྱངས་གནང་སྟེ། ཕྱི་ཟླ་ ༡༡ པའི་ནང་དུ་མཇལ་འཕྲད་གནང་རྒྱུ་རེད།

ཕྱི་ཚེས་ ༡༤ ཉིན་སྲིད་འཛིན་ཨོ་བྷ་མཆོག་གི་སློབ་སྟོན་པ་དང་མཐོ་རིམ་དཔོན་རིགས་གསུམ་བཞུགས་སྒར་ནས་༧གོང་ས་མཆོག་ལ་མཇལ་བའི་སྐབས་སུ། སྲིད་འཛིན་ཨོ་བྷ་མའི་སློབ་སྟོན་པ་ལྕམ་ ཝ་ལེ་རི་ ཇར་རེ་ཊི་ ལགས་ཀྱིས་ཞུས་དོན། སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་སྐད་ཡིག རིག་གཞུང་གི་ཤུལ་དངོས། བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་མི་སེར་གྱི་རང་དབང་བཅས་ལ་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་གི་ཡིན་ཅེས་གསུངས་ཚུལ་ཞུས་ཡོད་པ་རེད། དེས་མི་ཚད་སྲིད་འཛིན་ཨོ་བྷ་མ་མཆོག་གིས། ༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་དགོངས་གཞིའི་འོག་བོད་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་ཚད་མཐོའི་རང་སྲིད་རང་སྐྱོང་འཐོབ་རེ་གནང་བཞིན་པར་ཡང་རྒྱབ་སྐྱོར་ཡོད་སྐོར་ཞུས་འདུག

སྐུ་སྒེར་ཡིག་ཚང་གི་དྲ་ཚིགས་ནང་དུ་བཀོད་པ་ལྟར་ན། ༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་སྙོམས་ཀྱི་གནས་ཚུལ་ཞུས་ཤིང་། རྒྱ་གར་གཞུང་དམངས་གཉིས་ཀྱི་སྐུ་དྲིན་ལ་བོད་མི་རྣམས་ཀྱིས་བཙན་བྱོལ་དུ་རང་གི་རིག་གཞུང་དང་ངོ་རྟགས་ཚུན་སྲུང་སྐྱོབ་དང་གོང་སྤེལ་གཏོང་ཐུབ་ཀྱིན་ཡོད་པའི་སྐོར་དང་། དེ་བཞིན་བོད་རྒྱའི་འབྲེལ་མོལ་གྱི་གནས་སྟངས་སྐོར་ཞུས་ཡོད་པ་མ་ཟད། སྔར་ལོ་ཕྱི་ཟླ་ ༡༠ པ་ནས ༡༡ པའི་བར་གྱི་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སྐུ་ཚབ་རྣམ་པས་རྒྱ་ནག་གི་དཔོན་རིགས་ཚོར་ཚད་མཐོའི་རང་སྐྱོང་སྐོར་གྱི་ཡིག་ཆ་ཕུལ་བའི་སྐོར་གསུངས་ཡོད་པ་རེད།

ལྕམ་ ཇར་རེ་ཊི་ ལགས་ཀྱིས་ཕྱིར་ཞུས་དོན། ཨ་རིའི་གཞུང་གིས་བོད་ཀྱི་གནད་དོན་སེལ་ཐབས་སུ་རོགས་འདེགས་གང་ཡོང་ཞུ་རྒྱུ་ཡིན་ལ། ལྷག་དོན་དུ་ད་རེབ་ཕྱི་ཟླ་ ༡༡ པའི་ནང་དུ་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཐེངས་དང་པོར་རྒྱ་ནག་ལ་གཟིགས་སྐོར་གནང་བའི་སྐབས་འདིར་གང་ཐུབ་ཀྱི་གླེང་སློང་གནང་རྒྱུ་ཡིན་སྐོར་ཞུས་ཡོད་པ་རེད།

 ༧གོང་ས་མཆོག་གིས་སྲིད་འཛིན་ཨོ་བྷ་མར་ལམ་སྟོན་ཞུས་དོན། ཨ་རི་དང་རྒྱ་ནག་གཉིས་ཀྱི་བར་དུ་རྩ་དོན་རང་བཞིན་དང་བཟང་ཕྱོགས་ཀྱི་འབྲེལ་བ་འཛིན་དགོས་སྐོར་གསུངས་ཡོད་ལ། སྲིད་འཛིན་མཆོག་གིས་བོད་མི་རིགས་ཀྱི་སྐྱིད་སྡུག་ལ་ཐུགས་ཁུར་གནང་བཞིན་པ་དེར་སེམས་གཏིང་ནས་དགའ་མགུ་ཡོད་པ་དང་། ཁོང་གི་སྲིད་འཛིན་གྱི་ལས་ཁུར་རིང་ལ་བོད་མི་རིགས་ཀྱིས་རང་གི་དཀའ་རྙོག་འདི་སེལ་བར་དོན་དམ་གྱི་ཡར་རྒྱས་ཤིག་མཐོང་ཐུབ་པའི་རེ་བ་ཡོད་ཅེས་དང་། སྲིད་འཛིན་མཆོག་རྒྱ་ནག་ནས་ཕྱིར་ཕེབས་རྗེས་མཇལ་འཕྲད་ཡོང་རྒྱུར་རེ་སྒུག་གནང་ཡོད་ཚུལ་ཡང་གསུངས་ཡོད་པ་རེད།

དེ་བཞིན་༧གོང་ས་མཆོག་གིས་ནམ་ཀུན་ཐུགས་ཁུར་གནང་བཞིན་པའི་གནད་དོན་འགའ་ཤས་ཞུས་ཡོད་ལ། དེ་དག་གི་ཁོངས་སུ་གོ་ལ་རང་བཞིན་གྱི་རྩོད་རྙོག་དང་ཁོར་ཡུག་གི་གནད་དོན་སོགས་ཚུད་ཡོད་ལ། ཁོང་གིས་སྲིད་འཛིན་ཨོ་བྷ་མ་མཆོག་ལ་རེ་སྐུལ་གནང་དོན། སྲིད་འཛིན་མཆོག་གིས་མཉམ་ལས་དང་འབྲེལ་གཏུགས། གྲོས་མོལ་སོགས་ཀྱི་ལམ་ནས་ཕྱག་ལས་འདི་དག་མཇུག་སྐྱོང་ཡོང་བར་གཞེན་སྐུལ་ནན་ཏན་གྱིས་ཞུས་ཡོད་པ་རེད།

ཐེངས་འདིར་ཨ་རིའི་གཞུང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ མ་རི་ཡ་ ཨོ་ཊེ་རོ་ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་བར་དགའ་བསུ་ཞུས་ཡོད་པ་རེད།

༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཟླ་འདིའི་ཟླ་མཇུག་དང་འཆར་ཟླའི་ཟླ་སྟོད་ཙམ་ལ་མཇལ་འཕྲད་གནང་རྒྱུའི་ཐུགས་འདུན་ཡོད་རུང་། ད་ཆ་དུས་ཚེས་ཕྱིར་འགྱངས་ཀྱིས་སྲིད་འཛིན་མཆོག་རྒྱ་ནག་ལ་ཕེབས་ཏེ་ཕྱིར་འཁོར་རྗེས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་ཡིན་འདུག
༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས། ཁོང་གིས་ཕོ་བྲང་དཀར་པོའི་འབྲེལ་ཡོད་ལས་བྱེད་དང་ལྷན་དུ་སྲིད་འཛིན་དང་༧གོང་ས་མཆོག་གི་མཛལ་འཕྲད་ཀྱི་དུས་ཚེས་གཏན་འཁེལ་གནང་གི་ཡིན་ཅེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༣ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༠ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༥ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

མཆན། 7

  1. གོང་དཀར་ངག་རྣམ། says:
    ལོ་ 17 སྔོན།

    དངོས་གནས་ཨོ་བྷ་མ་ཞེས་པའི་ཕ་ོགཞོན་དེས་བོད་པའི་ཐོག་ལ་རྒྱུ་ནག་ལ་གནོན་ཤུགས་སྤྲོད་རྒྱའི་རེ་བ་ཆེན་པོ་ཡོད།

    Reply
  2. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 17 སྔོན།

    གནས་ཚུལ་བཟང་གི ངོ་མ་བཟང་གི ཡིན་ནའང་སྲིད་འཛིན་ཨོ་བྷ་མས་ང་ཚོའི་རྩ་དོན་དེ་ཁོས་ཟེར་བ་ནང་བཞིན་གླེང་སློང་བྱ་ཨེ་ཡོང་ན། ང་ཚོ་ག་དུས་ཡིན་ཡང་རེ་སྒུག་བྱ་རྒྱུ་ལས་གཞན་ཅི་ཡོད་ཨང་་་་་་་་་་་རེ་སྒུག་་་་་་་་སྒུག་སྒུག་་་་་་་་་་་་་་་ཨཧཧ་་་་་་ད་ནི་ངོ་མ་་་་་་་་་་ཡིད་བཞིན་ནོར་བུ་མཁྱེན། ཁོང་ངོ་སངས་རྒྱས་དངོས་མིན་ན་ཅི་ཡིན། རྒྱ་གཞུང་གིས་མཚན་སྨད་དང་འགོག་རྐྱེན་རྐྱང་བྱས་དང་བྱེད་ཀྱིན་ཡོད་ཀྱང་། ད་དུང་ཁོང་གིས་ཨ་རི་ཡིས་རྒྱ་ནག་འབྲེལ་ཡག་པོ་དགོས་པའི་སློབ་སྟོན་གནང་འདུག་ག

    Reply
  3. གཡུ་སེང་ཨ says:
    ལོ་ 17 སྔོན།

    གོངགི་གནས་ཚུལ་ཧ་གོ་སོང་།རེ་སྒུག་རང་རེད།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ཁྲ་དང་འུག་པ་ནེ་ལེ་གསུམ་སྤོ་ཐོ་གཅིག་གི་སྙེས་འབོལ་བྱས། བསམ་ལུགས་མི་གཅིག་ཁ་ཁརེད། ཁྲ་ཡིས་ནམ་མཁའ་ལང་ན་བསམ། འུག་པས་མུན་པ་རུབ་ན་འདོད། ནེ་ལེས་ཁ་བ་དབབ་ན་སྙམ།

    Reply
  5. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    དངོས་ནས་གསར་འགྱུར་ཡག་པོ་ཞིག་གོ་སོང་། ད་རེས་༧གོང་ས་མཆོག་ཕེབས་དུས་ཡང་རྒྱ་ནག་གི་ཧོས་ཅིན་ཐོ་གཙོས་གཞུང་ཞབས་འགའ་ལ་རྔམ་དྲགས་ཤིག་སྐྱེ་ངེས་ཡིན། འདི་ནི་རང་རེའི་བོད་པ་ཚང་གི་གཟི་བརྗིད་ཅིག་རེད། ཁོང་རིན་པོ་ཆེ་མཁྱེན་ སྐུ་ཚེ་བསྐལ་བརྒྱ་བརྟན་པར་ཤོག

    Reply
  6. གསེར་རྟ་ཆོས་དབྱིངས། says:
    ལོ་ 17 སྔོན།

    ལྷག་དོན་དུ་ད་རེབ་ཕྱི་ཟླ་ ༡༡ པའི་ནང་དུ་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཐེངས་དང་པོར་རྒྱ་ནག་ལ་གཟིགས་སྐོར་གནང་བའི་སྐབས་འདིར་གང་ཐུབ་ཀྱི་གླེང་སློང་གནང་རྒྱུ་ཡིན་སྐོར་ཞུས་ཡོད་པ་རེད། ཅེས་པ་འདི་ལ་སྙིང་ཐག་པས་དགའ་ཚོར་ཞིག་བྱུང་།

    Reply
  7. གསེར་རྟ་ཆོས་དབྱིངས། says:
    ལོ་ 17 སྔོན།

    གསར་འགྱུར་ཡག་པོ་ཞིག་འདུག་ད་རེས་གོང་ས་མཆོག་དང་མཇལ་མོལ་གནང་བ་འདི་
    དོན་སྙིང་ལྡན་པ་ཞིག་ཡིན་པའི་རེ་བ་ཡོད།
    ད་ཨོ་བྷ་མས་རྒྱ་ནག་ལ་བོད་དོན་ཐད་སྐད་ཆ་གང་འདྲ་ཞིག་བཤད་ཡོང་སྙམ་དུ་སྒུག་དགོས་པ་ཞིག་ཆགས་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese