མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྲུག་དེའི་དྲི་བ། འཇམ་དབྱངས་བསྟན་འཛིན་ཤཱསྟྲིའ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

                              
འཇམ་དབྱངས་བསྟན་འཛིན་ཤཱསྟྲིའ།

སྔ་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ནང་ཟིང་འཁྲུག་བྱུང་སྐབས་ང་གནས་སྡོད་བྱེད་སའི་ས་གནས་ཀྱི་ཨ་རིའི་བོད་མི་རྣམས་ཉིན་མོ་ལས་ཀའི་གུང་གསེང་ནམ་ཡིན་ལ་ལམ་གྱི་བཞི་མདོ་གང་སར་ངོ་རྒོལ་དང༌། མཚན་མོ་དྲ་རྒྱར་གནས་ཚུལ་ཇི་བྱུང་ལ་བལྟ་ཞིབ་དང་ཉན་ཏེ་བསྡད། ཕྱི་ཟླ་གསུམ་པའི་ནང་ཨ་རིའི་ལྷོ་ཕྱོགས་སུ་སྔར་དང་མི་འདྲ་བ་སྔ་དྲོ་གནམ་གཤིས་གྲང་མོ་བསྟན་ཅིང༌། ལམ་ཟུར་དུ་གངས་དང་ལྷགས་རླུངས་གྲང་མོ་རྒྱག་བཞིན་པའི་སྐབས་དེར། ངས་བུ་བསྟན་འཛིན་ལོ་ན་བཞི་དང་ཕྱེད་ལ་སོན་པ་དེ་སྔ་དྲོ་ཆུ་ཚོད་བརྒྱད་པའི་སྔོན་ལ་བུ་ཆུང་གི་ལག་པར་བོད་ཀྱི་རྒྱལ་དར་ཞིག་དང༌། ངོས་ཀྱི་ལག་པར་བོད་ལ་འགྲོ་བའི་མིའི་ཐོབ་ཐང་དགོས། ཞེས་དབྱིན་ཡིག་ཐོག་བྲིས་ཏེ་ལམ་གྱི་བཞི་མདོར་ལངས་ཏེ་སྡོད་སྐབས་ཨ་རི་བ་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག་ ཆུ་ཚོད་བརྒྱད་པའི་ཐོག་བསྟན་འཛིན་སློབ་གྲར་འབྱོར་དགོས་ཤིང༌། ངས་བསྟན་འཛིན་སློབ་གྲྭར་མ་བསྐྱལ་གོང་ཞོགས་པ་ནམ་གཤིས་གྲང་མོའི་སྐབས་ཐེངས་ཁ་ཤས་མི་འགྲོ་ཆེ་བའི་ལམ་གྱི་བཞི་མདོར་འཁྲིད་དེ་དེར་ལངས་ཏེ་བསྡད་པ་ཁོང་གི་འཛིན་གྲོགས་ཨ་རི་བ་ཆུང་ངུ་ཚོས་མོ་ཀྲའི་སྒེའུ་ཁུང་ནས་བསྟན་འཛིན་མཐོང་འདུག  ཨ་རི་བ་ཆུང་ངུ་དེ་ཚོས། བསྟན་འཛིན་ཁོ་ཞོགས་པ་སྔ་པོ་དེ་འདྲ་ལ་ལམ་ཟུར་དུ་ཅི་བྱེད། ཅེས་རང་ཉིད་ཀྱི་ཕ་མར་སྐད་ཆ་དྲིས་འདུག 

ངས་བསྟན་འཛིན་ཆུ་ཚོད་བརྒྱད་པའི་ཐོག་སློབ་གྲར་བསྐྱལ་རྗེས་ཁོང་གི་འཛིན་གྲོགས་ཚོས། ཁྱེད་ཉིན་ལྟར་ཞོགས་པ་ནམ་གཤིས་གྲང་མོ་འདི་འདྲ་ལ་ཅི་བྱེད། ཅེས་བསྟན་འཛིན་ལ་སྐད་ཆའང་དྲིས་འདུག  སློབ་ཕྲུག་ཆུང་ཆུང་དེ་ཚོའི་ཕ་མ་དང་དགེ་རྒན་ཚོས། བསྟན་འཛིན་བོད་པ་རེད། དེང་སང་ཁོའི་ལུང་པར་རྒྱ་དམར་གྱིས་བོད་མིར་བརྙས་བཅོས་བྱས་པར་བོད་མི་ཚོ་སེམས་ཀྱིས་མ་བཟོད་པར་ངོ་རྒོལ་བྱེད་སྐབས་ཁོང་ཚོར་ཉེས་བརྡུང་དང་བཙོན་འཇུག་བྱེད་བཞིན་པ་རེད། དེ་འདྲ་སོང་ཙང༌། བསྟན་འཛིན་དང་ཁོང་གི་པཱ་ལགས་སོ་སོའི་ལུང་པར་རང་དབང་དགོས། ང་ཚོ་ལ་རོགས་པ་བྱེད་རོགས། ཞེས་ཨ་རིའི་མི་མང་ལ་འབོད་བསྐུལ་ཞུ་བཞིན་ཡོད་པ་རེད། ཅེས་འགྲེལ་བཤད་རྒྱབས་འདུག 

བསྟན་འཛིན་ཁོས་ཞོགས་པ་ཞིག ང་སྔ་དྲོ་རྟག་པར་དེ་ལྟར་མི་འགྲོ།  ནམ་གཤིས་དཔེ་གྲང་མོ་འདུག མ་གཞི་ནས་ང་ཞོགས་པ་རྟག་པར་ཁྱེད་དང་མཉམ་དུ་ལམ་ཟུར་དུ་རྒྱལ་དར་འཁྱེར་ནས་ལངས་ཏེ་བསྡད་ན། ངའི་གྲོགས་པོ་ཚོས་ཁྱེད་ལ་ལུང་པ་མེད་པ་རེད། ཅེས་བརྙས་བཅོས་བྱེད་ཀྱི་འདུག་ཟེར། དེ་ནས་བཟུང་ངས་བསྟན་འཛིན་ཞོགས་པ་འཁྲིད་འགྱུར་འབད་རྩོལ་བྱས་མེད། ད་ལོ་ཁོ་ལོ་ན་ལྔ་ལ་སོན་པ་དང༌། ཁོའི་དྲི་བ་དང་པོར། ཨ་རི་ང་ཚོའི་ལུང་པ་མ་རེད་པས། ཅེས་དྲི་བ་བཏོན། དེ་རྗེས་བོད་ཀྱི་གནས་སྟངས་སྐོར་གློག་བརྙན་ཁ་ཤས་བལྟས་རྗེས། ད་ང་ཚོ་བོད་ལ་ག་དུས་ལོག་གི་རེད།  རྒྱ་མིས་ང་ཚོ་བརྡུང་གི་མ་རེད་དམ། ཅེས་དྲིས་ཏེ་གློག་བརྙན་ནང་བོད་མི་ཚོ་ཉེས་བརྡུང་བཟེད་པ་མཐོང་སྐབས་ཁོ་ཞེད་སྣང་བྱེད་ཀྱི་འདུག

འདི་ལོ་ཕྱི་ཟླ་གསུམ་པའི་ནང་ང་དང་ནང་མི་རྣམས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཏུ་གྲོས་ཚོགས་འཐུས་མིར་བོད་དོན་རྒྱབ་སྐྱོར་ཡོང་ཐབས་འབོད་བསྐུལ་ཞུ་བར་འགྲོ་སྐབས། དགོང་དྲོ་ཞིག་རྒྱ་མིའི་གྲོང་ཁྱེར་དུ་བསྐྱོད། ཕྲུ་གུ་ཆུང་ཆུང་དེར། དོ་དགོང་ཁ་ལག་བཟའ་རུ་རྒྱ་མིའི་ཟ་ཁང་ཞིག་ཏུ་འགྲོ། ཞེས་བཤད་པར། ཁོས་ཁོང་ཁྲོ་དང་བཅས་ཏེ། ང་རྒྱ་མིའི་ཟ་ཁང་དུ་ནམ་ཡང་མི་འགྲོ། ཞེས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ང་ཚོ་དགོང་དྲོ་ཟ་ཁང་བརྗེ་པོ་བརྒྱབ་དགོས་བྱུང༌།

བདུན་ཕྲག་གཅིག་རྗེས་རང་ཁྱིམ་དུ་འབྱོར་ཏེ་བསྟན་འཛིན་སློབ་གྲར་བསྐྱོད་སྐབས། ཁོས་རང་ཉིད་ཀྱི་འཛིན་གྲྭའི་སློབ་ཆུང་རྣམས་ལ་དུས་ཚོད་ནམ་བྱུང་ལ་བོད་དང་རྒྱ་ནག་སྐོར་ཤོད་ཀྱི་ཡོད་འདུག་པས་ཉིན་གཅིག་ཁོའི་དགེ་རྒན་དེས་ཁོས་དེ་ལྟར་ཉིན་ལྟར་བརྗོད་ན། རྒྱ་མིའི་སློབ་ཕྲུག་ཆུང་ཆུང་ཚོའི་སེམས་པར་ཕོག་ཉེན་འདུག་པས་གཟབ་གཟབ་བྱེད་དགོས་པའི་ཉེན་བརྡ་བཏང་བྱུང༌། ཕྲུ་གུ་ཆུང་ཆུང་དེས་དབུ་མའི་ལམ་མི་ཤེས་ལ། རང་བཙན་ཡང་མི་ཤེས། ཡིན་ནའང་བོད་ཞེན་ཁོ་ནས་ཁོའི་མི་ཚེའི་ནང་གི་རང་ཉིད་ཀྱི་དགྲར་ཁ་གཏད་བཅོག་རྒྱུ་འགོ་ཚུགས་འདུག

རང་བཙན་སེམས་མཆོག་རིན་པོ་ཆེ། མ་སྐྱེས་པ་རྣམས་སྐྱེས་འགྱུར་ཅིག
སྐྱེས་པ་ཉམས་པ་མེད་པ་ཡང༌། གོང་ནས་གོང་དུ་འཕེལ་བར་ཤོག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 4

  1. རི་བོང། says:
    ལོ་ 17 སྔོན།

    ཁྱེད་རང་གིས་བུ་ལ་སློབ་སྦྱོང་ཡག་པོ་སྤྲད་འདུག རྗེས་སུ་ཡི་རངས་ཡོད།

    Reply
  2. ནད་པ says:
    ལོ་ 17 སྔོན།

    ལོ་ན་བཞི་ལ་སོན་པའི་ཕྲུ་གུ་ཆུང་ཆུང་འདི་འདྲ་ལ་དངོས་གནས་སེམས་ཀྱི་ནང་དཀའ་ངལ་དང་། ཞེད་སྣང་འདྲ་པོ་སྐྱེས་འགོ་འཚུགས་བཞིན་ཡོད་པ་འདི་འདྲ་ཞིག་གོ་དུས་ངོ་མ་སེམས་སྐྱོ་བའི་གནས་ཚུལ་ཞིག་རེད།

    བློ་གསར་སློབ་བུ་བསྟན་འཛིན་ལགས་ཀྱི་ཕ་མ་བཞིན་ང་ཚོའི་བོད་རིགས་ཀྱི་སྤུན་ཟླ་ཚོས་སོ་སོའི་ཕྲུ་གུའི་མི་ཚེའི་འདུན་ལམ་དང་། བོད་མི་རིགས་ལ་རྒྱ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས། བཟང་སྤྱོད། གནའ་གདེང་གི་ཤེས་རིག་ཟབ་མོའི་དཔལ་ཡོན་ལ་བག་ཆགས་གཞན་འདྲིངས་མི་འཇོག་པ་ཞིག་ཡོང་ཐུབ་རྒྱུར་ལོ་ཆུང་བྱིས་པའམ་ཕྲུ་གུ་ཚོའི་ཕ་མས་ཆུང་དུས་ནས་ཤེས་སྤྱོད་གཉིས་ལྡན་གྱི་བོད་མི་ཡག་པོ་འཚར་ལོངས་ཐུབ་རྒྱུར་འབད་བརྩོན་གནང་དགོས་པ་དེ་གལ་ཆེ་ཤོས་ཤིག་ཆགས་ཡོད།

    སྐབས་འདིར་ངས་གཏམ་ཞིག་དྲན་པ་ནི། རྟ་གཅིག་བྱུང་ན་རྟེའུ་ནས་འབྱུང་། མི་ཞིག་བྱུང་ན་ཆུང་ནས་འབྱུང་། ཞེས་དཔེར་ན་རྟའི་འགྲོས་དང་། བང་རྒྱུགས། ཤ་ཤེད། རྟའི་བྱད་སོགས་ཕྱོགས་སར་ཡག་པོ་ཡོང་དགོས་ན་རྟ་དེ་རྟེའུ་ཆུང་ངུའི་དུས་ནས་སྦྱོང་བརྡར་ཡག་པོ་བྱས་ན་རྟ་ཐུལ་པོ་ཞིག་འབྱུང་ཐུབ་དང།

    དེ་བཞིན་མིའི་རྣམ་དཔྱོད་དང་། ཤེས་ཡོན། མི་གཤིས། ཡ་རབས། གུས་ཞབས། སྤྱོད་བཟང་། བློ་ཐུབ། བག་ཕེབས། འཇོན་ཐང་། ཡིན་ལུགས་ཚུལ་ལྡན་གཅིག་ཡོང་བ་ལ་དང་པོ་ཕ་མ་གཉིས་ཀྱི་ཁ་བལྟ་བསླབ་བྱ་དང་། གཉིས་པ་དགེ་རྒན་གྱི་སློབ་འཁྲིད། གསུམ་པ་སྤྱི་ཚོགས་ཀྱི་ཁོར་ཡུག་དང་ལམ་སྟོན་བཅས་ལ་རག་ལུས་སྟབས།
    བོད་པའི་བུ་བསྱན་འཛིན་གྱི་གཙོས་པའི་བོད་ཀྱི་ལོ་ཆུང་བྱིས་པ་ཚོ་དེ་རིང་བོད་མིའི་འཐབ་པ་ཞིག་ཡིན་ལ་། སང་ཉིན་བོད་ཀྱི་བདག་པོ་ཞིག་ཀྱང་ཡིན་པས་དེས་ན་འཛམ་གླིང་གང་སར་བཞུགས་པའི་བོད་ཕྲུག་ཚོའི་ཕ་མས་འགན་ཁྲི་ལྕི་པོ་དེ་ཕྲག་ཏུ་ཁུར་རྒྱུའི་རེ་བ་ཞུ།

    Reply
  3. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    མིག་ཆུ་འཁོར་བའི་འབོད་སྒྲ་ཞིག་རེད། ངའི་མིག་མཐར་མཆི་མ་འཁོར་བྱུང་། ངའི་གྲོགས་པོ་ཞིག་གི་བུ་མོས་ཀྱང་ལོ་ལྔ་ཡིན་དུས་མོའི་ཕ་རྒན་གྱི་ཚོང་ཁང་ནང་དུ་རྒྱ་མི་འགའ་ཡོང་བར་ཁྱོད་ཚོ་སྡུག་ཅག་ཞེ་དྲགས་རེད། ངའི་ཕ་ལགས་ཀྱི་ལུང་པ་འཕྲོགས་པ་རེད། ཅེས་གཤེ་གཤེ་འདྲ་བོ་ཞིག་བཏང་ནས་རྒྱ་མི་ཚོ་ངོ་ཚ་བོ་བཟོས་ཏེ་མངགས་འདུག མོའི་ཨ་མ་ཨ་རི་བ་རེད།

    Reply
  4. སོག་ཤོད་ལྷག་བསམ། says:
    ལོ་ 17 སྔོན།

    ཀླག་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese