མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཤ་ཡའི་ནང་བོད་ལུཌ་གསོ་རིག་ལ་དོ་སྣང་ཆེ་ཙམ་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

ང་རང་གིས་བལྟས་འོང་དུས་ཁོང་ཚོ་མང་ཆེ་བས་བོད་སྨན་གྱི་སྨན་རྩྭ་དང་ནད་ཐོག་རིག་པ། བསྔོ་སྨན་སྡེབ་སྦྱོར་དང་སྲུང་སྐྱོབ། ལོ་རྒྱུས་དང་རིག་པའི་གཞུང་ལུགས་སོགས་ཀྱི་སྐོར་ལ་ཉམས་ཞིབ་བྱས་པའི་སྐོར་སོགས་བཤད་འོང་གི་འདུག་ལ། བགྲོ་གླེང་གི་གནས་སྟངས་དང་བརྗོད་གཞི་ལ་གཞིིགས་ན་བརྒྱ་ཆའི་ ༨༠ དེ་བོད་པའི་སྨན་གྱི་སྒང་ལ་བགྲོ་གླེང་གནང་བསྡད་འདུག་པའི་ཚོར་སྣང་བྱུང་སོང་།

རྒྱལ་སྤྱིའི་ཨེ་ཤ་ཡའི་གསོ་རིག་ཚོགས་པ (IASTAM) པའི་གོ་སྒྲིག་འོག་ཟླ་འདིའི་ཕྱི་ཚེས་ ༧ ནས་ཚེས་ ༡༠ བར་གྱི་ཉིན་བཞིའི་རིང་འབྲུག་ཡུལ་གྱི་རྒྱལ་ས་ཐིམ་ཕུའི་ཉེ་འགྲམ་སེམས་རྟོག་ཁ་རྫོང་དུ། རྒྱལ་སྤྱིའི་ཨེ་ཤ་ཡའི་གསོ་རིག་ཚོགས་འདུ་ཐེངས་བདུན་པ་དེ་སྐོང་འཚོགས་གནང་ཡོད་པ་དང་།  ཐེངས་འདིའི་ཚོགས་འདུ་སྟེང་རྒྱལ་ཁབ་ ༣༠ ལྷག་གི་སྨན་པ་དང་གསོ་རིག་ཉམས་ཞིབ་པ་སོགས་གནད་ཡོད་མི་སྣ་ ༢༠༠ ལྷག་མཉམ་ཞུགས་གནང་སྟེ་བགྲོ་གླེང་གོ་བསྡུར་གནང་ཡོད་འདུག་ལ།   ཚོགས་འདུའི་མཛད་སྒོ་དང་མཇུག་བསྡོམས་མཛད་སྒོའི་སྟེང་ཨེ་ཤ་ཡའི་གསོ་རིག་ཚོགས་པའི་ཚོགས་གཙོ་གཙོས། འབྲུག་ཡུལ་དཔེ་མཛོད་བཀའ་བློན་དང་འཕྲོད་བསྟེན་དྲུང་ཆེ་སོགས་ཆེད་ཕེབས་ཀྱིས་འབྲུག་ཡུལ་རང་གི་ནང་ཆོས་དང་སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་ཐོག་ཚོགངས་འདུའི་དབུ་འབྱེད་དང་མཇུག་བསྡོམས་གཟབ་རྒྱས་ཤིག་གོ་སྒྲིག་གནང་ཡོད་འདུག

ཕྱི་ཚེས་ ༢༢ ཉིན་འདི་གའི་གསར་འགོད་པས་ཐེངས་འདིའི་རྒྱལ་སྤྱིའི་ཨེ་ཤ་ཡའི་གསོ་རིག་ཚོགས་འདུའི་སྟེང་མཉམ་ཞུགས་གནང་མཁན་བོད་གཞུང་སྨན་རྩིས་ཁང་གི་ངེས་སྟོན་པ་དང་འགན་འཛིན་ཟླ་བ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིའི་འབྲུག་ཡུལ་དུ་འཚོགས་པའི་རྒྱལ་སྤྱིའི་ཨེ་ཤ་ཡའི་གསོ་རིག་ཚོགས་འདུ་དེ་རྒྱལ་སྤྱིའི་ཨེ་ཤ་ཡའི་གསོ་རིག་ཚོགས་པ་གཙོས་ཚོགས་པ་ཁག་ཅིག་གི་མཐུན་རྐྱེན་རྒྱབ་སྐྱོར་འོག་གོ་སྒྲིག་གནང་བ་ཞིག་རེད། ཚོགས་པ་འདིས་ལོ་རེེའི་ནང་ཐེངས་རེར་གོ་སྒྲིག་གནང་བཞིན་ཡོད་སྟབས། འདི་ལོ་ཚོགས་ཐེངས་བདུན་པ་དེ་ཆགས་ཡོད་འདུག་ལ། འབྲུག་ཡུལ་ལ་མཚོན་ན་རྒྱལ་སྤྱི་རང་བཞིན་གྱི་ཚོགས་འདུ་སྐོང་འཚོགས་གནང་བ་ཐེངས་དང་པོ་དེ་ཆགས་ཡོད་ཅེས་བརྗོད་ཀྱིན་འདུག  ཐེངས་འདིའི་ཚོགས་འདུའི་ཁྲོད་རྒྱལ་ཁབ་ ༣༠ ནས་ཕེབས་པའི་ཕྱི་གླིང་བ་དང་རྒྱ་ནག བོད་དང་ཧི་མ་ལ་ཡའི་རི་རྒྱུད། སོག་པོ་བཅས་ཚོགས་ཞུགས་མི་སྣ་ ༡༨༠ ལྷག་མཉམ་ཞུགས་གནང་ཡོད་པ་མ་ཟད། འབྲུག་ཡུལ་རང་དུ་ཡོད་པའི་ནང་པ་དང་གསོ་རིག་ཕྱག་ལས་གནང་མཁན་དང་། ཚན་རིག་འབྲེལ་ཡོད་མི་སྣ། སློབ་གྲྭ་བ་སོགས་སྡོམ་པའི་མི་ ༢༠༠ ལྷག་འཛོམས་གནང་སྟེ། བརྗོད་གཞིའི་ལྟེ་བ་རྒྱལ་ཁབ་དང་མི་རིགས་སོ་སོར་ཡོད་པའི་སྲོལ་རྒྱུན་གྱི་སྨན་ལུགས་མི་འདྲ་བའི་རིགས་ཏེ་ཕན་ཚུན་བགྲོ་གླེང་གོ་བསྡུར་བྱས་ཏེ་ཤེས་བྱ་སྤེལ་རྒྱུ་དང་། སྲོལ་རྒྱུན་གྱི་སྨན་ལུགས་དེ་རྒྱལ་སྤྱིའི་ཁྲིམས་ཀྱིས་ངོས་ལེན་བྱེད་སྟངས་ལ་དཀའ་ངལ་འཕྲད་བཞིན་པའི་གནད་དོན་སེལ་ཐབས་ཀྱི་སྐོར་ལ་བགྲོ་གླེང་དང་གོ་བསྡུར་གནང་བ་རེད་ལ། དེ་བོད་ལུགས་ཙམ་མ་ཡིན་པར་རྒྱལ་སྤྱིའི་ནང་གི་རྒྱ་ནག་དང་རྒྱ་གར་སོགས་རང་གི་རྒྱལ་ཁབ་ལས་གཞན་པའི་ཡུལ་གྲུ་མང་པོ་ཞིག་ནང་ལག་ལེན་དང་བེད་སྤྱོད་བྱེད་པར་དཀའ་ངལ་འདི་འཕྲད་ཀྱིན་ཡོད་སྟབས། དེ་དག་ཁྲིམས་མཐུན་གྱི་སྒོ་ནས་ལག་ལེན་བྱ་རྒྱུ་དང་རྒྱལ་སྤྱིའི་ཁྲིམས་ཀྱི་ངོས་ལེན་བྱེད་སྟངས་སོགས་ཀྱི་ཐད་ལ་བགྲོ་གླེང་བྱས་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ཐེངས་འདིའི་ཚོགས་འདུའི་བགྲོ་གླེང་གི་རྣམ་པ་དང་བོད་ནང་ནས་ཕེབས་པའི་གསོ་བ་རིག་པའི་གནད་ཡོད་མི་སྣ་དང་མཉམ་དུ་བགྲོ་གླེང་གོ་བསྡུར་གནང་བའི་ཐད་བརྗོད་དོན། ཐེངས་འདིའི་ཚོགས་འདུའི་སྟེང་འཛམ་བུ་གླིང་དང་ཨེ་ཤ་ཡའི་ནང་གི་རྒྱ་ནག་དང་རྒྱ་གར་གྱི་སྨན་ལུགས། བོད་ལུགས་བཅས་ཡོངས་གྲགས་ཀྱིས་ངོས་ལེན་གནང་ཡོད་མཁན་དང་། དེ་མིན་ཉི་ཧོང་དང་ཀོ་རི་ཡའི་སྨན་ལུགས། ཐའེ་ལན་ཌིའི་སྨན་ལུགས། ཁ་ཆེའི་སྨན་ལུགས། བལ་ཡུལ་སྨན་ལུགས་སོགས་སྨན་ལུགས་འདྲ་མིན་གྱི་མི་སྣས་བརྗོད་གཞི་འདྲ་མིན་གྱི་སྟེང་བགྲོ་གླེང་གོ་བསྡུར་གནང་ཡོད་པ་དང་། དེ་ཡང་བོད་སྐད་སྡེ་ཚན་ཚོགས་ཆུང་གཅིག་དང་དབྱིན་ཇིའི་སྡེ་ཚན་གྱི་ཚོགས་ཆུང་གསུམ་སོགས་ཚོགས་ཆུང་བཞི་རུ་བགོས་ཏེ་སོ་སོའི་བརྗོད་གཞིའི་སྒང་བགྲོ་གླེང་གནང་བ་རེད། ཡིན་ནའང་། ང་རང་གིས་བལྟས་འོང་དུས་ཁོང་ཚོ་མང་ཆེ་བས་བོད་སྨན་གྱི་སྨན་རྩྭ་དང་ནད་ཐོག་རིག་པ། བསྔོ་སྨན་སྡེབ་སྦྱོར་དང་སྲུང་སྐྱོབ། ལོ་རྒྱུས་དང་རིག་པའི་གཞུང་ལུགས་སོགས་ཀྱི་སྐོར་ལ་ཉམས་ཞིབ་བྱས་པའི་སྐོར་སོགས་བཤད་འོང་གི་འདུག་ལ། བགྲོ་གླེང་གི་གནས་སྟངས་དང་བརྗོད་གཞི་ལ་གཞིིགས་ན་བརྒྱ་ཆའི་ ༨༠ དེ་བོད་པའི་སྨན་གྱི་སྒང་ལ་བགྲོ་གླེང་གནང་བསྡད་འདུག་པའི་ཚོར་སྣང་བྱུང་སོང་། ཅེས་དང་། དེ་བཞིན། བོད་ནང་གི་ས་ཁུལ་ཁག་བཞི་ནས་འོང་བའི་མི་སྣ་མཚོ་སྔོན་ནས་མི་ ༤ དང་ཡུན་ནན་བདེ་ཆེན་ཁུལ་ནས་མི་ ༣ ། གཞིས་ཀ་རྩེ་ནས་མི་ ༡ ། ལྷ་ས་རྒྱ་གྲམ་དམར་པོའི་སྨན་ཁང་ནས་མི་ ༡ བཅས་བོད་ནང་གི་གསོ་རིག་གནད་ཡོད་མི་སྣ་ཁག་ཅིག་ཕེབས་འདུག  ཁོང་ཚོའི་ཁྲོད་ཀྱི་མི་སྣ་མང་ཆེ་བ་བོད་ནང་སྨན་གྱི་ཐོག་ལ་ལག་ལེན་བྱེད་ཀྱིན་པའི་མི་སྣ་རྐྱང་རེད། བགྲོ་གླེང་སྐབས་ཁོང་ཚོས་བོད་ནང་གི་བོད་སྨན་གྱི་སྐོར་ལ་འཕྲད་བཞིན་པའི་དཀའ་ངལ་གྱི་ཐད་ནས་གསུངས་སོང་ལ། ང་ཚོའི་བར་ལའང་མཛད་རིམ་གཞིར་བཞག་ཐོག་བཀའ་མོལ་གནང་རྒྱུའི་གོ་སྐབས་ཡག་པོ་བྱུང་སོང་ལ། དེ་ནི་བོད་སྐད་སྡེ་ཚན་གྱི་ཆུ་ཚོད་ཕྱེད་ཀའི་རིང་གི་གོ་སྐབས་ཁྲོད་ང་ཚོ་ཕན་ཚུན་གྱིས་སྤ་གསང་ཅི་ཡང་མེད་པའི་ཐོག་ནས་བོད་ཕྱི་ནང་གཉིས་ཀྱིས་མ་འོངས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་འདི་ཉིད་ཇི་ལྟར་མི་ཉམས་རྒྱུད་འཛིན་དང་འཛིན་སྐྱོང་སྤེལ་གསུམ་བྱ་བའི་ཕྱོགས་ལ་ཕན་ཚུན་གྱི་བསམ་ཚུལ་བརྗེ་རེས་བྱས་པ་ཡིན།  ང་རང་ལ་མཚོན་ན་དེ་ནི་ཧ་ཅང་གི་རྩ་ཆེན་པོ་དང་དོན་སྙིང་ལྡན་པ་ཞིག་ཏུ་ངོས་འཛིན་བྱས་ཡོད། གང་ཡིན་ཅེ་ན། ང་ཚོས་ཐེངས་འདིར་གླེང་བ་དེ་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཞིག་མིན་པར་མི་རིགས་འདིའི་རིག་གཞུང་ཞིག་གི་སྲུང་སྐྱོབ་ཀྱི་སྐོར་གླེང་ཡོད་པ་དང་། རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ང་ཚོ་བོད་པ་གཅིག་པུ་མ་ཡིན་པར་འཛམ་གླིང་གི་མི་རིགས་ཡོངས་ཀྱི་གཅེར་ནོར་ཞིག་ཏུ་བརྩི་བཞིན་ཡོད་སྟབས། ང་ཚོའི་གསོ་བ་རིག་པའི་གཞུང་ལུགས་ལ་གཅེས་འཛིན་བྱ་རྒྱུའི་འགན་དེ་དམིགས་བསལ་ང་ཚོ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ལ་ཡོད་བསྡད་པ་ཞིག་དང་། ལྷག་པར་གསོ་བ་རིག་པའི་ཐོག་ལ་ལག་ལེན་བྱེད་ཀྱིན་པའི་སྨན་པ་ཚོར་དམིགས་བསལ་གྱིས་འགན་ཡོད་པ་ཞིག་ཡིན་སྟབས། ང་ཚོས་་དེ་ལྟ་བུའི་ཀུན་སློང་དང་ལྷག་བསམ་ཞིག་གི་སྟེང་གུ་ཡངས་པོའི་ཐོག་བགྲོ་གླེང་གོ་བསྡུར་གནང་ཐུབ་བྱུང་ལ། དམིགས་བསལ་གྱིས་བོད་ནང་སྡོད་མཁན་ཚོས་བོད་རང་གི་སྲོལ་རྒྱུན་གྱི་སྨན་ལུགས་དེ་ཉིད་མི་ཉམས་པ་དང་ངོ་བོ་མ་བརླགས་པའི་ཐོག་ནས་རྒྱ་ལུགས་སྨན་གྱི་ཁྱད་ཆོས་དང་ནུས་པ་གང་ཡོད་པ་དེ་བསྡུ་ལེན་བྱས་ཏེ་ཡར་རྒྱས་གཏོང་རྒྱུ་དང་། ང་ཚོའི་ཕྱོགས་ནས་ཀྱང་རྒྱ་གར་གྱི་སྲོལ་རྒྱུན་སྨན་རིགས་གཙོས་པའི་ཕྱི་གླིང་ཁྱད་ཆོས་ཉམས་ལེན་དང་བསྡུ་ལེན་བྱ་རྒྱུ་སོགས་ཕྱོགས་གཉིས་ནས་བོད་ཀྱི་གསོ་རིག་གཞུང་ལུགས་དེ་ཕན་ཚུན་ཐུན་མོང་གིས་ཚགས་ཚུད་དུ་གཏོང་རྒྱུ་དང་། མ་འོངས་ཕྱོགས་གཉིས་ཀྱིས་ཉམས་ཞིབ་བྱས་ཡོད་པའི་གྲུབ་འབྲས་སོགས་སྤེལ་རེས་བྱ་རྒྱུ་སོགས་ཀྱི་ཐད་ལ་བགྲོ་གླེང་དང་གོ་བསྡུར་ཡག་པོ་བྱུང་སོང་ལ། དེ་བཞིན་མ་འོངས་པར་འདི་ལྟ་བུའི་ཚོགས་འདུའི་གོ་སྐབས་མི་མཐུད་བྱུང་བ་ཡིན་ན་རིག་གཞུང་རང་གི་ཐོག་ནས་བགྲོ་གླེང་གོ་བསྡུར་གནང་རྒྱུའི་སྐོར་ལ་དུས་ཡུན་ཐུང་ངུ་ཞིག་གི་ནང་བགྲོ་གླེང་དང་བསམ་བློ་བརྗེ་རེས་ཡག་པོ་ཞིག་བྱུང་སོང་། ཅེས་བརྗོད་བྱུང། 

མཐའ་མར་། ཁོང་ལ་ཐེངས་འདིའི་ཚོགས་འདུའི་སྟེང་བོད་ཀྱི་གསོ་བ་རིག་པའི་སྒང་ལ་གླེང་སློང་ཤུགས་ཆེར་བྱས་པ་མ་ཟད། བོད་ཕྱི་ནང་གཉིས་ཀྱི་མི་སྣ་མང་པོ་ཞིག་ལྷན་འཛོམས་བྱུང་ཡོད་པར་རྒྱ་གཞུང་གིས་བཀག་འགོག་གི་གནས་ཚུལ་བྱུང་ཡོད་མེད་དྲིས་པར། ཁོང་གིས།  ཐེངས་འདིའི་ཚོགས་འདུ་དེ་ ༢༠༠༧ ལོ་ནས་བཟུང་གྲ་སྒྲིག་གནང་ཡོད་འདུག་ལ། སྐབས་དེར་རྒྱ་གཞུང་གིས་བཀག་འགོག་གི་བརྡ་ལན་སྤྲད་ཡོད་འདུག ཡིན་ནའང་། ཐེངས་འདིའི་ཚོགས་འདུ་ཚོགས་ཡུལ་དེ་འབྲུག་ཡུལ་བདམས་ཡོད་ཀྱང་འབྲུག་གཞུང་ལ་ཐད་ཀར་འབྲེལ་བ་མེད་སྟབས། འབྲུག་གཞུང་ལ་ཆབ་སྲིད་ཀྱི་བཀག་རྒྱ་ཨེ་ཡོད་བསམ་པ་དྲན་གྱིན་འདུག་ལ།  འདི་ཐད་ཀར་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་ཞིག་ཆགས་ཡོད་དུས་འདི་ལ་བཀག་རྒྱའི་གནས་ཚུལ་བྱུང་ཡོད་པ་གོ་མ་བྱུང་། ཡིན་ནའང་། རྒྱ་ནག་གཞུང་ཕྱོགས་ནས་ཐེངས་འདིར་བོད་ནས་ཕེབས་འདོད་ཡོད་པའི་མི་སྣ་ཁག་ཅིག་ལ་ཆོག་མཆན་མ་སྤྲད་པ་རེད། ཅེས་པའི་གནས་ཚུལ་ཞིག་གོ་རྒྱུ་འདུག་ཟེར།

རྒྱལ་སྤྱིའི་ཨེ་ཤ་ཡའི་གསོ་རིགས་ཚོགས་འདུ་སྐབས་རྗེས་མ་དེ་ ༢༠༡༠ ལོ་ལྷོ་ཀོ་རི་ཡའི་ནང་འཚོགས་གཏན་འཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 12

  1. ཨ་རུ་ར། says:
    ལོ་ 17 སྔོན།

    སྨན་རྩིས་ཁང་གི་ངེས་སྟོན་ལགས་སུ། ཁྱེད་ཀྱིས་གསུངས་གསལ་དུ།
    ༼སྲོལ་རྒྱུན་གྱི་སྨན་ལུགས་དེ་རྒྱལ་སྤྱིའི་ཁྲིམས་ཀྱིས་ངོས་ལེན་བྱེད་སྟངས་ལ་དཀའ་ངལ་འཕྲད་བཞིན་པའི་གནད་དོན་སེལ་ཐབས་ཀྱི་སྐོར་ལ་བགྲོ་གླེང་དང་གོ་བསྡུར་གནང་བ་རེད་ལ། དེ་བོད་ལུགས་ཙམ་མ་ཡིན་པར་རྒྱལ་སྤྱིའི་ནང་གི་རྒྱ་ནག་དང་རྒྱ་གར་སོགས་རང་གི་རྒྱལ་ཁབ་ལས་གཞན་པའི་ཡུལ་གྲུ་མང་པོ་ཞིག་ནང་ལག་ལེན་དང་བེད་སྤྱོད་བྱེད་པར་དཀའ་ངལ་འདི་འཕྲད་ཀྱིན་ཡོད་སྟབས། དེ་དག་ཁྲིམས་མཐུན་གྱི་སྒོ་ནས་ལག་ལེན་བྱ་རྒྱུ་དང་རྒྱལ་སྤྱིའི་ཁྲིམས་ཀྱི་ངོས་ལེན་བྱེད་སྟངས་སོགས་ཀྱི་ཐད་ལ་བགྲོ་གླེང་བྱས་པ་རེད།༽ཅེས་གསལ་ན།
    མཐའ་དོན་སྤྱི་མོས་ཐག་ཆོད་གང་བྱུང་བ་དང་། ཁ་ཡོད་ལག་ཡོད་སྲོལ་རྒྱུན་སྨན་ལུགས་ལ་ཕན་འབྲས་ཅི་བྱུང་གསལ་བཤད་ཐུང་ཙམ་ཡོང་བའི་རེ་འབོད་ཞུ།

    Reply
  2. ཨ་རུ་ར། says:
    ལོ་ 17 སྔོན།

    རྒྱུད་བཞིའི་མྱུ་གུ་ལགས། རང་སྐྱོན་རི་འདྲ་བོ་མི་མཐོང་བ། གཞན་སྐྱོན་ཤིག་འདྲ་ཞིག་བཙལ། ཞེས་པའི་དཔེ་ལས་མ་འདས་སོ།།

    Reply
  3. arura says:
    ལོ་ 17 སྔོན།

    རྒྱུད་བཞིའི་མྱུ་གུ་ལགས། ལ་རྒྱ་ཆེ་ལ། ཡིག་ནོར་ཡང་མང་།

    Reply
  4. རྒྱུད་བཞིའི་མྱུ་གུ། says:
    ལོ་ 17 སྔོན།

    དེ་འདྲའི་ནང་འགལ་གྱི་རྣམ་པ་ནིཕྱོགས་ཅིག་གི་ཡར་རྒྱས་ཀྱི་འབྲས་བུ་ལས་གཞན་མ་འཆིས་ང་ཚོའི་མི་དམངས་ནི་ཀླད་པ་ཀླ་པོ་རེད་ལ་ཤེས་ཡོན་ཡང་དེ་ཙམ་མེད་་རྒྱུ་ཚན་་དེས་དོ་སྣང་བྱེད་བཞིན་མེད་་་་དེ་བཞིན་་གཞོན་བསྐྱེད་ཕལ་ཆེ་བས་བོད་སྨན་ལ་དེ་ཙམ་དོ་སྣང་བྱེད་བཞིན་མེད་་་་་་་་་་་་གཟིགས་དང་གཞོན་བསྐྱེད་ནང་བོད་ཡིག་རང་བསྐྱ་འཕེལ་བ་ཤིན་ཏུ་ཉུང་བ་རྒྱུ་་ཚན་ཅི།།།།།།།།།

    Reply
  5. དམུ་དགེ་རབ་དགའ། says:
    ལོ་ 17 སྔོན།

    བོད་ཀྱི་གསོ་བ་རིག་པ་ཨེ་ཤ་ཡའི་ནང་དོ་སྣང་ཆེ་ཙམ་ཡོང་གིན་འདུག་ཅེས་སྨན་རྩིས་དབུ་འཛིན་མཆོག་གིས་འགྲེལ་གནང་ཕྱོགས་དང་བོད་མི་རང་གིས་བོད་ཀྱི་གསོ་བ་རིག་པར་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པ་གཉིས་ལ་ནང་འགལ་ཕྲན་བུ་ཞིག་ཀྱང་དེ་དང་ལྷན་དུ་ཡོང་གི་འདུག

    Reply
  6. བེ་སིའི་བུ། says:
    ལོ་ 17 སྔོན།

    ད་དུང་བོད་སྨན་གྱི་དགེ་མཚན་འགའ་ཞུས་ན། གཅིག་ཕན་གཞན་གནོད་མེད་པ། རིན་གོང་ཆུང་བ། སྦྱོར་དུས་ཁོར་ཡུག་དང་ཚེ་སྲོག་ལ་གཏོར་བཅོམ་མི་གཏོང་བ།

    Reply
  7. བེ་སིའི་བུ། says:
    ལོ་ 17 སྔོན།

    ཨེ་ཤ་ཡ་འདི་སྲོལ་རྒྱུན་གྱི་རིག་གཞུང་འཐུས་ཚང་ལྡན་པའི་གླིང་ཕྲན་ཞིག་ཏུ་ད་ལྟ་དངོས་ཡོད་ཁས་ལེན་བྱེད་མུས་རེད། མ་ཟད་བོད་པ་ཚང་ལའང་སྲོལ་རྒྱུན་ཞེས་གླེང་དུས་མགོ་མཐོ་མཐོ་བྱེད་ཆོག་པ་ཞིག་ཆགས་ཡོད། དེས་ན་གཅིག་དེ་བོད་སྨན་འདི་ཆགས་ཡོད་པས་འདི་ནི་བོད་ཀྱི་གཞོན་སྐྱེས་རྣམས་ལ་ངོ་སྤྲོད་བྱེད་བདེའི་འཚོགས་འདུ་ཞིག་ཡིན་པར་མཐོང་།

    Reply
  8. ཆོས་འཕེལ་བློ་བཟང་། says:
    ལོ་ 17 སྔོན།

    བཀུར་འོས་དུས་བབས་གསར་ཁང་གིས་བོད་ལུགས་གསོ་རིག་དང་མི་མང་དཀྱུས་མའི་བར་འབྲེལ་མཐུད་པ་ནུས་ལྡན་ཞིག་ཡོང་རྒྱུའི་ཐད་བློ་རིག་ཡོད་དགུ་རྩལ་སྤྲུག་གནང་རོགས། མ་ཟད་ཟིན་བྲིས་པ་ཚོའི་བགྲོ་གླེང་གི་ཁ་ཕྱོགས་ལ་ཅུང་ཐུགས་སྣང་གིས་འབོད་སྐུལ་དང་ལམ་སྟོན་རེ་གནང་རྒྱུ་ཡང་དུས་ཀྱི་དགོས་མཁོ་དང་འཚམས་པོ་ཆགས་ཡོད་སྙམ།

    Reply
  9. རྒྱུད་བཞིའི་མྱུ་གུ། says:
    ལོ་ 17 སྔོན།

    སྤྱིར་བོད་ཀྱི་གསོ་རིག་གཞུང་ནི་ཆེས་ཕན་ནུས་ཆེ་བ་ཡོད་ཀྱང་དུས་རབས་བཅུ་དགུའི་མཇུག་དང་ཉི་ཤུའི་བསྟོད་ཀྱི་བོད་ཀྱི་སྨན་པ་ཕལ་ཆེ་བས་འགན་དེ་ཙམ་མ་འཁྱེར་བ་དང་དེ་བཞིན་སྨན་རྩིས་ཁང་ནས་ཡང་ཉི་མ་གང་སོང་བྱས་པའི་ཉེར་ལེན་ད་དུང་ཁ་ནས་བཤད་ཀྱང་དང་ལག་ལེན་མ་ཐུབ་ཚེ་འཛྷམ་གླིང་ནང་དེབ་བསྐྱེལ་ཐུབ་ཀྱང་ཕན་་ནུས་ཅི་ལགས།།།།།།།།།།།།།།།།།།།།།།།།།།

    Reply
  10. བོད་ལ་དགའ་བའི་བུ་།། says:
    ལོ་ 17 སྔོན།

    བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཆེན་མོ་རྒྱུད་བཞི་ལ་གཟིགས་དང་

    སྨན་བླ་གཡུ་ཐོག་པ་མཆོག་གི་ངོ་མཚར་གྱི་མཛད་རྗེས་

    སྲོལ་བཟང་འདི་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་བོད་ཀྱི་སྨན་པ་ཚོའི་ཕྲག་ཐོག་གི་འོས་

    འགན་

    Reply
  11. བསེ་རུ། says:
    ལོ་ 17 སྔོན།

    ཐུབ་ཀྱི་རེད། ཐུབ་ཀི་རེད།
    གཉིས་ནི་རང་ཚུགས་མི་བརྟན་པའི་རྩོད་གཞི་ཞིག་ཡིན་སྟབས།
    ཀློག་པ་པོ་ཚོས་ཤེས་དགོས་པའི་དོན་ཆུང་ཞིག་རེད།

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཧ་ཅང་བཟང་གི རང་རང་ས་ནས་ཤུགས་རྒྱག་དགོས་པ་རེད། འདི་ལྟར་བྱས་ན་གཟོད་ང་ཚོས་བྱས་རྗེས་ཆེན་པོ་འཇོག་ཐུབ་ཀི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese