མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

དབོན་ཞང་རྡོ་རིང་ཡི་གེ་ནང་། ཆིག་སྒྲིལ་གྱི་ཚིག་དེ་ཐེངས་མང་པོར་བེད་སྤྱོད་གཏང་འདུག འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲུང་བཙན་དང་། རྒྱ་རྗེ་ཐེ་ཙུང་ཧེའུ་ཏིག་ཧྭང་ཏེ་གཉིས། ཆབ་སྲིད་གཅིག་ཏུ་མོལ་ཏེ། ཞེས་བཀོད་ཡོད། སྐབས་དེར་ཆིག་སྒྲིལ་ཟེར་བ་དེ་རང་ག་བ་ཞིག་མ་རེད། ཆབ་སྲིད་ཀྱི་ཆིག་སྒྲིལ་རེད། ཡང་། བོད་རྒྱ་གཉིས་རབས་ཁྲིར་བདེ་ཞིང་སྐྱིད་པའི་མཇལ་དུམ་ཆེན་པོ་མཛད་དེ། ཞེས་པ་དེ་མི་རབས་ཁྲི་ཞེས་པའི་དོན་རེད། ངས་བཙན་པོ་ཁྲི་རལ་བ་ཅན་བཞིན་མི་རབས་ཁྲི་ཕྲག་ལབ་རྒྱུ་བྱུང་མ་སོང་མོད། བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག་ཅེས་ལབ་པ་ཡིན། ཞེས་བཀའ་བློན་ཁྲི་པས་གསུངས་ཡོད།

བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཉེ་ཆར་སུད་སིའི་རྒྱལ་ས་ཇི་ནེ་ཝའི་རྒྱལ་སྤྱིའི་བོད་རྒྱ་ལྷན་ཚོགས་སྟེང་བསྩལ་བའི་གསུང་བཤད་ནང་། བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག ཅེས་གསུངས་པ་དེར་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་། གྲོས་ཚོགས་འཐུས་མིས་དོགས་འདྲི་ཞུས་པའི་ལན་དུ། ཕྱི་ཚེས་ ༡༧ ཉིན་བཀའ་ཁྲི་མཆོག་གིས་ལན་འདེབས་གནང་དོན། བཀའ་བློན་ཁྲི་པས་ཇི་ནེ་ཝའི་རྒྱལ་སྤྱིའི་བོད་རྒྱ་ལྷན་ཚོགས་སྟེང་། བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག་ཅེས་ལབ་ཡོད་ལ། ལབ་པ་ཙམ་དུ་མ་ཟད་ཡིག་ཐོག་ལའང་བྲིས་ཡོད། སྐད་ཆ་དེ་བཤད་སྐབས་བོད་རྒྱ་མི་རིགས་གཉིས་ཀྱི་ཚོགས་ཞུགས་པ་ཚང་མ་དང་གསར་འགོད་པ་བཅས་ཡོད་ཡོད་པ་མ་ཟད། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་དྲོན་མོ་ཡོད་ས་ནས་ལབ་པ་ཡིན་མ་གཏོགས། ཁུག་ཁུག་ཀྱོག་ཀྱོག་ཅིག་ནས་ལྐོག་ལྐོག་སིལ་སིལ་གྱིས་ལབ་བཞག་པ་ཞིག སྤྱི་འཐུས་ཚོས་བརྙེད་ཡོང་བ་དེ་འདྲ་མ་རེད། རྒྱ་གྲགས་བོད་གྲགས་ཀྱི་སྐད་ཆ་ཞིག་རེད། ཅེས་དང་།

བོད་རྒྱ་ལྷན་ཚོགས་སྟེང་ངས་དེ་ལྟར་ལབ་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། བོད་རྒྱ་མི་རིགས་གཉིས་པོ་དེ་ཆིག་སྒྲིལ་བྱུང་བ་ཡིན་ན། བོད་ས་ཡོངས་རྫོགས་རྒྱ་མིས་ཁེངས་ནས་འདུག་དགོས་པ་རེད་ཟེར་པའི་སྐད་ཆ་མ་རེད། ཆིག་སྒྲིལ་ཟེར་བའི་ཚིག་དེ་མི་འགྲིག་པའི་རྒྱུ་མཚན་ལ། བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་ཐུགས་སྤོབས་ཆེན་པོའི་ཐོག་ནས་རྒྱ་མི་ཡོང་དུ་འཇུག་རྒྱུ་ཡོད་པ་མ་རེད། རྒྱ་མི་སྡོད་དུ་འཇུག་རྒྱུ་ཡོད་པ་མ་རེད། རྒྱ་མི་ལ་ཁང་པ་གཡར་རྒྱུ་ཡོད་པ་མ་རེད། ཅེས་བཀའ་གནང་གིན་ཡོད་གསུངས་སོང་། དེ་བཀའ་གནང་དགོས་པ་ཞིག་རེད། ང་ཚོས་ཀྱང་ལབ་ཀྱིན་ཡོད། ང་ཚོས་གཙོ་བོ་རྒྱལ་སྤྱིའི་ནང་གང་ཞིག་ལབ་ཀྱིན་ཡོད་ཟེར་ན། མི་འབོར་གྱི་གནས་བབས་ལ་འགྱུར་བ་གཏོང་དགོས་ཀྱིན་འདུག མི་འབོར་གྱི་གནས་བབས་ལ་འགྱུར་བ་མ་བཏང་ན། སྐུལ་སློང་ཡོད་མེད་ཇི་ལྟར་ཡང་ལེགས་བྱང་བརྡབ་གསིག་གི་གནས་སྟངས་ཆགས་ཀྱིན་ཡོད། མི་འབོར་གྱི་ཐོག་ནས་ལེགས་བྱང་ལ་བརྡབ་གསིག་ཆགས་ཀྱིན་ཡོད། དེ་འགྲིག་གིན་མི་འདུག་ཅེས་དུས་རྒྱུན་བཤད་ཀྱིན་ཡོད། ཅེས་གསུངས་བྱུང་།

བཀའ་ཁྲི་མཆོག་གིས་མཱར་ཁི་སི་ལེ་ཉེན་རིང་ལུགས་ལས་ཆིག་སྒྲིལ་གྱི་བསྟན་དོན་ངོ་སྤྲོད་གནང་དོན། བོད་རྒྱ་ཆིག་སྒྲིལ་ཡོང་རྒྱུར་འདྲ་མཉམ་ཡོང་དགོས་ཀྱིན་ཡོད། མཱ་ཁི་སི་ལེ་ཉེན་གྱི་ལྟ་གྲུབ་ནང་། ཆིག་སྒྲིལ་དེ་འདྲ་མཉམ་ཀྱི་སྔོན་འགྲོ་ཡིན། འདྲ་མཉམ་མེད་ན་ཆིག་སྒྲིལ་ཡོང་ཐབས་མེད་ཟེར་གྱིན་ཡོད། ང་ཚོས་ཆིག་སྒྲིལ་ལབ་སྐབས། ཆིག་སྒྲིལ་དང་མཉམ་དུ་འདྲེས་བསྡད་པའི་དོན་དག་གཅིག་འདྲ་མཉམ་དེ་རེད། དེར་བརྟེན། བོད་རྒྱ་མི་རིགས་འདྲ་མཉམ་དང་བོད་རྒྱ་མི་རིགས་ཆིག་སྒྲིལ་ཡོང་དགོས་པ་དེ་གལ་ཆེན་པོ་རེད་བསམ་ཡོད། བོད་རྒྱ་མི་རིགས་ཆིག་སྒྲིལ་ཡོང་བ་ཡིན་ན། ད་གཟོད་བཀུར་འོས་སྤྱི་འཐུས་ཤིག་གིས་ཡིག་རྙིང་ལུང་འདྲེན་བྱས་ཏེ། རྒྱ་རྒྱ་ཡུལ་དུ་སྐྱིད། བོད་བོད་ཡུལ་ན་སྐྱིད། ཅེས་པའི་བསམ་ཚུལ་བཤད་པ་དེའི་གནས་བབ་གཞི་ནས་ཡོང་ཐུབ་པ་ཞིག་རེད། སྐབས་དེར་རྒྱ་ཡུལ་ནས་རྒྱ་མི་རིགས་འདུག་གི་རེད་ལ། བོད་ཡུལ་ནས་བོད་མི་རིགས་འདུག་གི་རེད། ཅེས་གསུངས།

བཀའ་བློན་ཁྲི་པ་མཆོག་གིས་སྔར་སྤྱི་ལོའི་དུས་རབས་བརྒྱད་པའི་སྐབས་བོད་རྒྱའི་བར་བཞེངས་པའི་ཆིངས་དུམ་ཆེན་པོའི་རྡོ་རིང་གི་ཡི་གེ་དང་སྦྱར་ཏེ། ཆིག་སྒྲིལ་ཞེས་པའི་ཡི་གེ་དེར་འགྲེལ་བཤད་སྐྱོན་དོན། བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག ཅེས་པ་དེ་ནོར་འཁྲུལ་ཆེན་པོ་ཡིན་པའི་བསམ་ཚུལ་འཛིན་མཁན་དང་། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། ཅེས་ལུང་འདྲེན་བྱས་པའི་ཐང་བོད་དབོན་ཞང་གཉིས་མཇལ་དུམ་མཛད་པའི་རྡོ་རིང་ཡི་གེ་ནང་། ཆིག་སྒྲིལ་གྱི་ཚིག་དེ་ཐེངས་མང་པོར་བེད་སྤྱོད་གཏང་འདུག འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲུང་བཙན་དང་། རྒྱ་རྗེ་ཐེ་ཙུང་ཧེའུ་ཏིག་ཧྭང་ཏེ་གཉིས། ཆབ་སྲིད་གཅིག་ཏུ་མོལ་ཏེ། ཞེས་བཀོད་ཡོད། སྐབས་དེའི་ཆིག་སྒྲིལ་ཟེར་བ་དེ་རང་ག་བ་ཞིག་མ་རེད། ཆབ་སྲིད་ཀྱི་ཆིག་སྒྲིལ་རེད། དེ་བཞིན། བོད་རྒྱ་གཉིས་རབས་ཁྲིར་བདེ་ཞིང་སྐྱིད་པའི་མཇལ་དུམ་ཆེན་པོ་མཛད་དེ། ཞེས་པ་དེ་མི་རབས་ཁྲི་ཞེས་པའི་དོན་རེད། ངས་བཙན་པོ་ཁྲི་རལ་བ་ཅན་བཞིན་མི་རབས་ཁྲི་ཕྲག་ལབ་རྒྱུ་བྱུང་མ་སོང་མོད། བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག་ཅེས་ལབ་པ་ཡིན། ཞེས་གསུངས།

ཡང་ཁོང་གིས་ཚད་མེད་ཡོན་ཏན་ལུང་འདྲེན་གྱིས་བོད་རྒྱ་མི་རིགས་གཉིས་པོ་ཆིག་སྒྲིལ་གྱི་རེ་འདུན་གསུངས་དོན། ངས་བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག ཅེས་ལབ་པའི་རྒྱབ་ལྗོངས་སུ་ག་རེ་ཡོད་ཟེར་ན། ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་ཀྱིས། །རང་གཞན་གཉིས་ཕོངས་བགྱིད་པའི་སྙིང་རྗེའི་ཡུལ། །མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིག །ཡོངས་ཐོབ་བྱམས་བརྩེས་མཛའ་བའི་དཔལ་ལ་སྦྱོར། ། ཅེས་གསུངས་ཡོད། དེ་འདྲའི་མི་བསྲུན་སྐྱེ་བོའི་ཚོགས་དེ་སུ་རེད་ཅེ་ན། ད་ལྟའི་རྒྱ་ནག་གི་དབང་འཛིན་པ་དེ་ཚོ་རེད། དེ་དག་བླང་དོར་གྱི་མིང་ཐོག་ནས་བྱམས་པ་དང་བརྩེ་བས་ང་ཚོའི་མཛའ་བརྩེ་ལྡན་པའི་གྲོགས་པོ་ཞིག་ལ་བསྒྱུར་དགོས་ཀྱིན་འདུག ཅེས་དྲུག་ཅུ་ཐམ་པའི་ལོ་ནས་ད་བར་ཁ་གྲགས་ཤེས་པའི་ཕྲུ་གུ་ཡན་ནས་ཉིན་རྟག་པར་སྐྱོར་བསྡད་པ་རེད། མི་བསྲུན་སྐྱེ་བོའི་ཚོགས་རྣམས་བྱམས་བརྩེས་མཛའ་བའི་དཔལ་ལ་བསྒྱུར་དགོས་ན། ཁ་བྲལ་བྱོས་གསུངས་པ་རེད་དམ། ཆིག་སྒྲིལ་བྱོས་གསུངས་པ་རེད། དེ་བསམ་བློ་གཏོང་ས་གཅིག་རེད། ཅེས་གསུངས་བྱུང་།

མཇུག་མཐར་ཁོང་གིས་༧གོང་ས་མཆོག་གིས་བོད་རྒྱ་མི་རིགས་ཆིག་སྒྲིལ་ལ་ཐུགས་རེ་གནང་ཡོད་སྐོར་གསུངས་དོན། བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག ཅེས་ལབ་དགོས་པའི་རྒྱབ་ལྗོངས་གཞན་ཞིག་ནི། ད་རེབ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་གང་གསུངས་ཡོད་ཟེར་ན། རྒྱ་རིགས་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་ཚོགས་ཆེན་འདིར་ང་ལ་རེ་བ་གཉིས་ཡོད། དེ་ནི་བོད་མིའི་དཀའ་རྙོག་སེལ་ཐབས་སུ་འབྱུང་འགྱུར་ལམ་སྟོན་ཅི་དགོས་གླེང་རྒྱུ་དང་། ཁྱེད་རྣམ་པ་བརྒྱུད་དེ་རྒྱ་ཆེའི་རྒྱ་རིགས་རྣམས་ལ་བོད་ཀྱི་དཀའ་རྙོག་འདི་བོད་རྒྱ་མི་རིགས་བར་གྱི་འཁོན་རྩོད་མིན་པ་དང་། གཞིས་བྱེས་བོད་མི་ཚང་མས་རྒྱ་མི་རིགས་ལ་འཁོན་འཛིན་དང་། མཐོང་ཚུལ་མི་ལེགས་པ་གང་ཡང་མེད་པའི་གནས་ཚུལ་གསལ་བསྒྲགས་དང་བཅས་མི་རིགས་ཁ་བྲལ་འགྲོ་བའི་ཉེན་ཁ་ལས་སྐྱོབ་ཐབས་གང་ཐུབ་གནང་རོགས་ཞེས་བརྗོད་རྒྱུ་དེ་གཉིས་ཡིན། ཞེས་༧གོང་ས་མཆོག་གི་ཞལ་དྲོན་མོ་ནས་དེ་ལྟར་གསུངས་པ་རེད། མི་རིགས་ཁ་བྲལ་འགྲོ་བའི་ཉེན་ཁ་དེ་ལས་སྐྱོབ་ཐབས་གང་ཐུབ་གནང་རོགས་ཟེར་སྐབས། ང་ཚོ་ཆིག་སྒྲིལ་ཡོང་བར་ཤོག་ལབ་རྒྱུ་ལས་ཁ་བྲལ་ཡོང་བར་ཤོག་ཟེར་ནས་ལབ་ས་མེད་པ་དང་། ལབ་སྲོལ་མེད་པ་ལྟ་བུ་ཞིག་ཆགས་ཡོད། ཅེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༩ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 6

  1. lobsangtenzin says:
    ལོ་ 17 སྔོན།

    རིན་པོ་ཆེའི་སྐུལ་སློང་་དེ་རྒྱ་མཚོ་ལས་གཏིང་ཟབ་པ་དང་། ཁོང་གི་ཕྱི་ནང་གཉིས་ཀའི་མཁྱེན་རྒྱ་དེ་ནམ་མཁའ་ལྟར་མཐའ་ཡས་པ་རེད། འོན་ཀྱང་ཁོང་གི་གཞུ་ལུགས་དང་ལག་ལེན་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་ཞིག་མཐོང་གི་འདུག ནམ་ཡང་མཉམ་དུ་སླེབས་ས་མ་རེད།
    སྣ་བོ་ཆེ། ཁྱེད་རང་གི་མཆན་འདི་ལ་ཡང་ཆེན་ཞིག་མ་བྲིས་ན། ལས་སླ་པོ་མགོ་ཚོད་ས་མ་རེད་དོ།

    Reply
  2. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    རིངས་ལུགས་ཞེས་བྲིས་ནོར་ཤོར་བ་རིང་ལུགས་སུ་གོ་གནང་ཡོང་བ་ཞུ།

    Reply
  3. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    ངས་བཀའ་ཁྲི་འདི་པའི་གསུང་ཚིག་རེ་རེའི་ཕྱི་ནང་དང་ཟུར་སུལ་གང་དུའང་གཞོམ་གཞིག་དཀའ་བའི་གནས་ལུགས་ཤིག་དང་། ཐེག་མི་ཐུབ་པའི་ལྗིད་ཁོག་ཅིག ཟད་པ་མེད་པའི་གཏིང་ཕུག་ཅིག་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད།

    འོན་ཀྱང་ཁོང་གིས་འུ་ཐུག་གི་སྨྲེ་ངག་འདི་འདྲ་ཞིག་ཀྱང་གྱེར་མྱོང་བ་སྟེ།
    བདེན་དོན་ལ་བརྟེན་པའི་གནས་ལུགས་རིགས་པ་དང་རྒྱུ་མཚན་དུ་མའི་སྒོ་ནས་གསལ་བཤད་ཇི་ཙམ་ཞུས་ཀྱང་། མང་ཆེ་བ་ཞིག་ལ་ཧ་ཅང་གོ་བརྡ་འཕྲོད་དཀའ་བ་དང་། ཡང་གཞན་དག་མང་པོར་གོ་བརྡ་འཕྲོད་ཀྱང་དགོས་དབང་གིས་གོ་བརྡ་མ་འཕྲོད་པའི་ཚུལ་བཟུང་སྟེ་བཞུགས་པ་དང་། ཡང་འགའ་རེས་གོ་བརྡ་འཕྲོད་མིན་ལ་མི་ལྟོས་པར་སྙན་རྒྱབ་ཀྱི་ལྷག་པ་ལྟ་བུར་སྣང་མེད་བཏང་སྙོམས་སུ་བཞག་པ་ལ་བརྟེན་ནས་བསམ་ཚུལ་སྨྲ་བརྗོད་ཐམས་ཅད་རང་བཞིན་ནུས་མེད་དུ་སོང་བའི་གནས་ཚུལ་ཞིག་བྱུང་། ཞེས་གསུངས་ཡོད། འདི་ནི་འུ་ཚོའི་སྤྱི་ཚོགས་ཀྱི་བསམ་བློའི་གོ་རྟོགས་ལ་བརྒྱབས་པའི་སྡོམ་ཚིག་ཆེན་པོ་ཞིག་ཡིན་ཅིང་། ད་རེས་གྲོས་ཚོགས་ཀྱི་དྭོགས་འདྲི་དེ་ཡང་གསུང་ཚིག་འདིའི་གཟས་ཡུལ་ལས་བརྒལ་མེད།

    ༡ བོད་རྒྱ་མི་རིགས་ཆིག་སྒྲིལ་དང་། བོད་རྒྱ་མི་རིགས་མཐུན་ལམ། བོད་རྒྱ་མི་རིགས་ཁ་བྲལ་མི་འགྲོ་བ། ཞེས་པའི་ཐ་སྙད་འདི་དག་དང་ཐ་སྙད་འདི་དག་གི་ཅུང་གཏིང་རིམ་ན་འཁྱིལ་བའི་གོ་དོན་དང་རྒྱབ་ལྗོངས་ཀྱི་ལྟ་བ། ༢ རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་པའི་བོད་བཙན་པོའི་དཀྱེལ་ཡངས་དང་རླབས་ཆེན་གྱི་དགོངས་པ་མཚོན་པའི་གནའ་གཏམ་འདིའི་དགོངས་དོན། ༣ ཡང་ད་ལྟའི་བཙན་བྱོལ་གཞུང་གིས་བོད་ཡུལ་རྒྱའི་མི་སེར་སྤེལ་བའི་རིངས་ལུགས་སུ་བསྒྱུར་གྱིན་པའི་ཐད་ལ་ངོ་རྒོལ་གྱི་སྲིད་བྱུས་འཛིན་བཞིན་པའི་གཞི་རྩའི་ལྟ་གྲུབ་སྟེ། ཕྱི་ཚུལ་ནས་འགལ་བ་ལྟར་སྣང་བའི་ལྟ་གྲུབ་འདི་གསུམ་ནང་དོན་དུ་འབབ་སའི་བྲག་ཐེམ་གཅིག་ལས་གཉིས་པ་ཞིག་མེད་པ་དེ་བཀའ་ཁྲིའི་གསུང་ལན་འདིའི་བརྗོད་དོན་སྙིང་པོ་དེ་རེད། བརྗོད་ཚིག་འདི་དག་གི་ཕྱི་ཚུལ་གྱི་བར་ཐག་རིང་བའི་སྣང་ཚུལ་འདིས་ཐེངས་འདིའི་གྲོས་ཚོགས་ཀྱི་མི་སྣ་གཅིག་པུ་མིན་པར་སྤྱི་ཚོགས་ཀྱི་མི་སྣ་མང་དག་ཅིག་ལ་མགོ་རྙོག་དང་འཁྲུལ་གཞི་བཟོས་ཡོད།

    དཔེར་ན་ན་ནིང་ས་བྱི་ཞི་རྒོལ་གྱི་མཇུག་ཏུ་༸གོང་ས་སྐྱབས་མགོན་ཆེན་པོས་བོད་རྒྱ་མི་རིགས་མཐུན་སྒྲིལ་གྱི་ཐད་ནན་ཏན་དང་ཛ་དྲག་རང་བཞིན་གྱི་བཀའ་སློབ་ཐེངས་མང་གནང་སྟབས་གཞིས་བཞུགས་བོད་མི་མང་དག་ཅིག་ལ་བྱ་དཀའ་བྱེད་གཏད་ཀྱི་གནས་ཚུལ་བྱུང་བ་ལྟ་བུ་རེད། དེ་ཡང་གཞིས་བཞུགས་བོད་མི་ཚོས་དེ་སྔ་རྒྱ་རིགས་ཀྱི་ས་ནས་དངོས་ཟོག་མི་ཉོ་བ་དང་། རྒྱ་རིགས་ཀྱི་ཟ་ཁང་སོགས་སུ་འགྲོ་མཚམས་འཇོག་པ་སོགས་མི་རིགས་གཉིས་རྒྱང་འགྱེད་དུ་འགྲོ་བའི་ལས་དོན་མང་དག་ལ་ཞུགས་ཀྱིན་ཡོད་ཅིང་དེ་ཉིད་སོ་སོའི་མི་རིགས་དང་རིག་གཞུང་སྲུང་སྐྱོབ། རྒྱ་རིགས་ཀྱི་གྲངས་འབོར་འཕེལ་རྒྱས་ལ་བཀག་འགོག་ཐུབ་པ་སོགས་ཀྱི་ཐབས་ལམ་ཞིག་ཏུ་མཐོང་གིན་ཡོད་པ་རེད། འོན་ཀྱང་༸གོང་ས་མཆོག་གི་རྒྱ་མི་རིགས་དང་འཆམ་མཐུན་གྱིས་འཚོ་དགོས་པའི་ནན་ཏན་ཆེན་པོའི་བཀའ་སློབ་འདིས་ཁོང་ཚོ་ལས་དོན་འདི་འདྲའི་རིགས་ཀྱི་འཕྲོ་མ་ནས་ཐེ་ཚོམ་གྱིས་འགྲེངས་དགོས་པར་གྱུར་ཡོད།

    སེལ་ཐབས་དཀའ་བའི་དཀའ་ངལ་ཞིག་ནི་ལྟ་གྲུབ་དང་རྒྱུ་མཚན་གྱི་ངོས་ནས་བཤད་ན་བཀའ་ཁྲི་མཆོག་གིས་གསུངས་པ་ལྟར་ལྟ་སྟངས་འདི་དག་དབར་འགལ་འདུ་ཞིག་མེད་ཀྱང་། བསམ་ཚུལ་འདི་དག་ལག་བསྟར་གྱི་བརྒྱུད་རིམ་ནང་ཕན་ཚུན་གཡོལ་ཐབས་དཀའ་བའི་གདོང་ཐུག་རིགས་ཤིག་འབྱུང་གིན་ཡོད་པ་ནི་བསམ་གཞིགས་ནན་ཏན་བྱེད་དགོས་པའི་གནད་དོན་ཞིག་ཡིན།

    མདོ་དོན་ཆིག་སྒྲིལ་ཅེས་པ་ནི་ནང་བསམ་བློའི་འདུ་ཤེས་འཛིན་སྟངས་ཤིག་སྟེ། སེམས་ཁམས་མཐུན་ན་ལེ་དབར་ཁྲི་ཡིས་རྒྱང་ཁད་ཆོད་ཀྱང་ཆིག་སྒྲིལ་ཡོད། སེམས་ཁམས་མི་མཐུན་སོར་གང་ཙམ་གྱི་བར་ཐག་མེད་ཀྱང་ཆིག་སྒྲིལ་མེད།

    ཕོངས་དང་འཕོང་ཞེས་པའི་ཚིག་གཉིས་ལ་འདྲ་སའི་ཆ་མང་དུ་ཡོད། གཅིག་བྱས་ན་མིང་གི་བྱིངས་གཅིག་ལས་ཐོན་པའི་ཚིག་གི་རྣམ་འགྱུར་མི་འདྲ་བ་གཉིས་ཡིན་པའི་རྒྱུ་མཚན་གྱིས་ཡིན་སྲིད། དེ་བཞིན་མི་འདྲ་སའི་ཆ་ཡང་ཡོད་དེ། ཕོངས་ཞེས་པ་ནི་ལོངས་སྤྱོད་ཀྱི་མཐུན་རྐྱེན་མ་ཚང་བར་དབུལ་པོར་གྱུར་པའི་དོན་དང་། འཕུང་ཞེས་པ་རང་གནོད་གཞན་གནོད་བྱས་པའམ་མེད་བརླག་ཏུ་བཏང་བའི་དོན་ཏེ། དཔེར་ན། སྤྱི་ཚོགས་འཕུང་བར་བྱེད། ཅེས་པ་ལྟ་བུ་ཡིན། དེས་ན་གོང་གི་རང་གཞན་གཉིས་ཕོངས་བགྱིད་པའི་སྙིང་རྗེའི་ཡུལ། །ཟེར་བའི་ཚབ་ཏུ་མ་རྩོམ་རང་ཐོག་ཏུ་གསལ་བ་ལྟར་རང་གཞན་གཉིས་འཕུང་བགྱིད་པའི་སྙིང་རྗེའི་ཡུལ། །ཞེས་བཅོས་འདོད་བྱུང་།

    གོང་དུ་བཀའ་ཁྲི་མཆོག་གི་གསུང་དེ་གནས་གང་དུ་དུས་ནམ་གསུང་སྐོར་ཞུ་ཡག་མེད། བང་ཆེན་དང་དུས་བབ་གང་རུང་ཞིག་གི་ཐོག་ནས་མཇལ་མྱོང་བ་དྲན་གྱི་འདུག གལ་ཏེ་མ་རྩོམ་དང་མ་མཐུན་པའི་སྐྱོན་ཆ་འདྲ་ཤོར་ཚེ་དགོངས་སེལ་ཞུ་རྒྱུ་ཡིན།

    Reply
  4. ཁ་བའི་འདབ་མ says:
    ལོ་ 17 སྔོན།

    གལ་སྲིད་དབུ་མའི་ལམ་དུ་ཕེབས་གནང་ན་འདི་འདྲ་ཞིག་ཡོང་དགོས་པ་རེད།

    Reply
  5. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 17 སྔོན།

    བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག
    དགོད་རྒྱུ་ཡོང་གི་འདུག ང་ཚོའི་སྤུན་ཟླ་ཚོའི་མགོ་ལ་ཁྲག་ད་དུང་སྐམ་མེད་ཡ།
    ཁྲག་སྐམ་རྗེས་ཡིན་དཱའ།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    རྩོམ་ཡིག་འདིའི་ནང་གི་གླེང་གཞི། བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག ཅེས་པ་འདི་ནི་རིག་གནས་གསར་བརྗེ་ཆེན་མོའི་སྐབས་ཀྱི་འབོད་ཚིག་ཅིག་ལོས་ཡིན་སྙམ་པ་ཞིག་འདུག

    ཁྲི་ལོར་བརྟན་པར་ཤོག་ཅེས་པ་ནི་རྒྱ་ཡིག་གི་ 万岁 ཞེས་པ་ལས་ཚུར་འགྱུར་བ་རེད།

    རིན་པོ་ཆེ་མཆོག་ནི་སྤྱིར་བཏང་རྒྱ་ནག་གི་ཡི་གེ་བོད་ཡིག་གི་ནང་དུ་འགྱུར་བའི་སྐོར་ལ་ནན་ཏན་གྱིས་སྐྱོན་སེལ་གནང་མཁན་ཞིག་ཡིན་ཡང་། དེང་སྐབས་རྒྱ་ནག་གཞུང་གི་ཐ་སྙད་དག་འཁྱེར་ཡོང་ནས་གསུང་བཤད་གནང་བ་དང་། གྲོས་ཚོགས་ནང་དུའང་། བོད་རྒྱ་མི་རིགས་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག་ཅེས་ལབ་ཡོད་ལ། ལབ་པ་ཙམ་དུ་མ་ཟད་ཡིག་ཐོག་ལའང་བྲིས་ཡོད། སྐད་ཆ་དེ་བཤད་སྐབས་བོད་རྒྱ་མི་རིགས་གཉིས་ཀྱི་ཚོགས་ཞུགས་པ་ཚང་མ་དང་གསར་འགོད་པ་བཅས་ཡོད་ཡོད་པ་མ་ཟད། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་དྲོན་མོ་ཡོད་ས་ནས་ལབ་པ་ཡིན་ཅེས་བཀའ་ལན་གནང་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese