མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲང་སེང་བཏང་པའི་གྲོས་འཆར་དང་ཚ་བོ་ཆགས་པའི་སྤྱི་ཚོགས། སྤྱི་འཐུས་བསྟན་འཛིན་མགོན་པོ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་བསྟན་འཛིན་མགོན་པོ།

སྤྱི་འཐུས་སྐབས་བཅུ་བཞི་པའི་ཚོགས་དུས་བརྒྱད་པའི་སྟེང་། སྤྱི་འཐུས་སྒེར་གྱི་གྲོས་འཆར་ཡིག་ཆ་ཨང་ ༣༨ ཅན་ལ་བརྟེན་ནས། གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་པའི་རྐྱེན་གྱིས་ཚོགས་འདུའི་མཇུག་སྡོམ་གནང་ཐབས་མ་བྱུང་ནས། ཆུ་ཚོད་ངེས་མེད་བར་ཚོགས་སེང་གཏོང་དགོས་འཁེལ་ཡོད། མཇུག་འབྲས་འདི་འདྲ་ཞིག་ནི་གྲོས་འཆར་འདོན་མཁན་དང་རྒྱབ་སྐོར་གནང་མཁན་ཚོའི་ཐོག་མའི་རེ་བ་དང་སྐུལ་སློང་ཡིན་རྒྱུ་མ་རེད། གཅིག་བྱས་ན་གྲོས་འཆར་འདོན་མཁན་དང་རྒྱབ་སྐྱོར་བྱེད་མཁན་སྐོར་ཞིག་གི་བསམ་བློའི་ནང་དུ་མཇུག་འབྲས་འདི་འདྲ་ཞིག་ཡིན་པ་འཁོར་ཡང་ཡོད་སྲིད་ཀྱི་མ་རེད། ཡིན་ན་ཡང་། བཙན་བྱོལ་སྤྱི་ཚོགས་ནང་གི་མཛད་གཙོ་རིམ་བྱོན་ཁ་ཤས་ཀྱི་མཛད་ཉེས་ལ་བརྟེན་ནས། བཙན་བྱོལ་སྤྱི་ཚོགས་ནང་གི་མདོ་སྟོད་པ་མང་པོ་ཞིག་ལ། དབུས་གཙང་པ་དང་མདོ་སྨད་པ། མདོ་སྟོད་ཀྱི་མི་སྐོར་ཞིག་ལག་སྦྲེལ་བྱས་ཏེ་མདོ་སྟོད་མི་དམངས་རྣམས་བོད་ཀྱི་སྤྱི་ཚོགས་ནང་སྡོད་བདེ་མེད་པ་བཟོ་བའི་བསམ་ཚུལ་ཡོད་པ་དེར་གྲོས་འཆར་འདོན་མཁན་ཚོས་དྲན་སྐུལ་ཐེངས་གཅིག་བྱས་པ་རེད། འདི་ནི་གྲོས་འཆར་འདིའི་ནོར་འཁྲུལ་དང་པོ་རེད། མདོ་སྟོད་ཀྱི་མི་མང་པོ་ཞིག་ལ་འདི་འདྲའི་བསམ་བློ་ཞིག་ཡོད་པ་ནི། ཕྱོགས་མང་པོ་ཞིག་ནས་འཐུས་ཤོར་དང་ནོར་འཁྲུལ་བཟོས་པའི་འབྲས་བུ་རེད་མ་གཏོགས། ཕྱོགས་གཅིག་དང་རྒྱུ་གཅིག་ལས་གྲུབ་པ་མིན་པས། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐེན་འཁྱེར་དུ་འགྱུར་ཉེན་ཡོད་པའི་གནད་དོན་མདུན་ཕྱོགས་ཡོངས་ཀྱི་བསམ་བློ་གཏོང་ཐུབ་དགོས་པ་ལས། དྲང་མདོག་དང་སྤྱི་སེམས་ཡོད་མདོག་གི་ཧོལ་རྒྱུགས་བྱས་ན། རང་ཉིད་དོལ་རྒྱལ་ཚོགས་པ་དང་རྒྱ་ནག་གཞུང་གིས་བོད་ཀྱི་སྤྱི་ཚོགས་དཀྲུགས་པའི་ལག་ཆར་འགྱུར་ཉེན་ཡོད།

རྒྱ་ནག་སྲིད་གཞུང་གིས་བོད་ནང་གི་མི་དམངས་ལ་གདུག་རྩུབ་ཇེ་ཆེ་ཇེ་ཆེ་རུ་གཏོང་བ་དང་།  ༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་ལ་སྐུར་འདེབས་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་ལ། རྒྱ་ནག་གི་བྱེད་སྟངས་ལ་མཐའ་གཅིག་ཏུ་བཟོད་བསྲན་ཐུབ་ཞིང་། རྒྱ་ནག་གཞུང་ལ་ཕོག་པའི་ཚིག་གི་སྨྲ་མཚམས་བཅད། རྒྱ་ནག་གཞུང་ལ་ཕོག་པའི་ལས་འགུལ་སྤེལ་མཚམས་བཞག་ནས་ཞི་མོལ་འཁོར་ཡུག་བསྐྲུན་ཐུབ་བཞིན་དུ། དོན་དག་ཆུང་ཆུང་ཞིག་གི་སྟེང་། ཤ་རུས་གདོང་རྒྱུད་གཅིག་པའི་འཁྲུངས་ཡུལ་མདོ་སྟོད་ཡིན་པའི་སྤྱི་འཐུས་སྐོར་ཞིག་གི་བསམ་ཚུལ་ལ་དགོངས་བཞེས་མི་ཐུབ་པའི་རྒྱུ་མཚན་གང་ཡང་ཡོད་པ་མ་རེད། འདི་ནི་གྲོས་འཆར་དེའི་ནོར་འཁྲུལ་གཉིས་པ་རེད།

ཡིག་ཆ་ཨང་ ༣༨ ཅན་གྱི་གྲོས་འཆར་གྲང་སེང་བཏང་ན། གྲོས་འཆར་འདོན་མཁན་རྣམས་དང་གྲོས་ཚོགས་ནས་ཕྱི་ལོག་ལ་ཕེབས་མཁན་ཚང་མར་སྤྱི་ཚོགས་ཐོག་ལབ་གླེང་སྣ་ཚོགས་འབྱུང་ངེས་དང་དེའི་རྐྱེན་གྱིས་བཙན་བྱོལ་སྤྱི་ཚོགས་ནང་དགྲ་དགའ་གཉེན་སྡུག་གི་གླེང་ཕྱོགས་མང་དག་ཅིག་འབྱུང་ངེས་པ་མཁྱེན་བཞིན་དུ། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ ༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་ལ་ཚོགས་འདུ་ཕར་འགྱངས་ཀྱི་ཆོག་མཆན་ཞུས་ནས། ཡིག་ཆ་ཨང་ ༣༨ ཅན་གྱིས་མཚོན་པའི་ལས་རིམ་ཚང་མ་མཇུག་སྡོམ་གནང་ཐབས་གང་ཡང་མ་གནང་བར། ཨུ་ཚུགས་མཐར་སྐྱེལ་གྱིས་ཚོགས་དུས་བརྒྱད་པ་གཏན་འཁེལ་པའི་དུས་ཚོད་ནང་དུས་ཚོད་ངེས་མེད་བར་ཚོགས་སེང་བཏང་བ་དང་ལྷན། གྲོས་ཚོགས་ཀྱི་ལས་རིམ་ཚང་མ་གྲང་སེང་བཏང་བ་ནི། བཙན་བྱོལ་སྤྱི་ཚོགས་ནང་དགྲ་དགའ་གཉེན་སྡུག་གི་གླེང་ཕྱོགས་བཟོ་པར་མཐུན་པའི་རྐྱེན་དུ་གྱུར་ཡོད། འདི་ནི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་ནས། བོད་སྤྱི་པའི་ལས་དོན་ཐད་རང་འཁྲི་འགན་མ་ཁུར་པའི་ནོར་འཁྲུལ་ཚབས་ཆེན་ཞིག་རེད་ལ། རང་ཉིད་གོང་དུ་བཀུར་མཁན་གྱི་སྤྱི་འཐུས་ཚོར་ཡང་འགན་གང་ཡང་མ་ཁུར་པའི་ཡ་རབས་བཟང་སྤྱོད་དང་བྲལ་པའི་མ་རབས་ཐ་ཤལ་གྱི་ནོར་འཁྲུལ་ཞིག་ཀྱང་རེད།

ཚོགས་དུས་བརྒྱད་པ་ཆུ་ཚོད་ངེས་མེད་བར་ཚོགས་སེང་བཏང་བ་དང་། གྲོས་འཆར་དེ་དང་ལས་རིམ་རྣམས་གྲང་སེང་ལ་བཏང་རྗེས། སྟོབས་ལྡན་རྒྱལ་ཁབ་ཨ་རིའི་ཡུལ་མི་ཆགས་ནས། རང་ཉིད་ཀྱི་ཁྲག་རྩའི་ནང་རྒྱུ་བ་བོད་པའི་ཁྲག་ཡིན་པ་སྔར་ནས་བརྗེད་ཚར་པའི། བྱང་ཆ་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས། སྙིང་པོ་མེད་པའི་བགྲེ་གླེང་། ཕྱོགས་སུ་ལྷུང་པའི་དྲི་བ་ཁག་རྣམས་དང་། རྒྱ་གར་གཙོ་བྱས་པའི་བཙན་བྱོལ་སྤྱི་ཚོགས་ནང་གི་འགན་མི་ཁུར་པའི་གླེང་ཕྱོགས་སོགས་ཀུན་ལ་བལྟས་ན། གྲོས་འཆར་འདོན་མཁན་ཚོས་རྒྱ་ནག་གཞུང་མཉམ་དུ་ཞི་མོལ་འཁོར་ཡུག་བསྐྲུན་པའི་ལྷག་བསམ་དེ་བོད་ཀྱི་སྤྱི་ཚོགས་ནང་འཁུར་ཡོང་ནས། གྲོས་འཆར་དེ་སྔ་ཙམ་ནས་ཕྱིར་འཐེན་བྱེད་རྒྱུ་ནི། སྤྱི་ཚོགས་དང་སྤྱི་འཐུས་སྒེར་ཚང་མར་ཕན་ཐོགས་ཡོད་པའི་ལམ་ཁ་ཉག་གཅིག་ཏུ་མཐོང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༤ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 56

  1. སྨྱུག་སྡོང་། says:
    ལོ་ 16 སྔོན།

    ངའི་སེམས་ཁུངས་ཀྱི་རེ་བ་
    ཁྱོད་གང་དུ་ཡོད།
    ཁ་སང་གི་སྤྱི་འཐུས་ལ་མ་སྐྲག།
    དེ་རིང་ཉིན་མོ་སླེབས་སོང།
    རེད་ཡ་རེ་བ་ལགས་
    ཁ་སང་གི་ཉི་ནག་གྲོས་ཚོགས་ནས་ཤར་སོང་
    རེ་བ་ལགས་ སེམས་ཤུགས་མ་ཆགས་ཡ་རེ་བ་
    དེ་རིང་ཉིན་གཞོན་གསར་པ་ཁོང་
    རེ་བ་ཁྱོད་ཀྱི་ཉག་གཅིག་གི་སྐྱབས་མགོན་ཡིན་
    རེ་བ་
    ཁོང་ནི་འགྲོ་བ་ཀུན་གྱི་དཔུང་ཡིན་
    ཁོང་ནི་སྤྱན་རས་གཟིགས་རྣམ་སྤྲུལ་ཡང་ཡིན་
    རེ་བ་ལགས་
    བཟོད་སྲན་མེད་པའི་སྤྱི་འཐུས་ཀྱི། །སྤྱི་དོན་མ་ལུས་འཕེལ་བ་དང། །འགལ་རྐྷེན་མཚན་མ་ཞི་བ་དང། །མཐུན་རྐྱེན་མ་ལུས་ཚང་བར་ཤོག །
    བདག་དང་གཞན་གྱི་བོད་དོན་དང་འབྲེལ་བའི། ཚོགས་གཉིས་ལ་བརྟེན་ནས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཡི། བསྟན་པ་ཡུན་རིང་འབར་གྱུར་ཅིག།

    Reply
  2. རྣོ། says:
    ལོ་ 16 སྔོན།

    ཡ་ཡང་བསམ་ཚུལ་ཞིག་རང་བཞིན་གྱིས་ཤོར། བླ་རྒན་བསྟན་འཛིན་མགོན་པས་ཡང་འཇིག་སྐུལ་དང་དཀྲུག་དཀྲུག་ཨོའོ་ཙམ་གཏང་ཤག། གཏམ་དཔེ་ལ། འདྲེས་མ་དྲན་གོང་དུ་དམ་པས་དྲན། ཟེར་བ་ལྟར་མི་ཚོར་དྲན་གསོ་མང་པོ་བཏང་བ་ལ། ངས་བོད་མི་མང་ཚབ་བྱས་ནས་ངོ་རྒོལ་ཡོད།
    བསྟན་མགོན་ལགས་ཁྱོད་ཀྱི་སྐད་ཆ་པགས་པ་ཅན་འདི་ཚོ་ཞེད་སྣང་ཚ་བོ་འདུག་ལ་འདི་གསལ་པོ་བཟོས་ན་མ་གཏོགས་ཡག་པོ་རྩ་བ་ནས་མ་རེད། ཁྱོད་ཀྱིས་་་་་་་་ བཙན་བྱོལ་སྤྱི་ཚོགས་ནང་གི་མཛད་གཙོ་རིམ་བྱོན་ཁ་ཤས་ཀྱི་མཛད་ཉེས་ལ་བརྟེན་ནས།་་་་་ཞེས་རིམ་བྱོན་འདི་དང་འདི་ཞེས་བཤད་རྒྱུ་མེད་པ་ཡིན་ནམ། བཤད་མ་ཕོད་པ་ཡིན་ཡང་ན་བཤད་རྒྱུ་མེད་པ་ཡིན། ཁྱོད་འདི་འདྲའི་མི་ལ་ངར་སློང་མཁན་ཞིག་ག་དུས་ཆགས་པ་རེད། ཡང་ན་སུས་ལབ་སོང། གསལ་བཤད་ངེས་པར་དུ་བྱེད་དགོས། གཞན་ཡང་ཚོགས་གཙོ་དང་ཚོགས་གཞོན་གཉིས་ལ་ཐབས་ཤས་ག་རེ་ཡོད། ཡ་མེད་ཁྱོད་འདྲ་བོ་ཁ་ཤས་སངས་རྒྱས་དངོས་སུ་བྱོན་ཀྱང་བྱེད་ཐབས་ག་རེ་ཡོད། སངས་རྒྱས་ཀྱིས་དངོས་ཡོད་གནས་ཚུལ་དང་ལམ་ལོག་ཏུ་འགྲོ་མཁན་ཚོར་དེ་འདྲ་མ་བྱེད་གསུང་གི་རེད། དེ་གསུང་དུས་དྲང་མོ་མ་རེད་ཟེར་ནས་ངོ་རྒོལ་བྱས་ན་ཐབས་གང་ཡོད།
    ཡང་གཅིག་བཤད་ན། དངོས་གནས་བྱས་ན་བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་བཏང་ཚར་དུས་རྗེས་ཕྱོགས་གང་འདྲ་བྱེད་དགོས་མིན་གླེང་རྒྱུ་ལས་ལྷག་མེད་མོད། རྗེས་ཕྱོགས་ཀྱི་སྐད་ཆ་ཟུར་ཙམ་ཡང་མེད་པར་དཔའ་བཤད་ཀྱིས་སྟངས་སྟབས་དང་བཅས་ཕྱིར་ཐོན་པ་བོད་གཞི་བྱེས་གཉིས་ལ་འགན་རྩ་བ་ནས་མ་ཁུར་བ་རེད།
    ལྷག་པར་དུ་རྒྱུན་ལས་དྲང་མོ་མི་འདུག་རེད་ཟེར་བའི་ཚིག་སྐམ་འདི་ལ་བླ་མ་དགེ་བཤེས་ཚོས་བཟོད་པའི་ཉམས་ལེན་བྱེད་སྟངས་འདི་དུས་རབ་ཉེར་གཅིག་པའི་ནང་དམིགས་བསལ་པ་དེ་འདྲ་མིན་སྒྲོ། གང་ཡིན་ཟེར་ན་ཁོང་ཚོའི་བྱེད་སྟངས་འདི་སངས་རྒྱས་པའི་གཞུང་ལུགས་ནང་ཡོད་པའི་ཕྱིན་དྲུག་ལ་ཐོས་བསམ་སྒོམ་གསུམ་བྱས་ནས་མཐར་དགེ་བའི་བཤེས་གཉེན་གྱི་མཚན་གནས་བཞེས་པའི་བཟོ་འདྲ་ཞིག་མི་འདུག། དངོས་གནས་དགེ་བཤེས་མཚན་གནས་འདི་དགོས་གལ་ཡོད་ཚེ་མིང་འདིའི་འགན་མ་ཁྱེར་ན་དེ་ལས་ཞབས་འདྲེན་ཞིག་གང་ན་ཡོད།

    Reply
  3. pactsak says:
    ལོ་ 16 སྔོན།

    བསམ་ཚུལ་འདི་ལ་རང་རང་གིས་འགན་འཁུར་དགོས། ཕྱོགས་ཡོངས་ནས་མ་འགྲིག་པ་སྲིད་ཀྱི་མ་རེད། བཟོད་སྒོམ་དང་གུ་ཡངས་མ་བྱས་ན་མུ་མཐུད་ནས་འདི་འདྲ་ད་དུང་ཡོང་ངེས་ཅན་རེད་སྙམ།

    Reply
  4. མེ་སྒྱོགས་རྒྱ་མཚོ། says:
    ལོ་ 16 སྔོན།

    ནོར་བཅོས།
    ༼ནོར་བ
    འོས་བསྡུས་ལས་ཁང་ལགས།
    གོང་གི་སྤྱི་འཐུས་འདི་དག་རྗེས་མ་འོས་གཞི་ལ་སླེབས་སོང་ན་ཁྱེད་ཀྱིས་ནག་བསུབ་བཏང་པ་ཡིན་ན་ངས་ཁྱེད་རང་ལ་རྩོད་པ་རེད།༽
    ༼བཅོས་པ། འོས་བསྡུས་ལས་ཁང་ལགས།
    གོང་གི་སྤྱི་འཐུས་འདི་དག་རྗེས་མ་འོས་གཞི་ལ་སླེབས་སོང་ན་ཁྱེད་ཀྱིས་ནག་བསུབ་བཏང་པ་ཡིན་ན་ངས་ཁྱེད་རང་ལ་རྩོད་པ་མེད།༽

    ད་དུང་ན་དང་ལ་གཉིས་བྲིས་ནོར་ཤོར་བ་མང་པོ་འདུག
    ན་ལ་གཉིས་ཀ་གང་སྦྱོར་འཐུས་ཟེར་བས་ཀྱང་ཕན་མིན་འདུག

    Reply
  5. མེ་སྒྱོགས་རྒྱ་མཚོ། says:
    ལོ་ 16 སྔོན།

    དྲ་གྲོགས་བསོད་ཚེ་ལགས།
    ད་ལྟའི་གནས་ཚུལ་འདི་དང་འོག་གི་རྩོམ་ཐུང་དེ་གཉིས་ལ་འབྲེལ་བ་ཆེན་པོ་ཡོད།
    འདི་ཁ་བརྡ་དང་བང་ཆེན་དུ་བཀོད་པ་ལས་དུས་བབ་ཏུ་འགོད་པ་ཐོག་མ་ཡིན།
    སྤྱི་འཐུས་ཚོའི་སྙིང་རླུང་གི་དཀའ་ངལ་འདི་སྲོག་རླུང་གིས་སེལ་ཐུབ་མིན་བཤད་ཁག་པོ་འདུག གང་ལྟར་རེ་བ་ཏོག་ཙམ་ལྷག་ཡོད་པ་འདི་རེད།
    རྩོམ་ཐུང་འདི་political satire ལྟ་བུ་བྲིས་ཡོད་ལ་སྤྱི་ཡོངས་ཀྱི་བསམ་བློ་ཞིག་ཡིན།

    གངས་སྐྱིད་དུ་སྲོག་རླུང་ཤེལ་དམ་བཟོ་གྲྭ་བཙུགས་པ།
    བོད་ཀྱི་རྒྱལ་ས་གཉིས་པ་གངས་སྐྱིད་དུ་སྲོག་རླུང་ཤེལ་དམ་བཟོ་གྲྭ་ཟེར་བའི་ཚོང་རྟགས་(Trademark) ལ་བཀའ་ཁྲི་སྦྱར་བ་ཞིག་བཙུགས་འདུག་ཟེར། དེང་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་སྲོག་རླུང་ཤེལ་དམ་(oxygen bottle) རྣམས་བེད་སྤྱོད་གཏོང་སྟངས་ཀྱི་སྦྱོང་བརྡར་བྱེད་ནས་འཁོལ་སྡོད་འདུག་ཟེར།
    སྤྱི་འཐུས་“ཡོད་དོ་ཅོག”་གིས་‘མ་གྲོས་བསམ་པ་གཅིག་མཐུན་’དང་‘བྱ་སྤུ་གནོན་’དང་‘ཕྱར་བ་གྲུ་འདེགས་’དང་‘ཞལ་གཅིག་གྲག་’གིས་“སྣ་ཁུང་ནས་ཡར་ལ་དབུགས་རྔུབ།”ཟེར་བ་དང་“ཞལ་ནས་མར་ལ་དབུགས་ཐོངས།” ཟེར་བཞིན་སྲོག་རླུང་ཤེལ་དམ་འདི་དག་གི་དབྱུང་རྔུབ་བྱེད་སྟངས་སྦྱོང་བརྡར་བྱེད་པའི་སྐབས་རེད་ཟེར།
    ཐོན་རྫས་གསར་པ་འདི་ཕྱི་ལོ་༢༠༠༩ ཟླ་བ་༦་ཚེས་༢༠་ལ་ཐོག་མ་༼བོད་གཞུང་ཡང་ཟློས་བསྐྱར་ཟློས་ཚོགས་པའི་ཚོགས་ཁང་ ༽དུ་ཁྲོམ་བསྒྲགས་བྱས་(advertised) སོང་ ཟེར། ཚོང་རྫས་འདི་ནི་འཛམ་གླིང་ན་ཁྲོམ་བསྒྲགས་བྱེད་པར་ཐེངས་དང་པོ་རེད་ཟེར། བོད་མི་རིགས་ལ་ཆ་མཚོན་ན་ག་དུས་ཡིན་ནའང་མི་རིགས་གཞན་གྱི་རྗེས་སུ་བསྙེག་མི་ དགོས་པ་འདི་ནི་སྔོན་ཐོན་གྱི་མདུན་བསྐྱོད་ཆེན་པོ་ཞིག་རེད་ཟེར།

    བཀུར་ འོས་སྤྱི་འཐུས་མང་ཆེ་བས་སེམས་སུ་བསམ་པ་ཁ་ནས་ཤོད་མ་ཕོད་པར་ལོ་མང་པོར་ར་ལུག་ནང་བཞིན་མགོ་བོ་འཕྲེད་ལ་གཡུག་བཞིན་ཁྱུ་ཚོགས་དང་ཁྱུ་ཚོགས་བསྡེབས་ནས་འགྲོ་ བཞིན་ཡོད་པ་གོ་རྒྱུ་ཡོད་འདུག་ཟེར། བཀུར་འོས་སྤྱི་ འཐུས་མི་ཉུང་བ་ཞིག་ལ་སྙིང་རླུང་འཚང་ནས་དབུགས་གཏོང་དཀའ་བའི་གནས་སྐབས་འདིར་བཀའ་ཁྲི་རྟགས་ཅན་གྱི་སྲོག་རླུང་ཤེལ་དམ་འདི་དག་སྤྱད་དེ་སྙིང་རླུང་ཡོད་ཚད་ བསང་ཐུབ་པའི་ཚོད་དཔག་བྱེད་བཞིན་འདུག་ཟེར། ཚོད་དཔག་གི་དཔྱད་བརྗོད་སྤེལ་མཁན་ནི་རྡ་སའི་གྲགས་ཅན་ཚགས་ཤོག་དེ་དག་གི་རྩོམ་ སྒྲིག་པ་དེ་ཚོ་དང་བོད་ཡིག་གི་སྨྱུག་ཐོགས་པ་དེ་དག་རེད་ཟེར། དཔྱད་གཏམ་སྤེལ་སྟངས་ལ་དམིགས་བསལ་གྱི་ཁྱད་ཆོས་འདུག་ཟེར། དེ་ལས་སླ་བོ་མི་འདུག་ཟེར། ཞིབ་འཇུག་གི་སྙན་ཐོ་ལ་རྒྱུ་མཚན་གྱིས་རྒྱབ་རྩ་མི་དགོས་པ་རང་གི་དད་པ་དང་དམིགས་ཡུལ་གཞི་ལ་བཟུང་ནས་དཔྱད་གཏམ་སྤེལ་གྱིན་འདུག་ཟེར། རིག་གནས་གསར་བརྗེ་སྐབས་སུ་ “རླབས་ཆེན་མའོ་ཀྲུང་ཞིའི་དགོངས་པ་གཞི་བཟུང་་་་་” ཟེར་བའི་བཤད་སྟངས་དང་གཅིག་པ་འདྲ་བོ་འདུག་ཟེར། བཟང་སྤྱོད་ཀྱི་རྣམ་པ་དཔེ་འདྲ་ཡག་པོ་འདུག་ཟེར། ད་དུང་རྩོམ་སྒྲིག་པ་དེ་དག་གིས་སྨྱུག་རྩེ་ནས་ཐོན་མི་ཕོད་པའི་གནད་དོན་མང་པོ་ཞིག་སྲོག་རླུང་ཤེལ་དམ་དེ་ཁ་ལ་སྦྱར་ཐེངས་རེར་དཔྱད་བརྗོད་ཚད་དང་ལྡན་པ་ཧོན་འཐོར་མང་པོ་ཐོན་ཡོང་གི་འདུག་ཟེར། གཞིས་ཆགས་པ་མང་པོ་ཞིག་ཧོན་འཐོར་འདུག་ཟེར།
    ད་ དུང་གྲྭ་ཚང་ཆེ་ཁག་འགའ་ཞིག་གིས་སྒོམ་སྒྲུབ་ལ་བྱང་པའི་བླ་རྒན་ཁ་ཤས་ཀྱི་ཀླད་རྩ་ལ་སྲོག་རླུང་ཤེལ་དམ་འདི་བཏགས་ནས་ནུབ་ཕྱོགས་པའི་ཚན་རིག་པ་ཚོས་ཞིབ་འཇུག་བྱ་རྒྱུ་རེད་ཟེར། ལྷ་བླ་མའི་ལུང་བསྟན་ཕེབས་ནས་ཞིབ་འཇུག་གི་སྙན་ཐོ་འཛམ་གླིང་ན་ཁྱབ་བསྒྲགས་ཡག་ པོ་བྱུང་ན་བོད་དོན་ལ་ཕན་གྱི་རེད་ཟེར། ངོ་མ་བྱང་ཆུབ་སེམས་པའི་རྩ་ཡན་མང་པོ་མི་འདི་དག་ལ་ཡོད་བཟོ་འདུག་ཟེར། ལྐོག་གྱུར་འདི་རིགས་ཚན་རིག་གིས་ལམ་ནས་འགྲེལ་བཤད་བྱ་ཐུབ་ན་འཛམ་གླིང་མི་དམངས་ལ་ཧོན་འཐོར་བག་ཆགས་ཡག་པོ་འཇོག་རྒྱུ་རེད་ཟེར།
    ཡིན་ནའང་རྡ་སར་བོད་རིགས་དུ་ནག་འཐེན་མཁན་དེ་དག་གི་ཀླད་རྩ་ལ་སྲུང་སྐྱོང་དང་ཉམས་གསོ་བྱེད་དགོས་པའི་འདུན་པ་ཞིག་ལྭ་བ་དམར་པོ་གོན་མཁན་འདི་དག་ལ་ཡོད་བཟོ་མི་འདུག་ཟེར། དཔེ་ཞིག་ཞུའོ་ཟེར། དུ་ནག་འཐེན་མཁན་གྱི་རང་རིགས་ན་གཞོན་ཞིག་པད་ཤག་རྫོགས་ནས་གངས་སྐྱིད་དུ་སློང་ མོ་ལ་ཕྱིན་འདུག་ཟེར།
    “སྐུ་ངོ་སྐུ་མཁྱེན། ང་ལ་སྲོག་རླུང་ཤེལ་དམ་ཞིག་སྤྲོད་དང་། སྐུ་མཁྱེན་ང་འཆི་ས་རེད།”ཅེས་བཀའ་བློན་ཞིག་གངས་སྐྱིད་ཐབ་ཚང་ནས་འགྱིང་ནས་ཡོང་སྐབས་སུ་དུ་ནག་འཐེན་མཁན་གྱིས་སློང་མོ་བརྒྱབས་པ་རེད་ཟེར། བཀའ་བློན་དེ་ཞལ་རས་ཧོན་འཐོར་ཚ་ནས་ “ཁ་ནག འདིར་མ་ཡོང་། ནང་ལ་རྒྱུགས་ཤིག འདིར་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་བསྟི་གནས་ཡིན་པར་ཧ་གོ་མ་སོང་ངམ།”ཅེས་བཀའ་བཀྱོན་བཏང་སྟེ་དབུ་གྱེན་ལ་བཏེགས་ནས་བཀའ་ཤག་གི་ལས་ཁུངས་ཕྱོགས་སུ་ཕེབས་སོང་ཟེར།
    དེ་ནས་ཁ་ནག་དུ་ནག་འཐེན་མཁན་དེ་བོད་གཞུང་དཔེ་མཛོད་ཁང་གི་ཕྱོགས་སུ་ཕྱིན་སོང་ཟེར། དགེ་སློང་རྒྱགས་པ་ཞིག་དང་མགོ་སེར་གསུམ་གྱིས་ཚེ་སྔ་ཕྱི་ཡི་སྐོར་ལ་བཀའ་མོལ་དབྱིངས་ཚ་མདོག་ཁ་བོ་གསུང་གིན་དཔེ་མཛོད་དེའི་སྒོ་ནས་ཐོན་སོང་ཟེར། ཁ་ནག་དུ་ནག་འཐེན་མཁན་དེས་འདི་གོ་སྐབས་ཤིན་ཏུ་བཟང་བསམས་ནས་སྲོལ་རྒྱུན་གུས་ལུགས་ལྟར་མགོ་འཕུར་འཕུར་བྱེད་བཞིན་ “སྐུ་ཞབས་ལགས། སྐུ་གཟུགས་བདེ་བོ། ང་ལྟོགས་ནས་འཆི་གྲབས་བྱེད་ཀྱིན་འདུག སྐུ་མཁྱེན་ང་ལ་པད་ཤག་ཅིག་སྤྲོད་དང་། ཧ་ལོ། How are yo……” ཁ་ནག་དུ་ནག་འཐེན་མཁན་གྱིས་སློང་ཚིག་མ་རྫོགས་གོང་ནས་སྐུ་ཞབས་རྒྱགས་པས་སྡིག་མཛུབ་འཕྲེད་ལ་གཡུག་ནས་ “ཀེ བོད་པའི་ཞབས་འདྲེན། ཕྱི་རྒྱལ་བའི་མདུན་དུ་འདི་འདྲ་བྱེད་ན་ངོ་ཚ་གིན་མི་འདུག་གམ།” ཟེར་སོང་ཟེར། སྐབས་དེར་མགོ་སེར་ཚོས་ཅི་ཡིན་མི་ཤེས་པ་སྐུ་ཞབས་ལ་དྲིས་དུས་སྐུ་ཞབས་ལགས་ཀྱིས་ “He is not a Tibetan but somehow he speaks Tibetan quite well.” ཟེར་ནས་དེ་མ་ཐག་ཏུ་བརྗོད་བྱ་བསྒྱུར་སོང་ཟེར།
    “Śūnyatā is a sanskrit word. We call it སྟོང་ཉིད། བདག་མེད། བདག་མེད་པ། རང་བཞིན་གྱིས་མ་གྲུབ་པ། ་་་་་་་་་་་” གངས་སྐྱིད་ཀྱི་ཟུར་གདོང་ནས་གླ་བ་མོ་ཊ་ཞིག་ཏུ་འཛུལ་ནས་སྐུ་ཞབས་རྒྱགས་པ་དང་ མགོ་སེར་སོགས་འཇིག་རྟེན་གྱི་རྩ་ཆེན་གནད་དོན་འགའ་གླེང་བཞིན་ཡལ་སོང་ཟེར།
    ཁ་ནག་ཞབས་འདྲེན་དུ་ནག་འཐེན་མཁན་མུ་མཐུད་དུ་གངས་སྐྱིད་ལ་འགྲོ་གྱིན་འདུག་ཟེར།
    བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཟེར་བའི་སྒོ་བྱང་ཞིག་བྲིས་ཡོད་པའི་མདུན་དུ་ཁ་ནག་ཞབས་འདྲེན་དུ་ནག་འཐེན་མཁན་འདི་སླེབས་འདུག་ཟེར།
    རིང་མིན་སྤྱི་འཐུས་ཚོས་སྲོག་རླུང་དབྱུང་རྔུབ་ཀྱི་སྦྱོང་བརྡའི་བར་གསེང་བཏང་སོང་ཟེར། སྤྱི་འཐུས་སོ་སོས་ཁྱུ་ཚོགས་བསྒྲིགས་ནས་ཐོན་སོང་ཟེར།
    ཁ་ནག་ཞབས་འདྲེན་པས་“སྐུ་ངོ་སྐུ་མཁྱེན། ང་་་་་་” སྐུ་ངོ་དེས་ཕྱུ་བའི་ཕུ་ཐུང་ཕྲག་པ་ལ་གཡུག་ནས་ཕྱིན་སོང་ཟེར།
    “རིན་པོ་ཆེ། ཐུགས་རྗེ་གཟིགས། ང་ལ་” རིན་པོ་ཆེའི་སྤྱན་ཤལ་དེ་ཤམས་ཐབས་ཀྱིས་འཕྱིས་བཞིན་མ་གསན་མདོག་མདོག་བྱས་ནས་ཕེབས་སོང་ཟེར། རིང་མིན་ཕྲེང་བ་ཞིག་ཀྱང་མཛུབ་མོས་བསྐོར་བཞིན་རིན་པོ་ཆེ་ཏེ་རེ་ཏེ་རེ་སྤྱི་འཐུས་ཚོགས་ཁང་གི་མདུན་ཐང་གི་མཆོད་རྟེན་ལ་གཡས་སྐོར་གནང་ནས་ཕེབས་སོང་ཟེར།
    “ལྕམ་སྐུ་ཞབས། ང་ལ་པད་ཤག་་་་་” ལྕམ་སྐུ་ཞབས་ལགས་ཞལ་གནོང་ནས་སྤྱན་ཟུང་གི་ཀླད་དུ་ཕྱག་གིས་བཀབ་ནས་ཕེབས་སོང་ཟེར། ཚང་མ་ཁྱུ་དང་ཁྱུ་བསྡེབས་ནས་ཕེབས་སོང་ཟེར།
    ཁ་ནག་ཞབས་འདྲེན་དུ་ནག་འཐེན་མཁན་དེ་ཡིད་ཐང་ཆད་ནས་གངས་སྐྱིད་ནས་འཐེན་པའི་འཕྲད་ལམ་ཞིག་གི་སྣེ་མོར་བཟུང་ནས་ཕྱིན་སོང་ཟེར།
    ཆོས་ཕྱོགས་ཀྱི་སྙིང་རྗེ་དང་སྲིད་ཕྱོགས་ནས་རིགས་ཞེན་གྱི་ཁྱབ་ཁོངས་ཀྱི་ཕྱི་རོལ་དུ་ལུས་པའི་ཁ་ནག་ཞབས་འདྲེན་དུ་ནག་འཐེན་མཁན་འདིས་གངས་སྐྱིད་ཀྱི་ཕྱི་རོལ་དུ་ཤིང་སྡོང་ཞིག་གི་གྲིབ་བསིལ་ཞིག་ལ་བརྟེན་ནས་འཕྲེད་མ་ཉལ་དུ་ཅུང་ཟད་སྡོད་པས་གཉིད་ལམ་གྱི་ཞིང་ཁམས་སུ་ལྷུང་སོང་ཟེར།
    ཕྱི་ལོ་༢༠༠༩་ཟླ་བ་༨་པའི་ཚེས་༡༢་ལ་བྲིས།

    Reply
  6. གནམ་སྔོན་པོ། says:
    ལོ་ 16 སྔོན།

    དྲང་ཚུགས་ལྡན་པའི་མི་ལ་ག་དུས་ཡིན་ནའང་ཡིད་སྨོན་ཡོད། སྤྱི་འཐུས་བསྟན་འཛིན་མགོན་པོ་ལྟ་བུ་ནི་ར་ལུག་རང་བཞིན་ཁྱུ་ཚོགས་བསྡེབས་ནས་འགྲོ་དགོས་མཁན་གྱི་སྤྱི་འཐུས་ཤིག་མ་རེད། དེ་སྔོན་ཟམ་གདོང་གིས་ཅི་བཤད་ལ་ཉན་མཁན་ཞིག་མ་རེད། ཁོང་ནི་རང་ཚུགས་ཐུབ་པའི་ཆབ་སྲིད་ཀྱི་ལྟ་བ་ཡོད་མཁན་ཞིག་རེད།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese