མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་རང་བུད་མེད་རྒྱབ་སྐྱོར་རིང་ལུཌ་པ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་དགྱེས་འཛུམ་ཞིག་སྟོན་བཞིན། ངོས་ནས་རང་ཉིད་བུད་མེད་རྒྱབ་སྐྱོར་རིང་ལུགས་པ་ཞིག་ཡིན་ལབ་གིན་ཡོད། འདི་ནི་ཁྱེད་རང་ཚོས་བརྗོད་བཞིན་པའི་བུད་མེད་ཀྱི་ཐོབ་ཐང་བརྩོད་ལེན་པ་ཟེར་བ་དེ་མ་རེད་དམ། འདི་ནི་ཁོང་གིས་ཕྱི་ཚེས་ ༢༣ ཉིན་རང་དབང་གི་གཟེངས་རྟགས་དེ་བཞེས་སྐབས་ཀྱི་གསུང་ཚིག་ཅིག་རེད།

ནུབ་ཕྱོགས་ཀྱི་གསར་འགོད་པ་ཚོས་བཤད་དོན། ༧གོང་ས་མཆོག་གི་གསུང་འཕྲིན་ནི་ག་དུས་ཡིན་ནའང་བྱམས་སྙིང་རྗེ་དང་འཆམ་མཐུན། སེམས་བཟང་པོ། ནང་སེམས་ཀྱི་ཞི་བདེ། དམངས་ཀྱི་ཐོབ་ཐང་བཅས་ཀྱི་སྐོར་ཞིག་ཡིན། ཐེངས་འདིར་ཁོང་གིས་རང་དབང་གི་གཟེངས་རྟགས་དེ་བཞེས་སྐབས་བུད་མེད་ཀྱི་གནད་དོན་སྐོར་ལ་གསུངས་དོན། བུད་མེད་ནི་སོ་སོའི་ཁམས་དང་སྐྱེད་ནུས། བུ་ཕྲུག་བཙའ་ཐུབ་པ་བཅས་ཀྱི་སྒོ་ནས་རང་བཞིན་གྱིས་བྱམས་སྙིང་རྗེ་ཆེ་བ་ཡོད་པ་རེད། དེར་བརྟེན་བུད་མེད་ཚང་མས་ཞི་བདེ་ཡི་འཛམ་གླིང་ཞིག་འཛུགས་སྐྲུན་བྱ་བར་སྣེ་འཁྲིད་དགོས་པ་རེད། ཅེས་ཁོང་གིས་ཨ་མ་རྣམས་དང་ནད་གཡོག་མ་རྣམས་དཔེ་མཚོན་དུ་བཀོད་ནས་གསུངས། དེ་བཞིན་ཁོང་གིས། ཡག་ཕྱོགས་ནས་བཤད་ན། དེང་སྐབས་བུད་མེད་རྒྱབ་སྐྱོར་རིང་ལུགས་པའི་ཚོགས་པ་ཁག་ཡོད་ལ། དེ་དག་གིས་བུད་མེད་ཀྱི་སྐྱེས་ཁམས་ཕྱོགས་ནས་ལངས་ཏེ་ཁོང་ཚོར་ལས་ཀའི་སྟེང་ནས་ཁྱད་གསོད་བྱེད་བཞིན་པ་དག་ལ་ངོ་རྒོལ་བྱ་ཐུབ་ཡོད་པ་རེད། ཅེས་གསུངས་པ་དང་སྦྲགས་ཁོང་གིས་སྐུ་རྩེད་དང་བཅས་བསྟན་དོན། བུད་མེད་རྒྱབ་སྐྱོར་རིང་ལུགས་པ་ཁག་ཅིག་ལ་སེམས་ཚོར་ཆེ་དྲག་པའི་བཟོ་འདུག དེའི་རིགས་ལ་ངོས་རང་དགའ་བོ་མེད་ཅེས་ཀྱང་གསུངས་ཡོད་པ་རེད།

རང་དབང་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་གུང་གསོལ་ཚིགས་ཀྱི་རྗེས་སུ་༧གོང་ས་མཆོག་གིས་ཁན་ནོན་ལྟེ་གནས་ཁང་དུ་མང་ཚོགས་ལ་ཞི་བདེ་དང་འཆམ་མཐུན་ཡར་རྒྱས་གཏོང་ཕྱོགས་ལ་གསུང་བཤད་གནང་ཡོད་པ་རེད།

ཉིན་དེར་༧གོང་ས་མཆོག་གིས་གསུངས་དོན། ཁྱེད་རང་ཚོའི་མང་པོ་ཞིག་གིས་ངོས་ནས་ཡ་མཚན་པོ་ཞིག་བཤད་གི་རེད་བསམ་ནས་ཡོང་བ་རེད། མང་པོ་ཞིག་གིས་ངོས་ལ་རྫུ་འཕྲུལ་རིགས་ཤིག་ཡོད་པའམ། ཡང་ན། ནད་པ་དྲག་སྐྱེད་ཡོང་འཇུག་པའི་ནུས་པ་ཡོད་པ་རེད་བསམ་ཡོད་ཀྱི་རེད། ཡང་ཁག་ཅིག་གིས་ངོས་ནས་གཏམ་བཤད་གལ་ཆེན་པོ་ཞིག་སྤེལ་གི་རེད་བསམ་ནས་ཡོང་ཡོད་རྒྱུ་རེད། ངོས་ལ་ཅི་ཡང་བཤད་རྒྱུ་མེད་ཅེས་བཞད་མོ་དང་བཅས་གསུངས་ལ། ཁོང་གིས་ན་ཚ་དྲག་སྐྱེད་ཀྱི་ནུས་པ་ཁོང་ལ་མེད་པའི་སྐོར་ནས་གསུངས་དོན། ལོ་སྔོན་མར་ངོས་ཀྱི་མཁྲིས་རྡོ་གཤེགས་བཅོས་བྱས་ནས་བླངས་པ་རེད། འདི་ནི་ངོས་ལ་ན་ཚ་དྲག་སྐྱེད་ཀྱི་ནུས་པ་མེད་པའི་ཁུངས་སྐྱེལ་རེད་ཅེས་ཀྱང་གསུངས་འདུག

ཆོས་ལུགས་ཀྱི་ཕྱོགས་ནས་གསུངས་དོན། ཁྱོད་རང་ཚོ་ཆོས་ལུགས་འདི་ལ་དད་ནའང་རེད། གཞན་པ་ཞིག་ལ་དད་ནའང་རེད། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་པ་རེད་ཅེས་དང་། ང་རང་ཚོ་ཚང་མས་མཉམ་དུ་ལས་ཀ་ལས་དགོས་པ་རེད། ང་རང་ཚོས་སའི་གོ་ལ་འདི་སྲུང་སྐྱོབ་བྱ་དགོས་པ་རེད། དངངས་སྐྲག་དང་མཉམ་དུ་འཆམ་མཐུན་ཡོང་ཐབས་ཡོད་པ་མ་རེད། ང་རང་ཚོར་ཡིད་ཆེས་དགོས་པ་རེད། ཡིད་ཆེས་ནི་བྱམས་སྙིང་རྗེ་ཡི་རྩ་བ་རེད། ཡིད་ཆེས་མེད་པ་དེས་དངངས་སྐྲག་འཁྱེར་ཡོང་གི་རེད། དངངས་སྐྲག་གིས་དྲག་སྤྱོད་འཁྱེར་ཡོང་གི་རེད། དངངས་སྐྲག་གིས་ཁེར་རྐྱང་དང་སེམས་སྡུག་འཁྱེར་ཡོང་གི་རེད། ང་རང་ཚོ་ཚང་མ་ཡོང་ས་གཅིག་པ་རེད། ང་རང་ཚོ་ཚང་མ་གཅེན་པོ་དང་གཅུང་མོ་རེད། ཅེས་གསུངས་ཡོད་པ་རེད།

མི་ཞིག་གིས་༧གོང་ས་མཆོག་ལ། རྒྱ་ནག་དང་བཙན་བྱོལ་བོད་གཞུང་གཉིས་ཞི་བདེའི་འདུམ་འགྲིག་ཅིག་ལ་བསླེབ་རྒྱུ་ཡོད་མེད་སྐོར་བཀའ་འདྲི་གནང་སྐབས་ཁོང་གིས་གསུངས་དོན། རྒྱ་མི་རིགས་དང་བོད་མི་རིགས་གང་ཡིན་ཡང་། ང་རང་ཚོ་འགྲོ་བ་མི་ཡིན་པ་གཅིག་པ་རེད། ང་ཚོས་རྒྱ་མི་རིགས་ལ་བཟུང་བའི་ཡིད་ཆེས་ལ་འགྱུར་བ་འགྲོ་མྱོང་མེད། ང་རང་ཚོར་སྔར་ལས་ལྷག་པའི་བཟོད་སྒོམ་དགོས་པ་རེད། སེམས་ཐག་ཆོད་པོ་དགོས་པ་རེད། བོད་ནང་གི་བོད་རིགས་གཞོན་སྐྱེས་ཚོའི་སེམས་ཤུགས་བརྟན་པོ་རེད། དཀའ་རྙོག་ཡོང་ས་དེ་རྒྱ་ནག་གཞུང་གི་དམ་དྲག་དང་འཁྱོག་བཤད་རེད་ཅེས་གསུངས་ཡོད་པ་རེད།

༧གོང་ས་མཆོག་གིས་རྒྱལ་སྤྱིའི་རང་དབང་གི་གཟེངས་རྟགས་དེ་བཞེས་ས་ནི་མི་རིགས་ནག་པོའི་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་སྐྱེས་ཆེན་དམ་པ་མར་ཊིན་ལུ་ཐར་ཁིན་བགྲོངས་ས་དེ་ཡིན་ལ། ༧གོང་ས་མཆོག་གིས་ཉིན་དེར་ཁོང་ལ་མྱ་ངན་གུས་འདུད་དང་སྨོན་ལམ་བཏབས་རྗེས། མར་ཊིན་ལུ་ཐར་ཁིན་བགྲོངས་ས་ནི་གནས་འདི་ཡིན་སྟབས་སེམས་སྐྱོ་བ་ཞིག་རེད་དེ། ཕྱོགས་གཞན་ནས་བསམ་ན་སེམས་ཤུགས་འཕར་དགོས་པ་ཞིག་ཀྱང་རེད་ཅེས་དང་། ལོ་རྒྱུས་ཀྱི་དོན་རྐྱེན་འདིས་ང་ཚོར་ཅི་ཙམ་གྱི་དཀའ་ཁག་དང་འགོག་རྐྱེན་ཡོད་རུང་། དྲང་བདེན་དང་འདྲ་མཉམ། ཁྱད་གསོད་བཅས་ཀྱི་ཕྱོགས་ལ་འཐབ་རྩོད་བྱས་ན་བདེན་པའི་མཐའ་གསལ་རྒྱུ་ཡོད་པའི་ཡིད་ཆེས་བསྐྲུན་པ་རེད་ཅེས་གསུངས་འདུག

མཆན། གོང་གསལ་བརྙན་པར་ནི་མེམ་ཧྥེ་སི་གྲོང་ཁྱེར་སྤྱི་ཁྱབ་པས་གོང་ས་མཆོག་ལ་ཕེབས་བསུ་གནང་བའི་སྐོར་ཡིན་ལ། གསར་འགྱུར་འདི་ནི་རོལ་དབྱངས་ཆེད་ལས་པ་བུད་མེད་ ཊ་མ་ར་ ཁོན་ནེ་ཧྥུ་ཡི་གསར་འགྱུར་དང་ཨེ་པེ་གསར་ཁང་གི་གསར་འགྱུར་གཉིས་བསྲེས་ནས་ཚུར་བསྒྱུར་བ་ཡིན།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 8

  1. ཚྭ་སྒང་ཕོ་ཉ། says:
    ལོ་ 17 སྔོན།

    དྲ་གྲོགས་ཤེལ་དཀར་བློ་བཟང་ལགས་ལ་ཞུ་རྒྱུར་ཁྱེད་ཀྱིས་
    ༧གོང་ས་མཆོག་ལ་མངོན་འདོད་ཀྱི་དད་པ་སྐྱེ་བ་དེར་ཁྱེད་ཀྱི་ཐུགས་བསམ་ག་འདྲ་ཞིག་གཏང་གནང་གི་ཡོད་དམ།
    སྤྱིར་མངོན་འདོད་ཀྱི་དད་པ་ཟེར་དུས་དད་ཡུལ་དེ་རང་ཉིད་ཀྱི་མངོན་དུ་བྱེད་འདོད་ཀྱི་དད་པ་ཞིག་ལ་གོ་དགོས་ན། ༧གོང་ས་མཆོག་ཁྱེད་ཀྱིས་མངོན་དུ་བྱེད་རྒྱུ་མེད་པས་མངོན་འདོད་ཀྱི་དད་པ་ཞིག་ཡོང་ཡ་ཡོད་དམ།

    Reply
  2. ཚྭ་སྒང་ཕོ་ཉ། says:
    ལོ་ 17 སྔོན།

    བོད་མི་ཡོངས་ཀྱི་ཁོག་པའི་སྙིང་དང་སྤྲ་བའི་མིག། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་
    མ་ནོར་ལམ་བཟང་སྟོན་པའི་སྟོན་པ་སྟེ་༧གོང་ས་སྐྱབས་མགོན་ཆེན་པོས་རང་དབང་གཟིངས་རྟགས་བཞེས་པ་གུས་པ་བོད་པ་ཞིག་དང་། ནང་པ་ཞིག་དང་། དྲང་བདེན་ལ་དགའ་བའི་མི་ཞིག་དང་། བདེ་བ་འདོད་པའི་སྲོག་ལྡན་ཞིག་ཡིན་པས་ཆ་ནས་བཀྲིས་བདེ་ལེགས་གྲངས་མེད་ཞུ། དེ་དང་ཆབ་གཅིག་མགོན་པོ་གང་ཉིད་སྐུ་ཚེ་སྐབས་བརྒྱ་བརྟེན་ཅིང་མཛད་འཕྲིན་ལུས་བཅན་ཀུན་ལ་ཁྱབ་པའི་སྨོན་འདུན་དང་བཅས་ཏེ་ཕུལ།

    Reply
  3. མདའ་ཚན་ཚེ་རིང་། says:
    ལོ་ 17 སྔོན།

    ༧གོང་ས་ཡིད་བཞིན་ནོར་བུའི་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག

    Reply
  4. གསེར་རྟ་ཆོས་དབྱིངས། says:
    ལོ་ 17 སྔོན།

    ༧ གོང་ས་ཐམས་ཅད་མཁྱེན་པ་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག

    Reply
  5. མར་མེ says:
    ལོ་ 17 སྔོན།

    ཆོལ་གསུམ་བོད་མི་གཙོས་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་ཀྱི་རྩ་བ་སྐྲུན་མཁན་དང་མ་རིག་མུན་སེལ་གྱི་ཆོས་ཀྱི་ཉི་མ་གཞོན་ནུ་ནི་༸གོང་ས་མཆོག་ཁོ་ནར་ངེས་ན་ཁོང་གི་སྐུ་ལ་གནོད་འཚེ་བྱེད་འདོད་ཀྱི་སེམས་ངན་འཆིང་མཁན་དེ་དག་ནི་ཚེ་རབས་ཕྲེང་བར་སྡུག་བསྔལ་གྱི་མན་ནག་ནང་འཚོ་དགོས་པར་གདོན་མི་ཟའོ།
    ༸གོང་ས་མཆོག་གིས་རང་དབང་གི་གཟེངས་རྟགས་བཞེས་པར་སྙིང་ཁོང་རུས་པའི་གཏིང་ནས་འཚམས་འདྲའི་གུས་ཕྱག་དང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་བ་སྙིང་ནས་འདེབས་སོ༎

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    ༸མགོན་པོ་མཆོག་ལ་མངོན་འདོད་ཀྱི་དད་པའི་སྒོ་ནས་གུས་ཕྱག་དང་བཅས། བཀྲ་ཤིས་པའི་བདེ་ལེགས་ཞུ།

    Reply
  7. རང་རྟོན། says:
    ལོ་ 17 སྔོན།

    འུ་ཚང་གི་སྤྱི་ཚོགས་སུ་བུད་མེད་ཚོར་མཐོང་ཆུང་དང་གཉའ་གནོན་བྱེད་བཞིན་པ་འདིས་བོད་མི་རིགས་ཡར་རྒྱས་དང་གཅིག་སྒྲིལ་གྱི་ནུས་ཤུགས་འདོན་པར་བཀག་འགོག་ཤུགས་ཆེན་ཐེབས་ཡོད།འུ་ཚང་གིས་བྱ་སྤྱོད་ངན་པ་འདི་ངེས་པར་དུ་བསྒྱུར་བཅོས་བྱེད་པར་སྙིང་ནས་རེ་འདུན་བྱེད་བཞིན་ཡོད་ལགས།

    Reply
  8. རང་རྟོན། says:
    ལོ་ 17 སྔོན།

    ༧གོང་ས་མཆོག་གིས་རང་དབང་གཟེངས་རྟགས་བཞེས་པར་སྒོ་གསུམ་གྱིས་གུས་འདུད་དང་བཅས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།སྐུ་ཚེ་བརྟན་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese