མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་ཁག་གི་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

སེར་བྱེས་ལྡན་མ་ཁང་ཚན་དུ་ཆོས་བརྒྱུད་ཁག་བཞིའི་གནད་ཡོད་མི་སྣ་ཁག་ཅིག་གདན་ཞུས་ཀྱིས། ཉིན་གཉིས་རིང་ཆོས་བརྒྱུད་སོ་སོའི་བྱུང་རིམ་དང་ཕྱི་ནང་གི་ལྟ་གྲུབ། དབུ་མའི་ལྟ་བ་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་ཡོད།

ཕྱི་ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་སེར་བྱེས་ལྡན་མ་ཁང་ཚན་དུ་སྦེལ་ཀོབ་གཉའ་ཁྲི་ཆོས་རིག་ཞབས་ཞུ་རིས་མེད་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག ཆོས་བརྒྱུད་ཁག་བཞིའི་མཁན་པོ་དང་དཔེ་ཁྲིད་དགེ་རྒན་སོགས་མཁས་དབང་ཁག་ཅིག་གདན་ཞུས་ཀྱིས་ཕྱི་ནང་གི་ལྟ་གྲུབ་དང་ཆོས་བརྒྱུད་སོ་སོའི་བྱུང་རིམ། དབུ་མའི་ལྟ་བའི་སྐོར་བཅས་ལ་བགྲོ་གླེང་གནང་ཡོད་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་དཔལ་ལྡན་མཆོག་དང་། ས་གནས་ཁྲིམས་ཞིབ་པ་མཚོ་སྣ་གཡུ་ཐོག་ལྷག་པ་མཆོག ས་གནས་གཞིས་མགོ་གཉིས་ཀྱི་ལས་ཚབ། བགྲོ་གླེང་བ་དང་ཚོགས་ཞུགས་པ་སོགས་མི་སྣ་བརྒྱ་ལྷག་འདུ་འཛོམས་བྱུང་ཡོད།

ཉིན་དེར་གཉའ་ཁྲི་ཆོས་རིག་ཞབས་ཞུ་རིས་མེད་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་གྲྭ་ངག་དབང་སྟོབས་ལྡན་མཆོག་གིས་ཐེངས་འདིའི་བགྲོ་གླེང་སྐོར་ལ་ངོ་སྤྲོད་གསུང་བཤད་གནང་དོན།  ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་ང་ཚོ་བོད་མི་རྣམས་གང་སར་འཐོར་ཏེ། རྒྱ་གར་གཙོས་མི་ཡུལ་ལུང་པ་གང་སར་སྐྱབས་བཅོལ་གྱི་མི་ཚེ་བསྐྱལ་ནས་མི་ལོ་ ༥༠ འཁོར་བའི་སྐྱིད་སྡུག་དྲན་གསོ་བྱེད་པའི་ལོ་དུས་འདིར།  ༧གོང་ས་མཆོག་གི་བཀའ་དྲིན་དང་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་སྲ་བརྟན་ལ་བརྟེན། གཞིས་ཆགས་ཁག་བརྟན་གནས་ཐུབ་པ་དང་ཤེས་ཡོན་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཙམ་མ་ཟད། ས་དགེ་བཀའ་རྙིང་དང་བཅས་པའི་ཆོས་བྱེད་དགེ་འདུན་གྱི་སྡེ་རྣམས་ཀྱང་མཐུན་སྒྲིལ་དམ་ཟབ་ཐོག འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རྣམས་ཡར་རྒྱས་དང་གོང་འཕེལ་གང་འཚམ་ཕྱིན་ཡོད། འོན་ཀྱང་། ༧གོང་ས་མཆོག་གི་རླབས་ཆེན་དགོངས་བཞེད་ནང་སྤྱིར་འཛམ་གླིང་གི་ཆོས་ལུགས་ཁག་དང་། ཁྱད་པར་བོད་ཀྱི་ཆོས་བརྒྱུད་རྣམས་ཐུགས་མཐུན་དམ་གཙང་ཐོག་ཆོས་བརྒྱུད་སོ་སོའི་ལྟ་གྲུབ་སོགས་ཐུན་མོང་གྱི་དཀའ་གནད་རྣམས་ལ་ཆགས་སྡང་དང་ཕྱོགས་རིས་སྤངས་པའི་ཐོག་སློབ་སྦྱོང་དང་། ཉམས་ལེན་དགོས་པ་གལ་ཆེའི་བཀའ་སློབ་ལན་མང་ཕེབས་ཡོད་སྟབས།  ཐེངས་འདིའི་ཆོས་བརྒྱུད་ཁག་གི་མཁན་པོ་གཙོས་མཁས་དབང་ཁག་ཅིག་གདན་ཞུས་ཀྱིས་ཉིན་གཉིས་རིང་གི་བགྲོ་གླེང་ཚོགས་འདུ་འདི་བསྐངས་པ་ཡིན་ཞེས་དང་། ཡང་ཁོང་གིས་འདི་ནི་ང་ཚོ་གྲྭ་རྐྱང་དཀྱུས་མ་འགའ་ཞིག་གམ། ཡང་ན་གཉའ་ཁྲི་ཆོས་རིག་ཞབས་ཞུ་རིས་མེད་བོད་ཀྱི་དཔེ་མཛོད་ཁང་གིས་ལྷག་བསམ་རྣམ་དག་གིས་བོད་ཀྱི་ཆོས་དང་རིག་གཞུང་རྣམས་ཡར་རྒྱས་གོང་འཕེལ་དང་། ཆོས་བརྒྱུད་ཁག་ནང་སྔར་བས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དང་དཔུང་པ་མཉམ་སྐྱོད་ཡོང་ཆེད་ཡིན་ཞེས་གསུངས་ཡོད།

ཉིན་དེར་སྐུ་མགྲོན་གཙོ་བོ་སེར་བྱེས་མཁན་རིན་པོ་ཆེ་མཆོག་གིས་འདི་ལྟ་བུའི་ཆོས་བརྒྱུད་ནང་ཁུལ་དུ་བགྲོ་གླེང་གོ་སྒྲིག་ཞུ་ཐུབ་པ་དངོས་གནས་ཡག་པོ་རེད་ལ། ངས་སེར་བྱེས་ལས་ཁུངས་ཀྱི་ཚབ་བྱས་ཏེ། ཚོགས་འདུ་གོ་སྒྲིག་པ་དང་བགྲོ་གླེང་དུ་ཞུགས་མཁན་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་དང་། ཐེངས་འདིའི་བགྲོ་གླེང་དེ་ཆོས་བརྒྱུད་ནང་ཁུལ་དུ་བགྲོ་གླེང་གནང་བ་ཐེངས་དང་བོ་ཆགས་ཡོད་ནའང་། བགྲོ་གླེང་བ་རྣམས་ཀྱིས་གྲུབ་འབྲས་ལྡན་པ་དང་ཕན་ཚུན་ལ་བློ་བསྐྱེད་རྙེད་པའི་བགྲོ་གླེང་ཡག་པོ་གནང་རྒྱུ་མ་ཟད། མ་འོངས་པར་ཡང་འདི་ལྟ་བུའི་བགྲོ་གླེང་མུ་མཐུད་འཚོགས་ཐུབ་ན་དགེ་མཚན་ཆེན་པོ་མཐོང་གི་འདུག་ཅེས་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་འདིར་ཐུགས་རེ་ཆེན་པོ་གནང་སོང་།

ཐེངས་འདིའི་བགྲོ་གླེང་གཙོ་སྐྱོང་བ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས་དང་བགྲོ་གླེང་གསུང་བཤད་གནང་མཁན་རྣམས་ནི། རྫོགས་ཆེན་མཁན་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་དང་སེར་བྱེས་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་དཔལ་ལྡན་མཆོག རྣམ་གྲོལ་གླིང་སློབ་དཔོན་དོལ་པོ་སྤྲུལ་སྐུ་དང་བཀའ་བརྒྱུད་དཔེ་ཁྲིད་རྒན་ཡེ་ཤེས་རྒྱ་མཚོ། ས་སྐྱའི་དཔེ་ཁྲིད་རྒན་འཇམ་དབྱངས་མགོན་པོ། དགེ་ལུགས་དགེ་བཤེས་རྒན་ཡ་མ་བསོད་ནམས། ས་སྐྱའི་དཔེ་ཁྲིད་རྒན་ངག་དབང་ལྷུན་འགྲུབ། དགེ་ལུགས་དགེ་བཤེས་ཐུབ་བསྟན་ལེགས་སྨོན་བཅས་ཡིན་འདུག

ཉིན་གཉིས་རིང་གི་བགྲོ་གླེང་གི་བརྗོད་གཞི་ནི། ཆོས་བརྒྱུད་སོ་སོའི་བྱུང་རིམ་དང་ཕྱི་ནང་གི་ལྟ་གྲུབ། དབུ་མའི་ལྟ་བ་སོགས་ཀྱི་སྐོར་བཅས་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 8

  1. ཚོགས་བདག says:
    ལོ་ 17 སྔོན།

    ཨ་ཁ་ཁ། ཐུབ་བསྟན་འཕེལ་རྒྱས་ཟེར་པའི་དཀྲུག་འདྲེ་དམ་ཉམས་དེ་འདི་ན་འདུག མཐོང་པ་ཙམ་གྱིས་སྐྱུག་མེར་ལང་གི་འདུག ཆོས་ལུགས་སྤྱི་འཐུས་ཀྱི་མིང་ཁྱེར་ནས་མདོ་སྟོད་ནག་ཕྱོགས་པ་ཕུང་རྒན་ཨོ་སྟོབས་སོགས་ཀྱི་རྒྱུགས་ཁྱི་བྱས། བོད་བསྟན་སྲིད་ཕུང་ལ་སྦྱར་པའི་ལས་ཞེ་གཅིག་སྒྲུབ་གྱིན་པ་འདི་འདྲ་ལས་ལྷག་པའི་བདུད་ར་ཅན་ཞིག་གང་ན་ཡོད། ཡུགས་ས་མ་རྣམས་ཀྱིས་འདིའི་རྗེས་ལ་ཐལ་པ་གཏོར། མདོ་བཟློག་གྱིས།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རེ་བ་རིམ་བཀང་ཡོད་པ་བཤིག་གི་ཐལ།།
    རྨི་ལམ་ཐུན་གཅིག་ཡོད་པ་གཏོར་དང་ཐལ།།
    སྐྱིད་སྡུག་མཉམ་མྱོང་ཡིན་པ་བརྗེད་འདུག་པའི།།
    སྤུན་ཟླའི་ཚོགས་རྣམས་མཐོང་དུས་གཟེར་ཟུག་ལྕི།།

    Reply
  3. བློ་དགའ། says:
    ལོ་ 17 སྔོན།

    སློབ་དཔོན་མིང་ཅན་འདིས་བོད་ཡིག་ཡག་པོ་ཞིག་ཀྱང་འབྲི་མི་ཐུབ་པར་སྐད་ཆ་སྦོམ་པོ་རྐྱང་བཤད་ཀི་འདུག ཁྱེད་རང་གི་མིང་ལ་ཁྱི་དཔོན་བཏགས་ན་ཏག་ཏག་རེད་ཤག

    པར་དང་པོའི་ནང་གི་ལག་གཡོན་པའི་ཕྱོགས་ན་ཡོད་པའི་གྲྭ་གཟུགས་སྡོམ་ཤོར་དེ་ཁྱེད་རང་ཡིན་ས་རེད། དཀོན་མཆོག་མཁྱེན། སྔོན་ཆད་ཅིག་ལ། ལྡི་ལི་མན་ཇུ་ཊི་ལར་ཡོད་པའི་མགྲོན་ཁང་ཅིག་ནས་སྨད་འཚོང་མ་ཞིག་དང་མཉམ་དུ་འདུག་ཟེར དེ་རིང་གྲྭ་ཚང་ཅིག་གི་ཚོགས་ཆེན་མདུན་ན་འདུག ད་དངོས་གནས་འཇིག་རྟེན་འདི་ཁྱད་མཚར་རེད་འདུག

    Reply
  4. སློབ་དཔོན་ says:
    ལོ་ 17 སྔོན།

    མིང་ཆོས་བརྒྱུད་ཁག་གི་མིང་ཁྱེར་ནས་སླེབས་ཀྱང་ཕར་སླེབས་སྐབས་ཆོལ་ཁའི་དབང་དུ་ཕྱོགས་འགྲོ་གིན་ཡོད་པས། དེའི་ཐད་དུ་དགོངས་ཚུལ་ཅི་ཡོད་ཅེས་དྲིས་པར་་་་་་་་་་་་་་ལེན་བོད་ཀྱི་དུས་བབ་ཚང་གི་གསར་འགོད་པ་ཁྱེད་རངགི་མིང་གི་ཐོག་མ་བོད་ཅེས་མཁོད་དགོས་ལ་བསམ་ན་དྲི་བ་དེ་བོད་ཀྱི་གསར་འགོད་པའི་དྲི་བ་ཞིག་མ་རེད་ལ་དེ་འཕེལ་ཆེ་རྒྱ་ནག་སྲིད་གཞུང་གི་དྲི་སྒྲགས་ཞིག་འདྲ་པོ་འདུག་

    Reply
  5. སློབ་དཔོན་ says:
    ལོ་ 17 སྔོན།

    དུས་བབ་ཚང་གི་གསར་འགོད་པ་ཞིག་ན་ཡིན་རེད་རྩམ་སྒྲིག་པ་སུ་ཞིག་ཡིན་ན་བསམ་བློ་ནང་ག་དུས་ཡིན་ན་ཕྱོགས་ཞིན་འགྲོ་མིན་ཐད་ཟབ་ཟབ་གནང་དགོས་པ་འདུག་་་་་་་་་་ཕྱོགས་ཞིན་གྱི་ལམ་ནས་ཁེ་ཕན་མེད་པ་ཆོས་ཕྱོགས་ཀྱི་སྐད་ཆ་རྩམ་མིན་་་སོསོའི་འདོད་པའི་འཆོ་ཁ་དང་ལུང་ཚན་དེའི་གྲངས་ཚད་ལ་གཟིགས་ན་ཕམ་ཉེས་ལས་མེད་པ་ཤེས་དགོས་་་་་ལ་བོད་སྤྱི་པ་ལ་ཡང་ཕམ་ཁ་རེད་་་་་་སངས་རྒྱས་བསྟན་པ་ལ་ཡང་དེའི་གནོད་གི་རེད་་་་་་་་་་་དེས་ན་གཤམ་ཏུ་ཁྱེད་ཚོའི་བཤད་ཚུལ་ལྟོས་དང་་་་་་་་་་མཐའ་ན་དྲིས་བ་འདྲི་ན་མི་དགོས་པའི་འཐེན་ཆེར་ཡོད་པ་ཞིག་རེད་དངོས་གནས་ཡིན་་དངོན་སུམ་ཡིན་གཟིགས་དང་་་་་་་་་ཁ་དཔེ་ལ་རང་གི་བཟོས་པའི་ཆང་དེ་མ་ཞིམ་ནའང་རང་གི་མཐུང་རྒྱུ་རེད་ཟེར་བ་བཞིན་་དྲངས་ཚུལ་ཐོག་ལྟོས་དང་

    སྤྱི་གཏང་དུས་བབ་ཚང་གི་གསར་འགོད་པ་ལ་མིག་གཅིག་དང་རྣ་བ་གཅིག་ལས་མེད་པ་ཞིག་མིན་ན་་་་་་་་་་་་་་གཟིགས་དང་ཁོའི་དྲི་བ་ལ་
    སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྡོམ་རྒྱག་མ་ཐུབ་པའི་སྐོར་ལ་དགོངས་ཚུལ་ཅི་ཡོད་དང་། སྤྱི་ཚོགས་ནང་ཆོས་བརྒྱུད་ཁག་ནས་ཕེབས་པའི་སྤྱི་འཐུས་རྣམས་དགོས་མཁོ་མི་འདུག མིང་ཆོས་བརྒྱུད་ཁག་གི་མིང་ཁྱེར་ནས་སླེབས་ཀྱང་ཕར་སླེབས་སྐབས་ཆོལ་ཁའི་དབང་དུ་ཕྱོགས་འགྲོ་གིན་ཡོད་པས། དེའི་ཐད་དུ་དགོངས་ཚུལ་ཅི་ཡོད་ཅེས་དྲིས་པར

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སྤུན་ཟླ་ཚོ་བོད་ཀྱི་དུས་བབ་འདི་ནི་བོད་ཡིག་འབྲི་ས་ལས་དབྱིན་ཡིག་འབྲི་ས་ཞིག་མིན་པ་ཐུགས་སུ་འཇག་རོགས་ཞུ།

    Reply
  7. Dhonling Bhu says:
    ལོ་ 17 སྔོན།

    Hello Lobsang lak, Before you have point your finger to other people, you should stand infront of mirror or you should think very carefully how you are and what you are doing?? It’s easy to find some mistakes from others but it’s important for you to find mistakes from your self. OK…

    Thuk Jeh Che..

    Reply
  8. བློ་བཟང༌། says:
    ལོ་ 17 སྔོན།

    པར་དང་པོའི་ནང་གི་གཡས་གཡོན་གྱི་མི་གཉིས་པོ་དེ་མཐོང་སྣང་མ་བདེ་བ་ཞིག་འདུག ལྟས་པ་ཙམ་གྱི་གཟི་བརྗིད་ཁོག་སྟོང་གི་བཟོ་ལྟ་འདུག གཟིག་ལྤགས་གྱོན་པའི་བོང་བུ་རང་རེད། ཡ་རབས་སྤྱོད་བཟང་གི་དྲི་མ་ཙམ་ཡང་ཡོད་བཟོ་མི་འདུག་གོ་ ཁྱོད་ཚོས་གཟིགས་དང་དོགས་ཅན་པ་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese