མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དངོས་མྱོང་བདེན་པ་ར་སྤྲོད་ཀྱི་གློག་བརྙན།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

མགོ་ལོག་སྟོང་སྐྱབས་དགོན་པའི་གྲྭ་རིན་ཆེན་བཟང་པོ་ལགས་ཀྱི་གློག་བརྙན་དེའི་ནང་རྒན་རབས་པ་ཚོས་སྔར་རྒྱ་མི་མ་སླེབས་གོང་དུ་ཅི་བྱེད་གར་འགྲོ་རང་དབང་ཡིན་ཡང་། ད་ཆར་དད་པའི་ལྷ་ལ་ཕྱག་འཚལ་དབང་ཙམ་ཡང་མེད་སྐོར་གྱི་སྡུག་སྐད་བཤད་ཡོད་འདུག

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་། སྔར་ལོ་བོད་ནས་གསར་དུ་འབྱོར་བའི་གྲྭ་རིན་ཆེན་བཟང་པོ་ལགས་ཀྱིས་བོད་ནང་གི་བོད་མི་ཚོར་སྤྱི་ཚོགས་གསར་རྙིང་དང་། ད་ལྟའི་གནས་སྟངས། མ་འོངས་པའི་རེ་འདུན་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཏེ། ༼ དངོས་མྱོང་བདེན་པ་ར་སྤྲོད་ ༽ ཅེས་པའི་ཆུ་ཚོད་གཅིག་དང་ཕྱེད་ཙམ་ཡོད་པའི་གློག་བརྙན་ཞིག་བཟོས་ཡོད་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་ལ། དེ་དང་མཉམ་དུ་བཅར་འདྲི་ཞུ་ཡུལ་དག་གི་སྐད་ཆ་ཡིག་ཐོག་ཏུ་ཕབ་པའི་ཡིག་ཆ་དང་། དངོས་མྱོང་བདེན་པ་ར་སྤྲོད་ཀྱི་འོད་སྡེར་ཅེས་འགྲེམས་སྤེལ་བྱས་ཡོད།

སྐབས་དེར་ཕྱི་དྲིལ་ལྷག་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ངོ་སྤྲོད་གནང་དོན། དེ་རིང་འདིར་རྣམ་པ་ཚོར་གསར་འགོད་གསལ་བསྒྲགས་ཞུ་རྒྱུ་དེ་ནི། གྲྭ་རིན་ཆེན་བཟང་པོ་ལགས་ཀྱིས་རང་སྲོག་བློས་བཏང་སྟེ། སྔར་ལོ་ ༢༠༠༨ ལོར་མགོ་ལོག་ས་ཁུལ་གྱི་བོད་པ་མི་རེ་ངོ་རེ་ལ། སྔར་རྒྱ་མི་མ་ཡོང་གོང་གི་གནས་སྟངས་དང་། ད་ལྟའི་གནས་བབ་བཅས་ཀྱི་ཐད་བཅར་འདྲི་ཞུས་ཡོད་ལ། བཅར་འདྲི་དང་ལེན་གནང་མཁན་ཚོའི་ངོས་ནས་ཀྱང་། རྒྱ་གཞུང་ལ་འཇིགས་སྐྲག་མེད་པར་རང་སྲོག་བློས་གཏོང་གིས་ཁ་རུ་ཁ་ཐུག་ལ་བཀའ་མོལ་གནང་བ་དེ་དག་བརྙན་འཁོར་ནང་ཕབ་ཡོད་པ་དེ་ཐེངས་འདིར་གཟིགས་འབུལ་ཞུ་རྒྱུ་ཡིན།

རིན་ཆེན་བཟང་པོ་ལགས་ལ་ཐོག་མར་དགོངས་དག་ཞུ་རྒྱུ་ཞིག་ལ། ཁོང་རང་གི་ངོས་ནས་སྐུ་ངལ་ཞེ་དྲག་སྐྱོན་ཡོད་པ་རེད་མོད། ང་ཚོ་ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་གློག་བརྙན་འདི་སྒྲིག་སྦྱོར་བྱ་མ་ཐུབ་པར་དུས་ཚོད་རྒྱུན་རིང་འགོར་སོང་བར་དགོངས་དག་ཞུ་རྒྱུ་ཡིན། ད་ཆར་ང་ཚོས་གང་ཡོང་ཅི་ཐུབ་ཀྱིས་ཕྱོགས་སྒྲིག་ཡོངས་སུ་འགྲུབ་སྟེ། གློག་བརྙན་འདིའི་ནང་བོད་ནང་གི་བོད་མི་ཚོས་སོ་སོའི་མི་ཚེའི་མཐོང་ཐོས་དང་ཉམས་མྱོང་སྐོར་བཤད་པའི་སྐད་ཆ་དབྱིན་ཡིག་ནང་བསྒྱུར་ཡོད། ཅེས་ངོ་སྤྲོད་གནང་རྗེས་གློག་བརྙན་གཟིགས་འབུལ་ཞུས་སོང་།

གྲྭ་རིན་ཆེན་བཟང་པོ་ལགས་ཀྱིས་སྔར་ལོ་སྤྱི་ཟླ་ ༡༠ ཡས་མས་ནས་མགོ་འཛུགས་ཀྱིས་བོད་ནང་གི་ས་ཁུལ་མང་དག་ཅིག་ལ་ཕྱིན་ཏེ། གཞིས་བཞུགས་བོད་མི་ཚོར་སྤྱི་ཚོགས་གསར་རྙིང་གཉིས་ལ་ཁྱད་པར་གང་ཡོད་དང་། དེང་གི་རྒྱ་ནག་གུང་ཁྲིན་འོག་ཏུ་བདེ་སྐྱིད་ཡོད་མེད། མ་འོངས་མི་ཚེའི་རེ་འདུན་གང་ཡིན་བཅས་ཀྱི་ཐད་བཅར་འདྲི་ཞུས་ཏེ་གློབ་བརྙན་ཕབ་འདུན་ཡོད་ཀྱང་། མགོ་ལོག་ས་ཁུལ་གྱི་འབྲོག་སྡེ་ཁག་ཏུ་ཉུལ་ཏེ་འབྲོག་དམངས་རྒན་རབས་པ་སྐོར་ཅིག་ལ་བཅར་འདྲི་ཞུས་མཚམས་རྒྱ་གཞུང་གིས་ཤེས་རྟོགས་བྱུང་སྟེ། ཁོང་འཛིན་བཟུང་གི་བཀའ་རྒྱ་བཏང་ཡོད་སྟབས། ལས་དོན་གྱི་མཇུག་བསྐྱང་མ་ཐུབ་པར་ལོ་དེའི་ཟླ་ ༡༢ ནང་རྒྱ་གར་ལ་བྲོས་བྱོལ་དུ་འབྱོར་ཡོད།

གྲྭ་རིན་ཆེན་བཟང་པོ་ལགས་ཀྱིས་ཐོག་མར་མི་ ༢༡ ལ་བཅར་འདྲི་ཞུས་ཡོད་ཀྱང་། ཁོང་གིས་བརྙན་ཕབ་འཕྲུལ་ཆས་བེད་སྤྱོད་གཏོང་ཤེས་མིན་གྱིས་ ༦ འཕྲོ་བརླག་ཏུ་ཕྱིན་ཡོད་འདུག ད་ཆར་གློག་བརྙན་དེའི་ནང་མི་ ༡༥ ཡིས་སོ་སོས་དངོས་སུ་མྱངས་པའི་ལོ་རྒྱུས་དང་མཐོང་ཐོས་མྱོང་གསུམ། ད་ཆར་ཉིན་སྒུག་མཚན་སྒུག་གིས་༧རྒྱལ་བ་ཡིད་བཞིན་ནོར་བུར་མཇལ་རྒྱུར་རེ་སྒུག་བྱས་ཡོད་སྐོར་བཅས་བརྗོད་ཡོད། སྐད་ཆ་བཤད་མཁན་མི་བཅུ་གཉིས་ནི། སྐེ་རིང་སྐལ་དོན་དང་ཁེ་རུའི་ཁན་རྒྱལ། མགར་རྩེ་འབྲུག་རྒྱལ། གླིང་ནག་དོན་ཁོ། གཙང་རྒྱུད་གསོག་པ། གཙང་རྒྱུད་དབང་ལྡན། འཇམ་ཚང་དཀར་སྐྱབས། ཁེ་རུའི་དེའུ་མོ། སེར་བཟའ་ནོར་བྷོ། སྦྲ་ཆེན་མཆོག་ཁོ། རྡོ་བྷོ། ཧྲང་གོང་མའི་ཨ་མ་ནི་བཟའ། སྒྲོལ་མ་མཚོ། སྐེ་རི་ཉི་བྷོ། གླིང་བཟའ་གཡང་སྒྲོན་བཅས་རེད། ཁོང་ཚོས་བློ་སྟོབས་ཆེན་པོས་སྐད་ཆ་འདི་དག་༧གོང་ས་མཆོག་གི་སྙན་ལ་སྒྲོན་དགོས་པ་དང་། རྒྱལ་སྤྱིར་བསྒྲགས་དགོས་པའི་རེ་འདུན་ནན་གྱིས་བཏོན་འདུག

བཙན་བྱོལ་བོད་གཞུང་གི་གལ་ཆེའི་དྲིལ་བསྒྲགས་ཡིག་ཆ། ཞེས་པའི་ནང་གྲྭ་རིན་ཆེན་བཟང་པོ་ལགས་ཀྱི་ལོ་རྒྱུས་མདོ་བསྡུས་ཤིག་བཀོད་ཡོད་པའི་ནང་། གྲྭ་རིན་ཆེན་བཟང་པོ་ལགས་ནི་སྤྱི་ལོ་ ༡༩༧༠ ལོར་མགོ་ལོག་ཨ་སྐྱོང་དུ་སྐྱེས་ཤིང་། ཆུང་དུས་སྡེ་བའི་སློབ་ཆུང་ཐོན་རྗེས་ཀྱི་རང་ལོ་ ༡༤ སྟེང་། མགོ་ལོག་སྟོང་སྐྱབས་དགོན་པའི་ཆོས་སྒོར་ཞུགས་ཏེ་ ༢༠༠༨ བར་དགོན་པ་དེ་གར་བཞུགས་ཡོད། ཁོང་གིས་བོད་ཁུལ་གྱི་དཔལ་འབྱོར་རྗེས་ལུས་ཡིན་པ་དང་། རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་ལ་ཚད་འགག་འདྲ་མིན་བཟོ་བཞིན་ཡོད་པ་བཅས་ལ་གཟིགས་ཏེ། སྤྱི་ལོ་ ༡༩༩༧ ལོར་མཚོ་ལྷོ་ཁུལ་རྩི་གོར་ཐང་རྫོང་། བོང་སྟག་སྡེ་བར་སློབ་ཆུང་ཞིག་གསར་འཛུགས་གནང་ཡོད་པ་དང་། སྤྱི་ལོ་ ༢༠༠༤ ལོར་མགོ་ལོག་རྨ་ཆེན་གངས་རི་ཞང་དུ་གླིང་རུ་སློབ་གྲྭ་ཞེས་པ་གསར་རྒྱག་གནང་ཡོད།

གཞུང་གིས་བོད་མི་དམངས་ལ་མ་ཉེས་ཁ་གཡོག་དང་མགོ་སྐོར་བསླུ་བྲིད། བཅོས་མ་རྫུན་སྒྲིག་གི་བྱ་སྤྱོད་སྣ་ཚོགས་སྤེལ་ཏེ། ༧གོང་ས་མཆོག་ལ་སྐུར་འདེབས་བྱེད་དུ་འཇུག་པ་དང་། ཕྱི་ཕྱོགས་སུ་འཁྱོག་བཤད་རྫུན་སྒྲིག་གི་ཁྱབ་བསྒྲགས་སྣ་ཚོགས་བྱེད་ཀྱིན་ཡོད་པ་བཅས་ལ་ཐེར་འདོན་བྱ་ཆེད། ཐེངས་འདིར་བོད་ཁུལ་གྱི་ས་གནས་འདྲ་མིན་ནས་བོད་མི་ཚོའི་སེམས་ནང་གི་མངོན་འདོད་ངོ་མ་གང་ཡིན་དང་། རེ་བ་གང་ཡོད་བཅས་བརྙན་འཕྲིན་ཐོག་ཕབ་བསྐྲུན་བྱ་རྒྱུའི་དམ་བཅའ་བཞག་སྟེ། བོད་ཁུལ་གྱི་ས་གནས་མང་པོ་ཞིག་ཏུ་ཕྱིན་ཡང་། དམིགས་ཡུལ་ཆ་ཚང་མ་འགྲུབ་གོང་ལ་རྒྱ་གཞུང་གིས་ཤེས་རྟོགས་བྱུང་སྟེ། འཛིན་བཟུང་གི་བཀའ་རྒྱ་བཏང་བར་བརྟེན། མཐར་ལས་དོན་གང་བསྒྲུབ་པ་དེ་དག་བསྣམས་ཏེ་རྒྱ་གར་ནང་བཙན་བྱོལ་དུ་ཡོང་དགོས་བྱུང་ཡོད། ཅེས་བཀོད་འདུག 

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༩ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 18

  1. ཚྭ་སྒང་ཕོ་ཉ། says:
    ལོ་ 17 སྔོན།

    ཐུ་རྗེ་ཆེ་ཞུ་བཞིན་ཡོད་ཁྱེད་ཉིད་ནི་ངེས་དོན་ཀྱི་དཔལ་བོ་ཞིག་རེད་
    དགའ་གསུ་ཡོད་སྙིང་ཐག་པ་ནས་ཐུག་རྗེ་བླ་མེད་དུ་ཆེ་ཞུ་།།

    Reply
  2. རང་རྟོན། says:
    ལོ་ 17 སྔོན།

    ཐུགས་རྗེ་ཆེ།འུ་ཚང་གིས་ཁོང་ཚོ་ལྟ་བུའི་དཔའ་བོ་དག་ལ་བདག་སྐྱོང་དང་རྒྱབ་སྐྱོར་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཞིག་མ་ཡིན་ནམ།

    Reply
  3. རང་རྟོན། says:
    ལོ་ 17 སྔོན།

    ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན

    Reply
  4. རྒྱ་རགས། says:
    ལོ་ 17 སྔོན།

    གྲྭ་རིན་ཆེན་བཟང་པོ་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་གཞུང་ཕྱི་དྲུལ་ལས་ཁུངས་དང་ཐག་རིང་བ་ང་དང་ང་ལྟ་བུ་དག་གིས་ཀྱང་དེར་བལྟ་ཐུབ་པའི་རེ་བ་ཡོད།

    Reply
  5. བསེ་རུ། says:
    ལོ་ 17 སྔོན།

    ཁོང་ཉིད་འདི་གར་བདེ་འབྱོར་བྱུང་ཡོད་ཀྱང་། མི་སྣ་བཅོ་ལྔ་རྣམས་ད་ལྟ་བོད་ནང་གནས་མུས་མ་ཡིན་ནམ།
    ང་ལ་སེམས་ཁྲལ་ཆེན་པོ་ཞིག་ཡོད་པ་ནི། ད་ལྟ་བོད་ནང་གནས་མུས་ཡིན་པའི་མི་སྣ་དེ་དག་གི་སྐོར་རེད།

    འདས་པའི་གནས་ཚུལ་ནང་། བོད་ནང་གི་བུད་མེད་བཙོན་པ་སྐོར་ཞིག་གིས། བཙོན་ཁང་ནང་གླུ་གཞས་བཏང་བའི་སྒྲ་ཕབ་འཁོར་ཐག་བཙན་བྱོལ་ཏུ་འབྱོར་ཏེ། གསར་འགྱུར་བརྒྱུད་ལམ་ཞིག་ནས་དེ་བཏང་རྗེས་བཙུན་མ་ཚོར་སྡུག་སྦྱོང་ག་ཚོད་ཙམ་ཕོག་ཡོད་མིན་མི་ཤེས་སམ།།

    Reply
  6. བཙན་པོ། says:
    ལོ་ 17 སྔོན།

    ཀློག་བརྙན་དེ་བལྟ་ན་བོད་གཞུང་བརྙན་འཕྲིན་དྲ་བ་ནང་གི་ཁུ
    http://www.tibetonline.tv/videos/77/unveiling-the-truth

    Reply
  7. དོན་འགྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    བྱམས་མེ་བསྟན་འཛིན་ལགས། སྐུ་ཉིད་ཀྱིིས་དངོས་མྱོང་བདེན་པ་ར་སྤྲོད་ཀྱི་གློག་བརྙན་དེར་གཟིགས་འདོད་ན། བོད་གཞུང་ཕྱི་དྲིལ་ལས་ཁུངས་སུ་སྐྱོད་དང་། དེ་ན་གློག་བརྙན་འོད་སྡེར་དང་ནང་དོན་ཡིག་ཆ་གཉིས་འགྲེམ་སྤེལ་བྱེད་ཀྱིན་འདུག

    Reply
  8. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    གཟི་བརྗིད་རེད། ངོ་གཟི་བརྗིད་རེད།

    Reply
  9. བྱམས་མེ་བསྟན་འཛིན། says:
    ལོ་ 17 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས། གློག་བརྙན་དུ་གང་ན་ཡོད་ནི་རེད།

    Reply
  10. བཙན་པོའི་བུ། says:
    ལོ་ 17 སྔོན།

    དངོས་བྱུང་གློག་བརྙན་དེ་སུ་ཞིག་གིས་ youtube སྟེང་བཞག་རྗེས། ཅི་ནས་ཀྱང་དྲ་ཐོག་ཏུ་ཁ་བྱང་དེ་འགོད་རོགས་ཞུ། ང་ལ་མཚོན་ན། རྡ་ས་དང་ཁ་ཐག་རིང་སྟབས། ལས་སླ་བོར་རེགས་ཐབས་མི་འདུག

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རབ་ཡིན་ན་གློག་བརྙན་འདི་དུས་བབ་ཚང་གི་གློག་བརྙན་སྡེ་ཚན་ནང་དུ་ཚན་པ་དུམ་པུ་རེ་བྱོས་དེ་འཇོག་ཐུབ་པ་ཡིན་ན། རྒྱང་རིང་ང་ལྟ་བུ་མི་ཉུང་བ་ཞིག་གིས་ཕྱི་དྲིལ་ལས་ཁུངས་ལ་འབྲེལ་བ་བྱེད་ཐུབ་ཀྱི་ཡོད་མེད་སོགས་ཀྱི་དཀའ་ངལ་མྱོང་མི་དགོས་སོ།
    ཨོ་རེད། བླ་རྒན་འདི་ལ་དངོས་ནས་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། བོད་ཕྱི་ནང་གཉིས་སུ་གྲྭ་རྒན་བླ་རྒན་དག་གིས་བོད་དོན་ཁ་ཞེ་གཉིས་མེད་དུ་གནངས་ཀྱིན་འདུག་པ་འདི་ནི་དངོས་ནས་ཁ་ཤོམ་ཅན་གྱི་གསར་་བུ་དག་ལ་ངོ་ཚ་གཏད་པ་ཞིག་རེད་ལགས། ལྷག་པར་དུ་དེ་དག་སློབ་སྤྱོང་བྱེད་དགོས་པ་ཞིག་ཀྱང་རེད།

    Reply
  12. དོན་གོ says:
    ལོ་ 17 སྔོན།

    རྣམ་པ་ཚོས་ཀྱང་་་་་་་་་་་་་་་་་་་་བཅོས་རོགས།

    Reply
  13. དོན་གོ says:
    ལོ་ 17 སྔོན།

    ཐོག་མར་གློག་བརྙན་འདི་ཕབ་སྐྲུན་བྱེད་མཁན་གྱི་གྲྭ་རིན་ཆེན་བཟང་པོ་ལགས་སུ་ཐུགས་རྗེ་ཆེ་ཞུ་བ་ཡིན་ལ། དེ་དང་ཆབས་ཅིག་ཞུ་འདོད་པ་ཞིག་ནི། གློག་བརྙན་འདི་ང་ཚོས་ངེས་པར་ཏུ་གཟིགས་དགོས་པ་ཞིག་དང་ལྷག་པར་ང་ཚོའི་གཞོན་སྐྱེས་ཚོས་གཟིགས་ཐུབ་ན་ཡག་པོ་རེད་བསམ་པ་དྲན་བྱུང་། གློག་བརྙན་འདིའི་ནང་བོད་ནང་གནས་སྡོད་བྱེད་བཞིན་པའི་རྒན་རབས་པ་རང་ལོ་ ༨༠ མན་དང་ ༦༠ ཡན་གྱི་རྒན་རབས་པ་ ༢༡ ལྷག་གི་རང་ཉིད་ཀྱི་འདས་ཟིན་པའི་རྒྱ་དམར་གནོན་ཤུགས་འོག་གི་དཀའ་སྡུག་གི་འཚོ་བ་དང་། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོར་བཅངས་བའི་རེ་བ་གསལ་སྟོན་བྱས་ཡོད་ཕྱིར། ང་ཚོས་ངེས་པར་ཏུ་འདིའི་རིགས་ལ་དོ་སྣང་བྱ་དགོས་ཞིག་དང་། ལས་དོན་འདི་ལྟ་བུ་སྒྲུབ་མཁན་གྱི་མི་སྣ་དག་ལའང་རྗེས་སུ་ཡི་རངས་བྱ་འོས།
    ངས་བལྟས་ཚར་་་་་་་་་་་་་་་རྣམ་ཚོས་ཀྱང་ལྟ་རོགས་གནོངས།

    Reply
  14. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས། ང་ལ་བརྙན་འཁོར་དེ་རེག་བྱུང་། ཐུགས་རྗེ་ཆེ་ཞུ། དངོས་བྱུང་གློག་བརྙན་འདི་ལྟ་བུར་ལྟ་རྒྱུ་བྱུང་ན་མིག་ང་གཉིས་ཀ་ཅི་རེད། གཡ་ཐག་ཆོད་ཅིག་ངུས་བཞག་ན་ཅི་སྐྱོན། གཙོ་བོ་གནས་ཚུལ་གལ་ཆེ་གི

    Reply
  15. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ད་ལྟ་རང་འགྲོ་གི་ཡིན ཐུགས་རྗེ་ཆེ་ཞུ།

    Reply
  16. དོན་འགྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    དྲ་གྲོགས་གཅན་བཟོད་རྒྱམ་ལགས། གློག་བརྙན་འདིའི་ཐད་སེམས་ཁུར་དང་རེ་སྒུག་བྱས་པར་དོན་སྙིང་འདུག སྐུ་ཉིད་བོད་གཞུང་ཕྱི་དྲུལ་ལས་ཁུངས་སུ་ཕྱིན་དང་གློག་བརྙན་འོད་སྟེར་རིན་མེད་ཐོག་སྤྲོད་ཀྱིན་འདུག ཨོ་་་་་་་་་་་ད་དུང་ཞུ་རྒྱུ་ཞིག་ལ། གློག་བརྙན་དེར་ལྟ་ན། སེམས་པ་ཅུང་སྲ་མོ་ཞིག་དགོས་ཚོད་འདུག དེ་མིན་ན་མིག་ཆུ་འཕྱི་བྱེད་ཅིག་གྲ་སྒྲིག་བྱོས།

    Reply
  17. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཨ་རོད་དོན་གོ གློག་བརྙན་འདི་ལ་ངས་ཅི་ལྟར་ལྟ་ཐུབ་ཀི་རེད། ཁྱོད་ཚོར་བཀྲམས་སོང་ངམ།ཁ་པར་ཞིག་ཏོངས་དང་། 9816532383.

    Reply
  18. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཨོ་ཡ་ད་ཡག་བྱུང་། གང་ལྟར་གློག་བརྙན་འདི་ས་ཁར་བུད་བཏང་ན་ངའི་སེམས་བདེ་སོང་བ་རེད། དེ་མིན་ལྟད་མོར་ལྟ་དགོས་བསམ་བསྡད་ཡོད། ཧ་ཧ་ཧ།ང་ཁ་ཤོམས་ཨེ་ཆེ་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese