མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསུང་ཆོས་མགོ་བཙུགས་པ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཀོ་རི་ཡའི་ཆོས་གྲོགས་ཚོ་དང་ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་པ་དང་དགེ་ཕྲུག་ཡིན་པ་གཅིག་མཚུངས་ཡིན་ལ། དཔལ་ནཱ་ལེཎྜའི་ཆོས་རྒྱུད་འཛིན་མཁན་ཡང་གཅིག་པ་ཆགས་ཡོད། ཅེས་༧གོང་ས་མཆོག་གིས་ཕྱི་ཚེས་ ༡༥ ཉིན་གསུངས་སོང་།

ཀོ་རི་ཡའི་དད་ལྡན་མང་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གནང་སྟེ། ཀོ་རི་ཡའི་དད་ལྡན་མང་ཚོགས་གཙོས། ཨ་རི་དང་དབྱིན་ཡུལ། སི་པན། ཉི་ཧོང་བཅས་ཕྱི་གླིང་བའི་དད་ལྡན་པ་དང་། ངྷ་སར་གནས་སྡོད་བོད་མི་སོགས་དད་ལྡན་མང་ཚོགས་སྟོང་ཕྲག་ལྔ་ལྷག་ལ་ནང་ཆོས་ཀྱི་རྒྱུན་ཤེས་སྐོར་གྱི་གསུང་ཆོས་གནང་ཡོད། སྐབས་དེར། ༧གོང་ས་མཆོག་གིས་གསུངས་དོན། དེ་རིང་ཀོ་རི་ཡའི་ཆོས་གྲོགས་ཚོ་དང་ང་ཚོ་ཚང་མ་འདིར་འཛོམས་པ་དང་ང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་པ་དང་དགེ་ཕྲུག་ཡིན་པ་གཅིག་མཚུངས་ཆགས་ཡོད་ལ། དཔལ་ནཱ་ལེཎྜའི་ཆོས་རྒྱུད་འཛིན་མཁན་ཡང་གཅིག་པ་ཆགས་ཡོད། ཁྱེད་རང་ཚོ་ཀོ་རི་ཡའི་ནང་རྒྱ་ནག་བརྒྱུད་དེ་ནང་ཆོས་དར་བ་ཞིག་རེད། དེ་འདྲ་ཞིག་ཡིན་སྟབས། རྒྱ་ནག་གི་ནང་ཆོས་མཁས་པ་དེ་དག་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་ལྟ་བུ་ཆགས་ཡོད་པ་དང་། ང་ཚོ་བོད་པ་ཚོ་དགེ་ཕྲུག་གཞོན་པ་ཆགས་ཡོད་སྟབས། ང་ཚོའི་ངོས་ནས་ཁྱེད་ཚོར་གུས་འདུད་ཡོད། ཅེས་གསུངས་སོང་།

ཡང་། ༧གོང་ས་མཆོག་གིས་ཀོ་རི་ཡའི་ཐེངས་འདིའི་གསུངས་ཆོས་ཁྲོད་སྔོན་མ་ཡོང་མྱོང་མཁན་དང་ད་ལྟ་གསར་དུ་ཞུགས་མཁན་ཡོངས་ལ་ཚང་རྩིས་ཤིག་བྱས་རྗེས། ཁོང་གིས་ནང་ཆོས་སྐོར་ལ་གསུངས་དོན། ཤེར་ཕྱིན་གྱི་གཞུང་དུ་ཆོས་ཐམས་ཅད་ངོ་བོ་ཉིད་གྲུབ་པའི་སྟོང་བ་རེད། ཅེས་གསུངས་ཡོད་པ་ལྟར། ཕྱིའི་གནས་ཚུལ་ཡིན་ནའང་ངོ་བོ་ཉིད་ཀྱིས་གྲུབ་པའི་སྟོང་བ་དང་། ནང་གི་རྣམ་བཞག་དེའང་ཕ་རོལ་དུ་ཕྱིན་པ་དྲུག་ལ་སོགས་པ་ངོ་བོ་ཉིད་ཀྱིས་གྲུབ་པའི་སྟོང་བ་ཡིན་ཚུལ་དང་། འབྲས་བུ་རྣམ་བཞག་དེ་ཚོའི་གྲས་ཀྱང་ངོ་བོ་ཉིད་ཀྱིས་གྲུབ་པའི་སྟོང་བ་རེད། ཅེས་གསུངས་ཡོད་པ་རེད། ཅེས་དང་། དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པའི་སངས་རྒྱས་ནས་གཞུང་དོན་མ་ནོར་བར་བདེན་པ་བཞིའི་སྐོར་སོགས་གསུངས་ཡོད་པ་དང་། དེ་གཞི་ལ་བཞག་པ་དང་དེ་ཉིད་ནང་པ་སངས་རྒྱས་པའི་སྒྲུང་ནང་བཞིན་ཆགས་ཡོད་ཚུལ། དེ་བཞིན་ནང་ཆོས་ཀྱི་སྤྱིར་བཏང་གི་རྣམ་བཞག་སྐོར་ནས་དད་ལྡན་མང་ཚོགས་ལ་ཉིན་གྲངས་གསུམ་རིང་ངོ་སྤྲོད་གནང་རྒྱུ་ཡིན་པ་རེད།

འདི་གའི་གསར་འགོད་པས་ཐེངས་འདིའི་ཀོ་རི་ཡའི་དད་ལྡན་པ་ཚོས་གསོལ་འདེབས་ཞུས་བའི་གསུངས་ཆོས་ཀྱི་བརྗོད་གཞི་ཅི་ཞིག་ཡིན་མིན་དང་། མི་གྲངས་ག་ཚོད་ཅིག་འདུས་ཡོད་མེད་བོད་གཞུང་བདེ་སྲུང་མི་སྣ་ཀུན་དགའ་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས། ཐེངས་འདིར་༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་མང་ཚོགས་ལ་སྤྱིར་བཏང་གི་ནང་ཆོས་ཀྱི་སྐོར་ནས་གསུང་ཆོས་གནང་གི་ཡོད་པ་རེད། ཐེངས་འདིའི་གསུང་ཆོས་ཁྲོད་ཀོ་རི་ཡ་གཙོས་ཕྱི་གླིང་བའི་མི་ ༡༣༠༠ ལྷག་དང་། བོད་པའི་དགེ་འདུན་པ་དང་བཙུན་མ་ ༡༤༠༠ ལྷག་འདུས་ཡོད་འདུག ང་ཚོས་ཐོ་འགོད་བྱས་ཟིན་པའི་མི་ ༤༠༠༠ ལྷག་དེ་རིང་འདུ་འཛོམས་བྱུང་ཡོད་ལ། ད་དུང་ཐོ་འགོད་བྱས་མེད་པའི་མི་ ༡༠༠༠ ལྷག་འདུ་འཛོམས་བྱུང་ཡོད་སྟབས། ཐེངས་འདིར་བསྡོམས་མི་ ༥༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག ཅེས་བརྗོད་བྱུང།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 14

  1. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    འགྲོ་ལ་ཕྱོགས་ཞེན་མེད་པ་དང་།
    མུན་པའི་དཔུང་ཚོགས་མ་ལུས་འཇོམས།།
    རིགས་ཅན་ཀུན་ལས་རྒྱལ་བ་ཁྱེད།།
    སྲིད་པའི་མིག་ལྟར་རྟེན་འདིར་བརྗིད།།

    Reply
  2. བསེ་རུ། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོར་དགོངས་སེལ་ཞུ།

    ང་རང་དུས་བབ་ཀྱི་གསར་འགྱུར་ཁག་དུས་ཐོག་ཏུ་ལྟ་ཐུབ་མིན་ལ་བརྟེན་ནས་ཡིག་ནོར་ལ་དག་བཅོས་དུས་ཐོག་བྱེད་ཐུབ་མ་སོང་བས་དགོངས་སེལ་ཞུ་རྒྱུ་དང་། ང་ལ་དྲ་རྒྱའི་མཐུན་རྐྱེན་མེད་པའི་དཀའ་ངལ་སོགས་ཀྱི་རྐྱེན་པས་ཡང་ཡང་འཛུལ་རྒྱུར་དཀའ་ངལ་འཕྲད་ཀྱིན་འདུག

    གོང་དུ་རྐང་རྗེན་པ་དང་མི་འཁྱམ་གཉིས་ཀྱིས་ཀྱང་ཡིག་ནོར་ལ་དག་བཅོས་དང་དགོངས་ཚུལ་བཏོན་གནང་འདུག་པར་ལྷག་པར་རྗེས་སུ་ཡི་རངས་ཞུ་རྒྱུ་ལས་མ་འདས། ད་དུང་རང་རང་གི་འཇོན་ནུས་ལ་དཔག་པའི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།།

    Reply
  3. མི་འཁྱམ says:
    ལོ་ 17 སྔོན།

    རྐང་རྗེན་པས་བཤད་པ་བདེན་པར་འདུག འདི་འདྲའི་གནད་འགག་གི་གསུང་ཚིག་དག་ནོར་ནས་སྤེལ་མི་རུང། དེ་བས་ཀྱང་། དབུས་སྐད་དེ་ཨམ་སྐད་ནང་ཕབ་འགོད་ཞུ་མི་རུང། ལུང་རིགས་ལགས། ཡང་། གསར་འགོད་པས་གྲུབ་རྟགས་བསྟན་འདུག ལྷ་ཕྱག་དེ་འདིར་བརྐྱངས་ནས་དག་བཅོས་ཤིག་གནང་དགོས་ནས་འདུག ཁྱེད་རང་ལ་དཀའ་ལས་ཉིས་རྩེག་རེད་དེ། ད་ནི་གསར་འགོད་པ་ཚོས་འདི་ཙམ་ལས་མ་འཇོན་ནས་འདུག་སྟབས། ཁྱེད་རང་ལ་ཞུ་བ་འཐེན་རྒྱུ་ལས་ལྷག་མ་སོང། དུས་བབ་དྲ་ངོས་ཀྱི་ཟིན་བྲིས་ཉི་ཚེ་བ་དག་གཙང་བཟོ་དང་ཆབས་ཅིག ཡིག་ནོར་བརྡ་ནོར་འབྲི་མཁན་གྱི་གསར་འགོད་པ་ཚོ་ལའང་སྟབས་གཅིག་ཏུ་གཙང་བཟོ་ཞིག་གནང་ཐུབ་ན། ཁྱེད་རང་ལ་སྐུ་ངལ་ཐོལ་བ་འདི་རིགས་ཞུ་མ་དགོས་པ་ཡོང་རྒྱུ་ཡང་། ད་ནི་ཁྱེད་རང་ནས་ཁ་སྔོན་གསུངས་པ་བཞིན་རེད། གནད་འགག་ལ་ཐུག་དུས་དཀའ་ཙམ་ཡོད་ངེས།

    Reply
  4. འཕྲིན་ལས says:
    ལོ་ 17 སྔོན།

    ཁོང་ལ་སྐུ་ངལ་ཅུང་ཙམ་གསོ་རུ་བཅུག་ན་ཅི་མ་རུང་།

    Reply
  5. རྐང་རྗེན་པ། says:
    ལོ་ 17 སྔོན།

    གསར་འགོད་པ་ལགས། གསུང་ཆོས་ཀྱི་ཚིག་༼ངོ་བོ་ཉིད་གྲུབ་པའི་སྟོང་བ་༽དང་། ༼ངོ་བོ་ཉིད་ཀྱིས་གྲུབ་པའི་སྟོང་བ་༽ཞེས་པ་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་བ་ཞེས་པ་ཡིན་ལ།
    དེ་བཞིན། ༼ཕྱིའི་གནས་ཚུལ་༽དང་། ༼ནང་གི་རྣམ་བཞག་༽ཅེས་པ་གཞིའི་གནས་ཚུལ་དང་ལམ་གྱི་རྣམ་གཞག་ཅེས་པ་ཡིན་པ་འདྲ།
    ཡང། ༼རྣམ་པར་རྫོགས་པའི་སངས་རྒྱས་ནས་༽ཞེས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་པ་ཡིན་ལྲ།
    ༼གཞུང་དོན་མ་དོར་བ་༽ཞེས་པ་གཞུང་དོན་མ་ནོར་བ་ཞེས་པ་ཡིན་ནམ་མ་ཤེས།
    ཡང་། ༼ནང་པ་སངས་རྒྱས་པའི་སྒྲུང་ནང་བཞིན་ཆགས་ཡོད་ཚུལ།༽ཞེས་པ་སངས་རྒྱས་པའི་སྒྲོམ་ནང་བཞིན་ཞེས་པ་ཡིན་ངེས་པས་བསྐྱར་ཞིབ་ཅིག་གནང་ན་ལེགས་སྙམ།

    Reply
  6. གཡུ་སེང་ཨ says:
    ལོ་ 17 སྔོན།

    ཁོང་གི་མཛད་འཕྲིན་མ་བསམ་བརྗོད་མེད་རང་རེད་ཡིན་ཡང་།བཞུགས་པའི་ཚུ་ཚོད་སྐར་ཆའི་ལྷོད་གཡེང་མེད་པ་སྐུ་ཚེ་ལ་ག་འདྲ་ཡིན་ནམ།

    Reply
  7. ནད་པ says:
    ལོ་ 17 སྔོན།

    ཕྱག་ན་པདྨོའི་བྱིནརླབས་བདུད་རྩིའི་རྒྱུན།།
    བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་།།
    བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་མཉེས་ནས།།
    ཀུན་བཟང་མཆོད་མཆོག་རྒྱ་མཚོར་མཐར་སོན་ཤོག།

    སྐྱབས་རྗེ་ཡོངས་འཛིན་མཆོག་གི་གསུང་།

    Reply
  8. གཅེན་པོ། says:
    ལོ་ 17 སྔོན།

    གངས་རིའི་མགོན་དེའི་སྙན་གྲགས་གོ་ལར་འཁྱབས།
    ཁྱེད་ཀྱི་ཐུགས་ནི་གོ་ལའི་འགྲོ་ལ་བརྩེ།
    དད་ལྡན་སློབ་མ་དགའ་བའི་གར་ལ་བྲེལ།
    རྒྱ་དམར་སྙིང་ལ་ན་གཟུགས་ཕར་མ་ཞིག

    Reply
  9. ཁ་བའི་འདབ་མ། says:
    ལོ་ 17 སྔོན།

    ཁོང་གཅིག་པུར་སྒུག་བསྡད་ན་ཡོང་ཡག་ཨེ་ཡོད་ན

    Reply
  10. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    གང་གི་མཛད་འཕྲིན་ནི་སྤང་གི་ས་མོང་དང་།
    དབྱར་གཞུང་གི་འབབ་ཆུ་རེད།
    འོན་ཀྱང་ཁོང་གི་སྐུ་ལུས་གདོས་བཅས་ཤ་ཁྲག་ལས་གྲུབ་འདུག་ག
    བོད་མི་ཚོ་ཁ་འཐོར་དགུ་འཐོར་དུ་ཡོད་ག
    ད་རུང་མི་ཡུལ་དུ་་་་

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གང་ལ་སྐྱབས་སུ་སོང་ན་མི་བསླུ་བ།།
    གངས་རིའི་མགོན་པོ་མཆོག་ལ་གསོལ་བ་འདེབས།།
    འདི་དང་ཕྱི་མ་གར་འགྲོ་གར་བསྡོད་སར།།
    ཁྱེད་གསུང་དྲི་མེད་རྟག་དུ་ཐོས་པར་སྨོན།།

    Reply
  12. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 17 སྔོན།

    སྐྱབས་སུ་མཆི།

    Reply
  13. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    དུག་ཅེས་པ་འདུག་ལ་བཅོས་རོགས་ཞུ་ཞུ།

    Reply
  14. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    ཨོ་ད་ཁོང་གི་མཛད་འཆར་མང་ནས་མང་དུ་འགྲོ་གིན་དུག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese