༧གོང་ས་མཆོག་ཁེ་ན་ཌའི་ཝན་ཁོ་ཝར་ལ་ཆིབས་བསྒྱུར་མ་བསྐྱང་པའི་ཉིན་ཤས་སྔོན་འདིར། དྲ་རྒྱའི་སྟེང་དུ་༧གོང་ས་མཆོག་གི་སྐུ་སྲོག་ལ་གནོད་པ་བསྐྱེལ་རྒྱུའི་འཇིགས་སྐུལ་བྱས་པར་བརྟེན། ཁེ་ན་ཌའི་གཞུང་གི་མི་སྣ་དག་གིས་ཉེན་ཟོན་ཆེན་པོ་གནང་གི་ཡོད་འདུག
ཁེ་ན་ཌའི་དྲ་ཚིགས་CTVBC.CAཞེས་པས་ཕྱི་ཚེས་ ༢༢ ཉིན་གནས་ཚུལ་སྤེལ་བ་ལྟར་ན། འཇིགས་སྐུལ་དེ་ཐོག་མར་ཝན་ཁོ་ཝར་གྱི་གླེང་མོལ་དྲ་ཚིགས་ཤིག་ཏུ་ཐོན་ཚུལ་ཡུལ་དེའི་རྒྱ་ཡིག་གི་གསར་ཤོག་ཅིག་གིས་གནས་ཚུལ་སྤེལ་འདུག
དྲ་ཚིགས་དེའི་ནང་བཀོད་དོན། སོ་སོའི་རྒྱལ་ཁབ་ལ་དྲིན་ལན་འཇལ་ཕྱིར་དང་སོ་སོའི་ཚེ་སྲོག་བློས་བཏང་སྟེ་ཏཱ་ལའི་བགྲོངས་ཐུབ་མཁན་གྱི་མི་འདྲ་ཡོད་དམ། གལ་སྲིད་ཡོད་ན་ངས་སྒོར་མོ་སྤྲོད་ཆོག གལ་སྲིད་བགྲོངས་མ་ཐུབ་རུང་ལྷམ་མགོ་བླངས་ནས་གཞུ་ཐུབ་མཁན་ཡོད་ནའང་འགྲིག་གི་འདུག ཅེས་བཀོད་འདུག དེའི་རྗེས་ནས་དྲ་ཚིགས་དེ་སྒོ་བརྒྱབས་འདུག་ལ། བརྡ་ཐོ་དེ་འགོད་མཁན་སུ་ཡིན་མིན་ཡང་རྩད་གཅོད་བྱེད་ཐུབ་མི་འདུག
ཁེ་ན་ཌའི་གོང་མའི་ཉེན་རྟོག་མི་སྣ་དག་གིས་ཐེངས་འདིར་༧གོང་ས་མཆོག་གི་སྐུའི་ཉེན་སྲུང་ཆེད་ཚད་མཐོ་བའི་བྱ་ར་གནང་གི་ཡིན་ཟེར་ནའང་། དམིགས་བཀར་གྱི་ཐོག་ནས་ཉེན་སྲུང་ཇི་ལྟར་བྱ་རྒྱུ་ཡིན་མིན་བཤད་མི་འདུག ཉེན་རྟོག་པའི་མགོ་དཔོན་གྷུ་རེག་ཁོ་ཁུ་སི་ Greg Cox ལགས་ཀྱིས་བཤད་དོན། ང་ཚོས་འཇིགས་སྐུལ་དེ་ཤེས་ཡོད། ཡིན་ཡང་ང་ཚོས་མི་སྒེར་གྱི་ཐོག་ལ་འཇིགས་སྐུལ་བྱེད་པའི་གནད་དོན་དང་དེར་ཡ་ལན་ཇི་ལྟར་སློག་པའི་བྱེད་ཐབས་སྐོར་ང་ཚོས་ཡོངས་གྲགས་ཀྱིས་བགྲོ་གླེང་མི་བྱེད་པའི་ལུགས་སྲོལ་དེ་ཤེས་ནས་དགའ་གུས་ཡོད་པའི་རེ་བ་ཡོད་ཅེས་བཤད་འདུག
ཉེན་རྟོག་ཆེད་མཁས་པ་ Andre Gerolymatos ལགས་ཀྱིས་བཤད་དོན། ཐེངས་འདིར་ཏཱ་ལའི་བླ་མ་མཆོག་གི་མཐའ་འཁོར་ཏུ་ཉེན་རྟོག་པ་མང་ཙམ་འགྲེལ་འཇོག་བྱེད་པའི་རེ་བ་ཡོད། ཅེས་དང་། འཇིགས་སྐུལ་དེ་ནི་དངོས་ཡོད་རེད་ལ་གལ་ཆེན་པོ་ཡང་རེད་ཅེས་བཤད་འདུག
༧གོང་ས་མཆོག་ནི་གཟའ་ཉི་མའི་ཉིན་ཡུལ་དེར་ཞི་བདེའི་ཚོགས་འདུ་ཞིག་གི་སྟེང་ཚོགས་བཅར་གནང་མཁན་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་མི་སྣ་དྲུག་ཡོད་པའི་གྲས་ཀྱི་གཅིག་ཡིན་ལ། ཡི་ཤུའི་མཁན་པོ་ཌེ་སུ་མོན་ཊུ་ཊུ་དང་། མེ་རིས་ཌུ་མ་གྷུ་རིས་སོགས་ཀྱང་འདུག
བོད་མི་ཚོ་དུས་ནམ་ཡང་གཟག་གཟག་གནང་རོགས།
ད་ཐེངས་གཟབ་ནན་བྱས་ན་མ་གཏོགས་
རྒྱ་འདྲེ་དེ་ཚོས་གང་འདྲ་བྱེད་ཡོང་མི་ཤེས་
ཁེ་ན་ཀྲ་ལ་རྒྱ་མི་མང་ཤོས་ཀྱི་ས་ཆ་ཡིན་པ་ཚང་མས་ཤེས་གསལ་རེད་
ཨ་རིག་གླེན་རྒན།
༢༠༠༩/༠༩/༢༤ ཉིན་འདོན་སྤེལ་བྱས། གཅན་གཟན་སྨྱོན་པ་འདིས་ཆི་ཟེར་གི “””ང་ཚོའི་རྩོད་གཞི་གཙོ་བོ་བོད་མའི་རང་དབང་དང་ཐོབ་ཐང་རེད་མ་གཏོགས་༧གོང་ས་མཆོག་གི་ཆེ་མཐོང་མ་རེད།””””
གླེན་རྒན། ཁྱོད་ཀྱིས་ཅི་བཤད་ཀྱི་ཡོད་མེད་ལ་བསམ་བློ་ཡག་པོ་གཏོང་མ་གཏོགས་གནས་ཚུལ་ལྷག་ས་རེད་དཱ། སྤྱིར་ངས་ཁྱོད་ལ་ཐད་ཀར་བཤད་ཆོག་ཀྱང་སྔོན་ལ་ངས་ཁྱོད་ལ་བརྟ་ཞིག་སྤྲད་པ་ཡིན། སྐད་ཆ་ཤོད་སྐབས་ངེས་པར་དུ་གཟབ་དགོས། གཟབ་དགོས། ཧ་གོ་སོང་ངམ། གཟབ་གཟབ་བྱོས། ནན་གྱིས་བཤད་ཡོད་དཱ།
༄༅། །བླ་མ་བློ་བཟང་མཐོང་བ་རྡོ་རྗེ་འཆང་།
།དུས་གསུམ་བདེ་གཤེགས་སྲས་དང་བཅས་པ་ལ།
།བདག་གཞན་བདེ་རྫུན་ལས་ཀྱི་རྣམ་སྨིན་འདི།
།མྱུར་དུ་འབྱུང་བར་ལག་གཉིས་ཐལ་ཕྱག་འཚལ།
།འཇམ་མགོན་དབེན་ས་སྙན་བརྒྱུད་བསྟན་པ་འདི།
།ཇི་ལྟར་སངས་རྒྱས་དགོངས་པའི་ཟབ་མོའི་གནད།
།གྲུབ་པའི་དབང་ཕྱུག་རྣམས་ཀྱི་ཐུགས་དམ་མཐིལ།
།འཆི་བའི་སྲོག་ལ་ཐུག་ཡང་གཏང་མི་བྱ།
།རྡ་ས་རྣམ་རྟོག་སྒྲིབ་པའི་གྲོང་ཁྱེར་དུ།
།ཆོས་འབག་གྱོན་ནས་དབང་སྐོར་དམ་ཉམས་གང་།
།བཀའ་དྲིན་བཤེས་གཉེན་རྣམས་ཀྱི་བསྟན་པ་སྨད།
།སོག་སྐྱོབ་དྲིན་ཆེན་དཔའ་བོར་མ་ཉེས་གཡོགས།
།ཕྲ་དོག་སྲོག་ལྟར་རྟེན་པའི་གང་ཟག་འདི།
།ཆོས་མིན་ཆོས་གཟུགས་དགེ་མདུན་དབྱེན་འབྱེད་བྱེད།
།འགྲོ་བ་ཉམ་ཐག་གཡང་ས་ལས་ལ་ཕུང་།
།ཕྲ་དོག་མྱུར་དུ་ཞི་བར་བྱིན་གྱིས་རློབས།
།མི་གཙང་འབྱུང་བཞི་འཇིགས་རུང་གཤིན་རྗེའི་གཟུགས།
།དུག་མཚོན་གཟུང་ནས་རང་བསྟན་སྲོག་རྩ་གཅོད།
།བསྟན་པ་བཤིག་དང་བླ་མའི་སྐུ་དྲག་ལ།
གཟུང་འཛིན་བདེན་ཞེན་འཁྲུལ་སྣང་ཞི་བར་ཤོག
།ཆོས་གསུམ་ད་ཕྲུག་འོ་མའི་གསོ་པའི་བུ།
།བོད་དམངས་ཡོངས་ཀྱི་ཀྲུག་ཤིག་དེད་དཔོན་ཆག
།དེའི་རྒྱུད་དུག་གསུམ་རི་རབ་ཕུང་པོ་ལ།
།ཤེས་རབ་རལ་གྲི་འབོམ་གྱིས་ཐོར་བར་ཤོག
།འཛམ་གླིང་འཇིགས་སྐྲག་འཁྲུལ་སྣང་སྣ་ཚོགས་འདི།
།གཡོ་སྒྱུ་དཔོན་ངན་འགའ་ཡི་བྱས་འབྲས་རེད།
།བོད་འབངས་ཡོངས་ཀྱི་ཆགས་སྒོ་རི་རབ་འདི།
།རྒྱལ་ཕུང་འཇུག་བསྡུས་དམ་ཉམས་བྱས་འབྲས་རེད།
།གངས་ལྗོངས་འཆི་སོན་གཉིས་ཀྱི་བསྔོ་རྟེན་དེ།
།དུག་རྫས་ཉོ་ནས་བླ་ཆེན་མི་ཆེན་སྐྲོང་།
།འཇིག་རྟེན་དཔེ་ལྟར་ཕ་ཟ་མ་མགོ་རྡུང་།
།དམ་ཉམས་དགྲ་བོ་པང་བླང་གླ་ཕོ་སྤྲོད།
།ཨོ་རྒྱན་པན་ཞྭ་གྱོན་ནས་རྫོགས་ཆེན་རྨུགས།
།ས་ཞ་དམར་པོ་གྱོན་ནས་ལས་འབྲས་རྨུགས།
།འཇམ་མགོན་པན་ཞྭ་གྱོན་ནས་ལམ་རིམ་རྨུགས།
།རྨུགས་པ་རྨུག་འདོད་རང་སར་ཞི་བར་ཤོག
།རྣལ་འབྱོར་རང་ལྟ་ཆོས་ལུགས་རིགས་མེད་དང་།
།ཐབས་སྡུག་ཆབ་སྲིད་དབུ་མའི་ལམ་ལུགས་གཉིས།
།རྫུན་རྒྱབ་རྫུན་གྱིས་གནས་ནས་བོད་མགོ་སྐོར།
།སྐྱག་རྫུན་སྐྱག་བཀུག་མྱུར་དུ་དོན་པར་ཤོག
།རྡ་སའི་བོང་གུ་ཚོགས་པའི་ཆབ་སྲིད་དེ།
།ད་ལྟར་མར་མེ་རླུང་ནམ་མཇའ་ཚོན་བཞིན།
།རྩ་བ་བློ་ངན་ཆོས་སྲིད་ཟུང་འབྲེལ་ཐུག
།བོད་འབངས་ཡོངས་ཀྱི་དོན་ངོ་ཤེས་པར་ཤོག
།འཇམ་མགོན་བླ་མའི་ལྷ་སྲུང་འཕྲིན་ལས་འདི།
།འཛམ་གླིང་ས་སྟེང་ཀུན་ཏུ་ཁྱབ་པ་ལ།
།ལྷ་འདྲེ་མི་གསུམ་ཕྲག་དོག་གཏམ་ངན་བཀྲམ།
།ཕྲག་དོག་གཏམ་ངན་རང་སར་ཞི་བར་ཤོག
།སྐྱག་བཏང་དགུ་དྲན་བྱ་བ་བརྒྱ་ཕྲག་རྩོམ།
།རང་གཞན་གཉིས་ཕུང་གཡང་ས་ལས་ལ་སྦྱར།
།སྐྱོན་ངན་ལོག་པའི་ལྟ་ངན་མཐུ་ཆེན་འདི།
།དྲང་པོ་ལམ་དུ་འགྲོ་བར་བྱིན་གྱིས་རློབས།
།རྡ་སའི་གང་བུ་ཚོགས་གཙོ་དམ་བཅའ་བཞག
།མཁས་ལན་བསྟན་པ་ཆབ་སྲིད་རང་བཙན་ཡིན།
།དེང་ཤོ་འཕེན་གྱི་ལུང་རིགས་གནམ་ལྕགས་གིས།
།ཆབ་སྲིད་རང་བཙན་འཇའ་ཚོན་བཞིན་དུ་སོང་།
།སླར་ཡང་དབུ་མའི་ལམ་གྱི་དམ་བཅའ་བཞག
།དཔུང་རོགས་ལྷ་རྫུན་མི་རྫུན་གནས་ཟམ་བྱས།
།ཧུ་ཇི་ཐོབ་ཀྱིས་ཐལ་འགྱུར་འབྲུག་སྒྲ་གཅིག
།དབུ་ལམ་ཆུ་ལ་རི་མོ་བཞིན་དུ་གྱུར།
།ཧོབ་དེ་ལྟ་ན་ཧ་ཧ་ཧེ་ཧེ་རེད།
།དོན་ངོ་ལྟ་ན་མིག་ནས་མཆི་མ་བབས།
།རྟ་ལམ་བོང་གུ་བཀག་ནས་ཆབ་སྲིད་ཉམས།
།བོང་གུ་རྟ་རུ་འགྱུར་བར་བྱིན་གྱིས་རློབས།
བོད། ཤ་ཁྲག་རུས་གསུམ་ཞེས་པ་ལགས། ཁྱེད་ཀྱིས་བསམ་བློ་ཞིབ་དུ་བཏང་དུས། རྒྱ་རིགས་དེ་ཚོ་ཁག་ག་ལ་ཡོད། ཁོང་ཚོས་རང་གི་རྒྱལ་ཁབ་ཀྱི་ཁྱེད་དུ་དེ་འདྲ་བྱེད་ཀྱི་ཡོད་པ་རེད། ཟེར་བའི་རྒྱུ་མཚན་ག་རེ་ཡིན་ནམ། ༧གོང་ས་མཆོག་གིས་རྒྱ་རིགས་ཚོར་ཁག་མེད་པ་ག་རེ་གནང་ཡོད་པ་རེད། ཉིད་ཀྱིས་གསལ་བཤད་ཅིག་གནང་རོགས། སྐུ་མཁྱེན།
ངོ་མ་༧གོང་ས་མཆོག་གི་སྐུའི་ཉེན་སྲུང་ལ་གཟབ་གཟབ་གནང་རོགས་ཞུ་ཞུ་ཞུ།
ཨ་རིག་ལགས། ང་ཚོའི་རྩོད་གཞི་བོད་མིའི་ཐོབ་ཐང་དང་རང་དབང་མ་རེད་ཟེར་བའི་དོན་མ་རེད། ང་ཚོའི་བོད་མིའི་རང་དབང་དང་ཐོབ་ཐང་ལོ་ནས་ལོ་མཐུན་སྟེ་ཐབས་ལམ་སྣ་ཚོགས་སྤྱད་ནས་རྩོད་བཞིན་པ་རེད། རྩོད་གཞི་འདི་ཐོག་མར་ལོ་རྒྱུས་བཤད་ནས་རྩོད་དགོས་པ་དང་། བར་དུ་སྟོབས་ཤུགས་བསྡུར་ནས་རྩོད་དགོས་པ་དང་། མཐའ་མ་གོ་སྐབས་ལ་སྒུག་ནས་རྩོད་དགོས་པ་སོགས་གང་ལྟར་བོད་རང་བཙན་གྱི་རྩོད་གཞི་འདི་རྙོག་པོ་དང་ཟབ་པོ་རྒྱུན་རིང་པོ་འགྱངས་སྲིད་པ་ཞིག་རེད།
འོན་ཀྱང་གོང་ས་མཆོག་ལ་ལྷམ་གྱིས་གཞུས་པ་ལྟ་བུའི་ནོར་འཁྲུལ་བྱས་པ་ཡིན་ན་དེ་ལ་གྲོས་མོལ་དང་ཞི་མོལ་གྱི་ལམ་ནས་སེལ་དགོས་པ་དང་། ཡང་ན་ལོ་རྒྱུས་བཤད་ནས་སེལ་དགོས་པའི་རྩོད་གཞི་ཞིག་ཆགས་ཡོད་པ་མ་རེད། དེ་ནི་ཁ་གསལ་བོ་རེད། དེ་ལན་སློག་ཐུབ་ཀྱི་འདུག་མི་འདུག་ལྟ་རྒྱུ་ལས་རྣམ་དཔྱོད་དང་ཤེས་ཡོན་སོགས་སྤྱད་ནས་སེལ་རྒྱུ་ཡོད་པའི་རྩོད་གཞི་ཞིག་མ་རེད། འདི་ནི་ཐད་ཀར་ལན་སློག་དགོས་པའི་གནད་དོན་ཞིག་རེད། འདི་ལ་ལན་སློག་རྒྱུ་དེ་ལས་སླ་པོ་རེད། བོད་རང་བཙན་ནང་བཞིན་གྲུབ་འབྲས་ཐོབ་ཁག་པོའི་རྩོད་གཞི་དེ་འདྲ་ཡང་མ་རེད།
གཅན་གཟན་སྨྱོན་པ་འདིས་ཆི་ཟེར་གི ང་ཚོའི་རྩོད་གཞི་གཙོ་བོ་བོད་མའི་རང་དབང་དང་ཐོབ་ཐང་རེད་མ་གཏོགས་༧གོང་ས་མཆོག་གི་ཆེ་མཐོང་མ་རེད།
གལ་སྲིད་རྒྱ་དམར་གྱིས་ངན་བསྐུལ་འོག་༧གོང་ས་མཆོག་ལ་ལྷམ་གྱིས་གཞུས་པ་ལྟ་བུའི་ནོར་འཁྲུལ་བྱས་པ་ཡིན་ན། བོད་མི་རྐང་གཅིག་མ་ལྷག་ནའང་འགྱོད་པ་མེད་པར་བོད་ཕྱི་ནང་གཉིས་ནས་རྒྱ་རིགས་མིག་གི་མཐོང་ཚད་ལ་སྲོག་འགྲན་དང་དམར་འཛིང་བྱེད་རྒྱུ་ལས་བསམ་བློ་གཏོང་ས་གཞན་ལྷག་ཡོད་པ་མ་རེད། གལ་སྲིད་རྒྱ་ནག་གིས་ནོར་འཁྲུལ་དེ་འདྲ་ཞིག་ལག་ལེན་ལྟར་བ་ཡིན་ན་བོད་ཕྱི་ནང་གཉིས་ཀར་རྒྱ་བོད་མི་རིགས་བར་འཁྲུགས་རྩོད་ཚབས་ཆེན་དང་མི་ཤ་རྒྱ་ཕྲག་ཁ་ཤས་ཉུང་མཐར་ལྷག་གི་རེད། ལྷག་པར་དུ་བོད་ནང་ལ་ལྷག་གི་རེད།
ང་རང་གིས་གཏམ་ངན་འདི་ཐོས་མ་ཐག་མིག་མཐར་མཆི་མ་ཞིག་འཁོར་ཡང་། དེའི་རྗེས་སུ་བསམ་བློ་ཞིབ་དུ་བཏང་དུས། རྒྱ་རིགས་དེ་ཚོ་ཁག་ག་ལ་ཡོད། ཁོང་ཚོས་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་དེ་འདྲ་བྱེད་ཀྱི་ཡོད་པ་རེད། དེས་ན་འུ་ཅག་གི་བོད་པ་རང་ནས་སྐྱེ་ཞིང་བོད་པ་རང་གི་མི། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྗེས་འགྲེང་བ་ཡིནཟེར་མཁན་གྱི་བོད་མི་མི་ཉུང་བ་ཞིག འདྲེ་ཤུགས་ལྡན་གྱི་རྗེས་སུ་འགྲེང་ནས་༧གོང་ས་མཆོག་ལ་དངོས་ཤུགས་ཅི་བསམ་ནས་ངོ་རྒོལ་བྱས་པ་དེ་དག་ལ་བསམ་ནས་སེམས་པ་ཅུང་ཀུ་ཡངས་རུ་འགྲོ་སོང་། རེད་དེ། ཆུ་མ་ཡོང་གོང་གི་རག་ཟེར་སྲོལ་ཡོད་དུས། དེ་ནས་བོད་རིགས་སྤུན་ཟླ་ཡོངས་ཀྱིས་དོན་མེད་དུ་མིང་ཆད་བཟོ་མཁན་དང་རྒྱའི་སྲིད་གཞུང་གི་མངོན་འདོད་སྒྲུབ་མཁན་དེ་དག་ལ་དོགས་ཟོན་བྱེད་པར་སེམས་གཏིང་ནས་རེ་སྐུལ་ཞུས་པ་ཡིན་ལགས།
གྲོགས་པོ་ཚོ་འདི་དྲ་ནང་གཅིག་པོ་ནས་བཤད་བསྡད་དེ་ཙམ་ནུས་པ་ཐོན་རྒྱུད་ལམ་གཞན་གསར་ཤོག་སོགས་གང་མང་ལྷག་པར་དབྱིན་ཡིག་དྲ་བའི་ཐོག་སྤེལ་ཐུབ་ན་བཟང།
འདི་ཨེ་བདེན་མི་ཤེས་ཏེ་གང་ལྟར་་་་ཆུ་མ་ཡོང་གོང་གི་ཆུ་ར་དང་། རྐྱེན་མ་ཡོང་གོང་གི་བཟློག་སྒྱུར་ཟེར་བ་ལྟར་དངོས་གཟབ་དགོས།
སྨོན་ལམ་ལོག་པའི་དམ་སྲིད་འབྱུང་པོ་འདིའི་རྗེ་འབྲང་སུ་ཞིག་ཡིན་ན་དུས་ནམ་ུང་གདོང་འདྲེན་ཡིན།
བདེ་བ་ཅན་ལགས། ངས་སྔོན་ལ་བོད་ཡིག་རྟགས་མ་ཐུབ་ཙང་ཁྱེད་རང་གི་འཆན་ངོ་བཤུས་ཤིག་བྱས་པ་ཡིན་ལགས། གང་ཡིན་ཟེར་ན་དྲ་གྲོགས་ཁ་ཤས་ཤིག་གིས་ང་ཚོས་ངེས་པར་ཤེས་དགོས་པའི་གནས་ཚུལ་གལ་ཆེན་འདིའི་ཁ་ལོ་གཞན་ཞིག་ཏུ་འགྱུར་རྩིས་བྱེད་ཀྱི་འདུག དངོས་གནས་ཡིན། ཕྲན་གྱི་རེ་བར་དེ་རིགས་ལ་ཁ་ཡ་དང་ལན་འདེབས་མ་གནང་རོགས་ཞུ། ཐུགས་རྗེ་ཆེ།
ཁྱེད་རང་གི་འཆན་འདི་ཡང་བསྐྱར་བཤུས་ཡོད།
གནད་དོན་དེ་ནི་ཕྱིར་སྡོད་རྒྱ་རིགས་ཀྱི་གླེང་སྟེགས་དྲ་རྒྱའི་ཐོག་༸གོང་ས་མཆོག་ཝན་ཁུ་ཝར་གྲོང་ཁྱེར་གྱི་སྤྱི་ཁྱབ་མཇལ་འཕྲད་གནང་སྲིད་པའི་གནད་དོན་ཐད་དྲ་གནས་དེའི་བསམ་ཚུལ་གླེང་སྟེངས་ཤིག་གི་སྟེང་དུ་ཨི་མལ་ཐོག་ནས་བསམ་ཚུལ་བཀོད་པ་ཞིག་ཡིན་བཟོ་འདུག ནང་དོན་དེ་ནི་ཧ་ཅང་གི་ཉེན་ཁ་ཅན་ཞིག་དང་ཛ་དྲག་ཅན་ཞིག་ཡིན་པ་མ་ཟད། སྐབས་དེར་དེ་ཁུལ་ཕྱི་ཚེས་ 27 མི་གྲངས་ 400།500 ལས་གྲུབ་པའི་ངོ་རྒོལ་བྱ་རྒྱུའི་འཆར་གཞི་ཡོད་པའི་བརྒྱུད་བསྐུལ་ཡང་བྱ་བཞིན་ཡོད་འདུག ཕྱོགས་གཅིག་ནས་བལྟས་ན་དེ་ནི་ཧ་ཅང་ཉེན་ཚབས་ཅན་ཞིག་ཡིན་པ་དང་། ཕྱོགས་གཅིག་ནས་སྔོན་ཚུད་ནས་ཤེས་རྟོགས་བྱུང་བ་འདི་ང་ཚོར་ཡང་གྲ་སྒྲིག་བྱ་རྒྱུའི་དུས་ཚོད་ཡོད་པས་ཁེ་ན་ཊ་ཁུལ་གནས་སྡོད་བོད་རིགས་དེ་ཚོས་ཀྱངདེ་ལྟར་སྡོད་མི་སྲིད་པ་ཞིག་རེད། སྔ་ལོའི་བོད་ནང་ཞི་རྒོལ་བྱུང་རྗེས་ཁེ་ན་ཊ་ཁུལ་དུ་བོད་རིགས་གཞོན་སྐྱེས་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཕྱོགས་ཐད་རྦད་དེ་འགྱུར་བ་ཕྱིན་ཡོད་པས་ད་རེས་ཀྱི་གནད་དོན་དེའི་ཐད་ཁེ་ན་ཊའི་གཞུང་དང་རང་གཞུང་གི་སྐུ་ཚབ་ཙམ་མ་ཡིན་པར། བོད་རིགས་ཡོང་ནས་ངེས་པར་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་དགོས་པ་དེ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད་སྙམ༎
གནད་དོན་དེ་ནི་ཕྱིར་སྡོད་རྒྱ་རིགས་ཀྱི་གླེང་སྟེགས་དྲ་རྒྱའི་ཐོག་༸གོང་ས་མཆོག་ཝན་ཁུ་ཝར་གྲོང་ཁྱེར་གྱི་སྤྱི་ཁྱབ་མཇལ་འཕྲད་གནང་སྲིད་པའི་གནད་དོན་ཐད་དྲ་གནས་དེའི་བསམ་ཚུལ་གླེང་སྟེངས་ཤིག་གི་སྟེང་དུ་ཨི་མལ་ཐོག་ནས་བསམ་ཚུལ་བཀོད་པ་ཞིག་ཡིན་བཟོ་འདུག ནང་དོན་དེ་ནི་ཧ་ཅང་གི་ཉེན་ཁ་ཅན་ཞིག་དང་ཛ་དྲག་ཅན་ཞིག་ཡིན་པ་མ་ཟད། སྐབས་དེར་དེ་ཁུལ་ཕྱི་ཚེས་ 27 མི་གྲངས་ 400།500 ལས་གྲུབ་པའི་ངོ་རྒོལ་བྱ་རྒྱུའི་འཆར་གཞི་ཡོད་པའི་བརྒྱུད་བསྐུལ་ཡང་བྱ་བཞིན་ཡོད་འདུག ཕྱོགས་གཅིག་ནས་བལྟས་ན་དེ་ནི་ཧ་ཅང་ཉེན་ཚབས་ཅན་ཞིག་ཡིན་པ་དང་། ཕྱོགས་གཅིག་ནས་སྔོན་ཚུད་ནས་ཤེས་རྟོགས་བྱུང་བ་འདི་ང་ཚོར་ཡང་གྲ་སྒྲིག་བྱ་རྒྱུའི་དུས་ཚོད་ཡོད་པས་ཁེ་ན་ཊ་ཁུལ་གནས་སྡོད་བོད་རིགས་དེ་ཚོས་ཀྱངདེ་ལྟར་སྡོད་མི་སྲིད་པ་ཞིག་རེད། སྔ་ལོའི་བོད་ནང་ཞི་རྒོལ་བྱུང་རྗེས་ཁེ་ན་ཊ་ཁུལ་དུ་བོད་རིགས་གཞོན་སྐྱེས་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཕྱོགས་ཐད་རྦད་དེ་འགྱུར་བ་ཕྱིན་ཡོད་པས་ད་རེས་ཀྱི་གནད་དོན་དེའི་ཐད་ཁེ་ན་ཊའི་གཞུང་དང་རང་གཞུང་གི་སྐུ་ཚབ་ཙམ་མ་ཡིན་པར། བོད་རིགས་ཡོང་ནས་ངེས་པར་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་དགོས་པ་དེ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད་སྙམ༎
གླ་པ། གླ་བ།
གཉིས་ལ་ཁྱད་པར་ཆེ།
མི་ནང་ཚང་གི་བཤད་པ་དེ་བདེན་གི ཁེ་ན་ཌའི་བོད་ཀྱི་དོན་གཅོད་ཁང་ནས་ངེས་པར་དུ་ལས་འགུལ་ཞིག་སྤེལ་གལ་ཆེ།
གནད་དོན་དེ་ནི་ཕྱིར་སྡོད་རྒྱ་རིགས་ཀྱི་གླེང་སྟེགས་དྲ་རྒྱའི་ཐོག་༸གོང་ས་མཆོག་ཝན་ཁུ་ཝར་གྲོང་ཁྱེར་གྱི་སྤྱི་ཁྱབ་མཇལ་འཕྲད་གནང་སྲིད་པའི་གནད་དོན་ཐད་དྲ་གནས་དེའི་བསམ་ཚུལ་གླེང་སྟེངས་ཤིག་གི་སྟེང་དུ་ཨི་མལ་ཐོག་ནས་བསམ་ཚུལ་བཀོད་པ་ཞིག་ཡིན་བཟོ་འདུག ནང་དོན་དེ་ནི་ཧ་ཅང་གི་ཉེན་ཁ་ཅན་ཞིག་དང་ཛ་དྲག་ཅན་ཞིག་ཡིན་པ་མ་ཟད། སྐབས་དེར་དེ་ཁུལ་ཕྱི་ཚེས་ 27 མི་གྲངས་ 400།500 ལས་གྲུབ་པའི་ངོ་རྒོལ་བྱ་རྒྱུའི་འཆར་གཞི་ཡོད་པའི་བརྒྱུད་བསྐུལ་ཡང་བྱ་བཞིན་ཡོད་འདུག ཕྱོགས་གཅིག་ནས་བལྟས་ན་དེ་ནི་ཧ་ཅང་ཉེན་ཚབས་ཅན་ཞིག་ཡིན་པ་དང་། ཕྱོགས་གཅིག་ནས་སྔོན་ཚུད་ནས་ཤེས་རྟོགས་བྱུང་བ་འདི་ང་ཚོར་ཡང་གྲ་སྒྲིག་བྱ་རྒྱུའི་དུས་ཚོད་ཡོད་པས་ཁེ་ན་ཊ་ཁུལ་གནས་སྡོད་བོད་རིགས་དེ་ཚོས་ཀྱངདེ་ལྟར་སྡོད་མི་སྲིད་པ་ཞིག་རེད། སྔ་ལོའི་བོད་ནང་ཞི་རྒོལ་བྱུང་རྗེས་ཁེ་ན་ཊ་ཁུལ་དུ་བོད་རིགས་གཞོན་སྐྱེས་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཕྱོགས་ཐད་རྦད་དེ་འགྱུར་བ་ཕྱིན་ཡོད་པས་ད་རེས་ཀྱི་གནད་དོན་དེའི་ཐད་ཁེ་ན་ཊའི་གཞུང་དང་རང་གཞུང་གི་སྐུ་ཚབ་ཙམ་མ་ཡིན་པར། བོད་རིགས་ཡོང་ནས་ངེས་པར་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་དགོས་པ་དེ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད་སྙམ༎
དྲྭ་གྲོགས་བློ་བཟང་ལགས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། འོན་ཀྱང་ཡི་གེའི་དག་སྡེབ་ལ་གྲུ་ཤ་དོད་པོས་བལྟ་རྒྱུ་འདི་ངའི་ཁོག་ནང་ན་གྲུབ་པའི་ལྷན་སྐྱེས་ཀྱི་རང་གཤིས་ཤིག་ཡིན་སྟབས་འཕྲལ་མར་བཅོས་བསྒྱུར་བྱ་རྒྱུ་དཀའ་ཙམ་གདའ། དཀྱེལ་ཡངས་མཛོད་ཅིག
ནད་པ་ལགས། མཆོག་གསུམ་བདེན་པས་བརྩད་ནས་གཅོད་རྒྱུར་ཅིག། ཅེས་པར་གོ་རྒྱུ་ཞིག་ཅང་མེད་ངེས་ཡིན། སྤྱིར་བརྩད་ཅེས་པ་བྱ་ཚིག་རྩོད་ཅེས་པའི་འདས་མ་འོངས་ཀྱི་
ཚིག་ཡིན། དོན་ནི་རང་ལྟ་ཚུར་སྒྲུབ་དང་གཞན་ལྟ་ཕར་དགག་གིས་རྒྱུ་མཚན་དང་བསམ་ཚུལ་གླེང་སློང་བྱེད་པ་སོགས་ཀྱི་དོན་ལ་འཇུག དེ་བས་འདིའི་མཆོག་གསུམ་གྱི་བདེན་པ་དང་དོན་དག་དེའི་ཐད་འབྲེལ་བ་ཞིག་མེད་པ་རེད།
འདིར་རྩད་ཅེས་འབྲི་དགོས་པ་ཡིན་ཏེ། རྩད་ཅེས་པ་གཞི་དང་རྨང་དང་གཏིང་དང་རྩ་བའི་གོ་དོན་དང་འབྲེལ་ཡོད། འདི་ལྟ་ན། གཅོད་ཅེས་སྐུལ་ཚིག་སྦྱར་བ་ཡང་མ་དག་པ་སྟེ་སྤྲོས་པས་ཆོག་གོ །དེ་བཞིན་རྒྱུར་ཅིག་ཅེས་པ་ནི་དེ་བས་ཀྱང་དག་པར་ག་ལ་སེམས། འདི་དག་ནི་བྲེལ་འཚུབ་ཀྱིས་འཕྱུགས་པའི་འཁྲུལ་པ་ཞིག་མིན་པར་གཏིང་རིམ་ཞིག་ནས་ནོར་སོང་བའི་རྟགས་ཡིན་ནོ། ། ཐུགས་རྒྱལ་མི་བཞེངས་པའི་གསོལ་བ་འདེབས།
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ།།
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ།།
མཆོག་གསུམ་བདེན་པས་བརྩད་ནས་གཅོད་རྒྱུར་ཅིག།
རབ་འབྱབས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར།།
སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི།།
འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན་།།
བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་རྒྱུར་ཅིག།
དུས་ཐོག་ཏུ་གསར་འགྱུར་བཀོད་པ་ཐུགས་རྗེ་ཆེ། ༸ གོང་ས་མཆོག་གི་སྐུ་ཕྱར་སྲུང་སྐྱོབ་བྱེད་རྒྱུ་དེ་ཤིན་ཏུ་ནས་གལ་ཆེ་ཞིག་ཡིན་སྟབས་ད་རེ་དྲ་ཐོག་ནས་འཇིགས་སྐུལ་གྱི་ཉེན་བརྡ་བཏང་བ་དེར་སྣང་མེད་ཁྱོན་གཏོང་མི་རུང་བ་ཞིག་རེད།
དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་། བོད་གཞུང་བདེ་ལས་ཁུངས། རྒྱ་གར་གྱི་ཉེན་རྟོགས་ལས་ཁུངས་བཅས་ནས་དུས་རྒྱུན་དུ་དམིགས་བསལ་ཐུགས་འགན་བཞེས་ཏེ་སྐུ་ཕྱའི་སྲུང་ཆར་དོ་སྣང་ནན་པོ་གནང་དགོས།
ལྷག་པར་དུ་ད་རེས་ཨ་རི་དང་ཁ་ན་འི་གཞུང་ལ་བོད་གཞུང་སྐུ་ཚབ་དོན་གཅོད་མཆོག་ནས་༸ རྒྱལ་བའི་སྐུ་ཕྱའི་སྐོར་ལ་དམིགས་བསལ་རེ་བསྐུལ་ཞུ་རྒྱུ་གལ་ཆེན་པོ་ཡིན། ལར་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་དང་རྒྱ་ཆེའི་མི་དམངས་ཡོངས་ཀྱི་སྐུ་ཕྱར་འགན་ཁྱེར་ཏེ་ཡིད་གཟབ་གནང་དགོས་རྒྱུ་དེ་བས་གལ་ཆེ་ཡིན་སྟབས་ཚང་མས་ཡིད་གཟབ་གནང་རོགས་གནང་ཞུ་རྒྱུ་ཡིན།
ཁོ་རེ་སྣ་བོ་ཆེ་ཁྱོད་ལ་ཅི་ཞིག་བྱས་པ་རེད། རྟ་བོང་སྲེ་མ་ཡོང་ཁོ་རེ། བོད་མི་ས་ཡ་དྲུག་སེམས་ཁྲལ་ནང་ལྷུང་ཀྱ་ཁྱོད་ཀྱིས་ཚིག་སྐམ་པོ་རེ་གཉིས་ནོར་ཡོད་མེད་རྩོད་དགོས་དོན་ཅི་ཡིན། བསམ་བློ་ཡག་པོ་གཏོང་ཁོ་རེ།
Victor Chan ཟེར་བའི་མི་དེ་ཅི་འདྲ་ཞིག་ཡིན་མིན་མི་ཤེས། འོན་ཀྱང་གོང་གི་དེབ་དེ་ངས་ཀྱང་བཀླགས་མྱོང་།
དྲྭ་གྲོགས་ཁང་གསར་ལགས། ངས་རྒྱ་རིགས་Victor Chan གྱི་ [The Wisdom of Forgiveness]ཅེས་པའི་དཔེ་དེབ་དེ་བཀླགས་མྱོང་བ་དྲན་གསོས་ཀྱི་འདུག ཁོང་༸གོང་ས་མཆོག་དང་བོད་མི་རིགས་ལ་དགའ་ཞེན་ཧ་ཅང་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡིན་པའི་མཐོང་ཚུལ་བྱུང་། ཉིད་ནས་དེ་རིང་དེ་དང་མི་འདྲ་བའི་བཀའ་མོལ་ཞིག་གསུངས་འདུག སྤྱིར་ལྟ་ཚུལ་གཅིག་ལ་མཐོང་ཚུལ་གཉིས། །སྤྲེའུའི་རྐུབ་ནི་ལྡུམ་རྭ་འདྲ། །ཞེས་པའི་གནས་ལུགས་ཤིག་ཡོད་སྟབས་དེ་ཙམ་གལ་མི་ཆེ། འོན་ཀྱང་རྒྱུ་མཚན་ཞིག་དང་གསལ་བཤད་ཅིག་གནང་རྒྱུ་ངའི་རེ་བ་ཡིན། གསུང་ཆོས་པཱ་སེ་ཞེས་པའི་ཚབ་ཏུ་གསུང་ཆོས་ཕྱག་འཁྱེར་ཞེས་གསུང་ན་ལེགས་པ་མེད་དམ།
རྒྱ་རིགས་འདི་ཚོས་རང་ས་དང་གཞན་ས་གང་དུའང་ང་ཚོར་བརྙས་བཅོས་བྱེད་ཀྱིན་འདུག ད་ཐེངས་༸གོང་ས་མཆོག་གིས་སྐུ་ཆ་ལ་གནོད་པའི་ལས་འགུལ་དང་ཁོང་ལ་ལྷམ་གཞུ་བ་ལ་སོགས་པའི་ལས་འགུལ་འདྲ་སྤེལ་སོང་ན་ང་ཚོ་བཙན་བྱོལ་དུ་ཡོད་པ་ཚོ་ལྟ་དེ་འདྲ་ཞིག་ཡིན་རྒྱུ་རེད། འོན་ཀྱང་གཞིས་ལུས་རྒྱ་ཆེའི་མི་མང་གིས་སེམས་པ་བཟོད་མི་ཐུབ་པ་ཐག་གིས་ཆོད་ཆོད་རེད། ཡང་བསྐྱར་མདོ་དབུས་ཁམས་གསུམ་དུ་ན་ནིང་གི་ནམ་ཟླ་དེ་འཆར་ངེས་རྒྱུ་མ་ཡིན་ནམ། ང་འདི་ལ་སྐྲག་སྣང་སྐྱེ་ཡིན་ཡོད།
འཛུགས་སྐྲུན་རང་བཞིན་གྱི་སྐྱོད་བརྗོད་དང་། དཀྱེལ་ཡངས་རང་བཞིན་གྱི་དང་ལེན། ཨ ཨ ཨ འདིར་བལྟས་ན། གྲོས་ཚོགས་དྲ་ཐོག་ནས་འཚོགས་ན་ཡག་ས་རེད། སྤྱི་འཐུས་ཚོས་འདིའི་སྦྱངས་ན་རེད།
སྣ་བོ་ཆེ་ཡིས་བཤད་པ་བདེན་པ་རེད་ལགས། ཕྱིར་བལྟས་ཙམ་ཡང་མེད་པར་བྲིས་ན་འདི་འདྲ་འབྱུང་གི་འདུག
དགོངས་དག ང་རང་གི་དེ་ན་ཡང་ནོར་འཁྲུལ་འགའ་ཤོར་འདུག
དང་པོ། གོང་གི་གསར་འགྱུར་ནང་ཉེན་ཟོན་ཞེས་འབྲི་རྒྱུར་ཉེནསོན་ཞེས་བྲིས་པ་མ་དག་པ་དང། སྤྱིར་ཟོན་ཞེས་པ་དྭོགས་ཟོན་གྱི་མིང་ཡིན།
གཉིས་པ། རྩོམ་སྒྲིག་པ་མཆོག་གི་དགོངས་ཚུལ་གསུངས་པའི་ཐད་མཉམ་འཇོག་ཅེས་འབྲི་རྒྱུར་ཉམས་འཇོག་ཅེས་བྲིས་པ་ཡང་མ་དག་ཡིན། མཉམ་འཇོག་ཅེས་པ་གཞུང་ཆེན་མོའི་ནང་མཉམ་གཞག་ཅེས་གསུང་བའི་གོ་བ་དང་འདྲ་བ་ཙམ་ཡིན། འོན་ཀྱང་ཁྱད་པར་ཆེ་བ་ཞིག་ནི་དེང་དུས་བེད་སྤྱོད་བྱེད་ཀྱིན་པའི་མཉམ་འཇོག་གི་གོ་བ་ནི་ཡུལ་བྱེ་བྲག་པར་ནན་ཏན་གྱིས་བློ་སེམས་གཏོད་པའམ་དོ་སྣང་བྱེད་པའི་དོན་དུ་གོ་ཡིན་ཡོད་པ་རེད།
གསུམ་པ་རྩོམ་སྒྲིག་པས་{འབྲེལ་མཐུད་ཀྱི་ཁོངས་གི་མི་སྣ་ཞིག་གིས་བཤད་}ཅེས་བརྗོད་བབ་མི་བདེ་བ་ཞིག་བྲིས་འདུག འདིར་འབྲེལ་མཐུད་ཁོང་མི་ཞིག་གིས་བཤད་ཅེས་པའམ་ཡང་ན་འབྲེལ་མཐུད་ཀྱི་ཁོངས་མི་ཞིག་གིས་བཤད་ཅེས་པ་གང་རུང་བྲིས་ན་བདེ་ཁྱད་ཡོད་ཅིང་ད་དུང་ཁོངས་གི་ཞེས་པ་ཡང་ད་བ་ས་ཀྱི་ག་ང་གི །ཞེས་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་དང་འགལ་ཡོད། བསམ་པ་རྣམ་དག་ཡིན། ཐུགས་ལ་མི་ཕོག་པར་ཞུ་ཞུ་ཞུ།
ང་རང་ཁེ་ན་ཌར་ཡུན་རིང་སྡོད་མྱོང་བའི་ཆ་ནས་བཤད་ན། ཊོ་རོན་ཊོ་དང་ཝན་ཁུ་ཝ་གཉིས་ལ་རྒྱ་མི་མང་པོ་རེད། དམིགས་བསལ་ཝན་ཁུ་ཝ་ལ་རྒྱ་རིགས་ཚོང་པ་དང་སློབ་ཕྲུག་ཧ་ཅང་མང་པོ་རེད། འོན་ཀྱང་ས་གནས་དེར་བོད་རིགས་ཉིས་བརྒྱ་སྐོར་ལས་མེད། ཝན་ཁུ་ཝ་ས་གནས་ཀྱི་ཡུལ་མི་རྣམས་ཧ་ཅང་བཟང་པོ་དང་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་རེད། བོད་ཀྱི་ཆོས་ཚོགས་ཁ་ཤས་ཡོད་དྲན་གྱི་འདུག བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་རེད། དེ་བཞིན་བོད་ཀྱི་བཀའ་བློན་གཡུ་ཐོག་པའི་མི་རྒྱུད་དང་། དགེ་བཤེས་ལྷ་ལུང་པའི་མི་རྒྱུད་སོགས་ཡོད་རེད། ཉེན་རྟོག་པའི་ཆ་ནས་བཤད་ན། ཉེན་སྲུང་ཞུ་ཕྱོགས་ལ་དེ་ཙམ་སེམས་ཁྲལ་དགོས་དོན་མེད། འོན་ཀྱང་ལྷམ་གྱིས་གཞུ་བའི་ཉེན་ཁ་དེ་ཏན་ཏན་ཡོད་རེད།
སྔ་ལོ་བོད་ནང་ངོ་རྒོལ་བྱས་རྗེས་ཝན་ཁུ་ཝ་ཡི་རྒྱ་རིགས་ཚོས་སྔོན་དང་པོར་ངར་བ་རེད། དེའི་ཐོག་གདན་ཞུ་བྱེད་མཁན་གྱི་གྲས་རྒྱ་རིགས་ཝིག་ཊོར་ཆན་ཟེར་བ་དེ་དཔལ་འབྱོར་གྱི་ཁེ་ཕན་གཙོ་གཉེར་བྱེད་མཁན་ཞིག་རེད་མ་གཏོགས་བོད་དོན་ལ་སེམས་ཁུར་ཡོད་མཁན་དེ་འདྲ་མ་རེད། ༸གོང་ས་མཆོག་གི་གསུང་ཆོས་པཱ་སེ་གོང་ཆེན་པོ་བྱས་ཏེ་མང་པོ་ཞེ་དྲག་བཙོང་ཚར་བ་རེད། ད་དུང་ཡང་བཙོང་བཞིན་འདུག དེ་ཁུལ་གྱི་བོད་རིགས་ཚོ་ཁོ་ལ་རྩ་བ་ནས་དགའ་གི་མ་རེད། ད་རེས་ཨ་རི་དོན་གཅོད་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་ཡིད་གཟབ་བྱེད་དགོས།
གོང་ས་མཆོག་ལྟ་བུའི་འཛམ་གླིང་གི་ནོར་བུ་ཞིག་ལ་རྒོལ་མཁན་ཡོད་ན་ད་མི་དེ་ཚོ་དངོས་གནས་བདུད་ཀྱིས་བསླུས་པ་ཡིན་རྒྱུ་རེད། ང་རྒྱ་ནག་ལས་གཞན་ཞིག་ལ་དོགས་པ་ཟ་གི ཆོས་ལུགས་མི་གཅིག་ནོ། སྟོན་པ་ཤཀྱ་ཐུབ་པ་གདན་ན་བཏང་ངེ་བཞག་ཡོད་ནོ་དེ་ཚོ། ད་དུང་གོང་ས་མཆོག་གི་འཛད་པ་འཕྲིན་ལས་པ་མིག་ཚ་མཁན་དེ་ཚོ། ཆི་ཟིག་ཡིན་ནེ་དེ་རིང་དྲ་ངོས་འདི་ནས་བཤད་ས་མི་འགྲོ་གི་ར། ཁ་ཆེའི་དྲག་སྤྱོད་པ་དང་ཡི་ཤུའི་ཆོས་ལུགས་པ་དེ་ཚོས་མ་གཏོགས། རྒྱ་ནག་གིས་སྐུ་ཕྱྭར་རྒོལ་བའི་ལས་ད་ཨེ་རྩོམ་འདོད་ཀི འདི་ཚོ་ཚང་མ་ངའི་བསམ་ཚུལ་ཙམ་ཡིན་པས། བཀའ་མི་བཀྱོན་པར་ཞུ།
སྲོག་ལ་རྒོལ་འདོད་མཁན་ཡོད་རུང་དེའི་ནུས་པ་ཡོད་འགྲོ་བསམ་གི་མི་འདུག ཉམས་འཇོག་མ་བྱས་ན་ལྷམ་གྱིས་གཞུ་མཁན་ཡོང་སྲིད་པ་རེད། དེ་འདྲ་ཞིག་བྱུང་བ་ཡིན་ན་དཔེ་བསགས་པ་རེད། བཙན་བྱོལ་བོད་གཞུང་དང་བྱང་ཨ་རི་དང་ཁེ་ན་ཌའི་སྤྱི་འཐུས། དེ་བཞིན་ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱིས་ཁེ་ན་ཌའི་གཞུང་ལ་སྐུ་ཕྱའི་སྐོར་ནས་ཞུ་སྐུལ་ནན་ཏན་གནང་དགོས་པ་རེད།
ད་རེས་ས་གནས་སུ་ཡོད་པའི་བོད་རིགས་ཚོས་ལུས་སེམས་གཉིས་ཀྱི་ཐོག་ནས་ཧུར་བརྩོན་བྱེད་དགོས་པ་རེད། དགྱ་དམར་དེ་ཚོས། དེ་སྔོན་ཝིན་ཅ་པའོ་ལ་ལྷམ་གྱིས་བཞུས་པའི་ངོ་ཚ་དེ་འཁུར་མ་ཐུབ་པར། ང་ཚོེར་ཆེད་དུ་འདི་འདྲ་བྱེད་སྲིད་པ་རེད། ཨ་ཤུ་རེ་ཁོ།
བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ཀྱི་ཁོངས་གི་མི་སྣ་ཞིག་གིས་བཤད་པ་ལྟར་ན། ཁེ་ན་ཌ་རུ་ཞིན་ཧྭ་གསར་འགྱུར་གྱི་ཤུགས་རྐྱེན་འོག་ནས་འཚར་ལོངས་བྱུང་ཞིང་རྒྱ་ནག་སྐམ་ས་ཆེན་པོ་ནང་ཡོང་བའི་སློབ་ཕྲུག་དང་ཡུལ་མི་གནས་སྤོར་པའི་མི་འབོར་རྒྱ་ཆེན་པོ་ཞིག་ཡོད་པ་རེད་ཟེར།
ཁོང་ཚོ་ཡིན་མིན་མི་ཤེས་ཀྱང་དོགས་གཞི་བྱེད་ས་ནི་ཁོང་ཚོ་ཡིན་པ་འདྲ།