མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རྒན་དྲུག་ཅུའི་རྒྱ་ནག རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱིས་ལོ་རྒན་དྲུག་ཅུའི་སྐྱེས་སྐར་ལ་རོལ་གིན་ཡོད། བོད་ཚུད་པའི་གྲངས་ཉུང་མི་རིགས་ཚོས་ལོ་རྒན་དྲུག་ཅུའི་མནར་སྡུག་གི་ཁྲོད་ནས་འབྱུང་འགྱུར་གྱི་ལོ་ ༣༠ ལ་ལྟ་གིན་ཡོད།

རྒྱ་ནག་གི་ལོ་རྒན་དྲུག་ཅུ་ནི་སྔ་ཕྱི་གཉིས་སུ་བགོ་དགོས། ཕྱེད་སྔ་མ་སུམ་ཅུ་ནི་མུན་ནག་གི་ལོ་རེད། ཕྱེད་ཕྱི་མ་སུམ་ཅུ་ནི་དཔལ་འབྱོར་འགྲན་རྩོད་དང་ལྐོག་ཟ་རུལ་སུངས་ཀྱི་ལོ་རེད། འདིའི་རྗེས་ཀྱི་ལོ་སུམ་ཅུ་ནི་ཆབ་སྲིད་ལམ་ལུགས་བཅོས་སྒྱུར་དང་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐག་གཅོད་པའི་ལོ་རེད། མཐའ་མའི་ལོ་བཅུ་དེ་ནི་རྒྱ་ནག་གསར་པ་ཞིག་མགོ་ཚུགས་པའི་བར་བརྒལ་གྱི་ལོ་ཡིན།

ད་བར་གྱི་འཕེལ་རིམ་ལ་བལྟས་ན། རྒྱ་ནག་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་དགོས་ན་ལོ་ ༣༠ རེའི་དུས་ཡུན་ཞིག་དགོས་པར་འདོད། དཔེར་ན། ཆིན་རྒྱལ་རབས་འཇིག་རྗེས་ཀྱི་ལོ་སུམ་ཅུ་སོ་གྲངས་ཤིག་གི་རིང་ལ་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་ཚུགས་པ་རེད། ༡༩༤༩ ལོ་ནས་ ༡༩༧༩ ལོ་བར་གྱི་ལོ་སུམ་ཅུའི་རིང་དུ་མཆོང་སྐྱོད་ཆེན་མོ་དང་དམངས་གཙོ་བཅོས་སྒྱུར། རིག་གནས་གསར་བརྗེ་སོགས་ཀྱི་རླུང་ནག་འཁོར་ཏེ། རྒྱ་ནག་རྒྱལ་ཡོངས་སུ་མུ་གེ་དང་འཐབ་རྩོད་ཀྱི་གོ་རིམ་ཁྲོད་མི་གྲངས་ས་ཡ་མང་པོ་རྐྱེན་ལམ་དུ་ཕྱིན་པ་རེད། ༡༩༧༩ ལོ་ནས་བཟུང་སྲིད་བྱུས་གུ་ཡངས་དང་ཕྱི་ཕྱོགས་སྒོ་འབྱེད་བྱས་ཏེ། དེ་རིང་བར་གྱི་མི་ལོ་ ༣༠ རིང་རྒྱ་ནག་འདི་ཞི་བདེའི་འཕེལ་རྒྱས་ Peaceful Rise ཞེས་པའི་དར་ཆའི་འོག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲས་སུ་བསླེབས་པ་མ་ཟད། དེང་སྐབས་དཔལ་འབྱོར་དང་རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་རྩེད་འགྲན་ཁྲོད་རྒྱ་ནག་གི་བྱེད་ནུས་ནི་མེད་ཐབས་མེད་པ་དང་། ཡོད་ན་མི་ཐུབ་པའི་ཚད་དུ་གྱུར་ཡོད།

ཡིན་ཡང་རྒྱ་ནག་ལ་རང་སྟེང་གི་དཀའ་རྙོག་ཆེན་པོ་འགའ་ཡོད་ལ། དཀའ་རྙོག་དེ་དག་ནི་འབྱུང་འགྱུར་གྱི་ལོ་ ༣༠ རིང་ཐག་ཆོད་དགོས། ད་ལྟའི་ཆབ་སྲིད་ཀྱི་ལམ་ལུགས་ལ་བཅོས་བསྒྱུར་གྱིས་དམངས་གཙོ་ཚད་ལྡན་ཅན་དུ་འགྱུར་རྒྱུ། དབུལ་ཕྱུག་གི་ཧེ་བག་སྙོམ་སྒྲིག ཞིང་གྲོང་ནས་བསླེབས་ཤིང་ལོ་རྟག་པར་ཡར་ལངས་བྱེད་བཞིན་པའི་ལས་མེད་ས་ཡ་ ༢༠༠ ཡི་འཚོ་བ་ཐག་གཅོད། དེ་ལས་ཀྱང་གལ་ཆེ་བ་ནི་བོད་དང་ཞིན་ཅང་གིས་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐག་གཅོད་བཅས་རེད། འདི་དག་ནི་སང་ཉིན་ནས་བརྩིས་པའི་མ་འོངས་པའི་ལོ་ ༣༠ རིང་ཐག་གཅོད་དགོས་ཤིང་། གནད་དོན་འདི་ཚོ་ཐག་གཅོད་ལེགས་པོ་ཞིག་བྱ་ཐུབ་མིན་གྱི་རྐྱེན་གྱིས་མ་འོངས་པའི་རྒྱ་ནག་གི་བཟོ་ལྟ་དེའང་རང་བཞིན་གྱིས་མངོན་ཡོང་གི་རེད། ད་ནས་བརྩིས་པའི་ལོ་ ༣༠ ནང་དུ་རྒྱ་ནག་གི་སྟོབས་ཤུགས་དེ་འཛམ་གླིང་གི་ཡང་རྩེར་འཛེགས་ཐུབ་མིན་ཡང་ཐག་གཅོད་འདི་དག་ལ་རག་ལས་ཡོད།

འབྱུང་འགྱུར་གྱི་མི་ལོ་ ༢༠ ནས་ ༣༠ རིང་ནི་བོད་མི་རིགས་ལ་མཚོན་ནའང་གལ་ཆེན་དུ་གྱུར་ཡོད་ལ། དུས་མཚམས་འདི་ནི་བོད་མི་ཚོའི་ངོས་ནས་དམིགས་བསལ་གྱིས་བོད་ཀྱི་བདེན་མཐའ་གསལ་ཆེད་སེམས་རྩ་བརྟན་པོ་དང་དཔུང་པ་མཉམ་གཤིབ་བྱ་དགོས་པ་དང་། ཆབ་སྲིད་ཙམ་མིན་པར་ཤེས་ཡོན་གྱི་ཕྱོགས་ནས་ཀྱང་གྲ་སྒྲིག་བྱ་དགོས་ལ། བོད་དོན་འཐབ་རྩོད་འདི་མི་ལོ་ ༡༠༠ རིང་སྡོད་པའི་དབང་དུ་བྱས་ན་དེ་རིང་ནས་བརྩིས་པའི་འབྱུང་འགྱུར་གྱི་མི་ལོ་ ༣༠ ནི་ང་ཚོའི་འཐབ་རྩོད་ཀྱི་དུས་རིམ་མཐའ་མ་དེ་ཡིན་པར་འདོད་པས་གཞུང་དམངས་དང་སྤྱི་སྒེར་ཚང་མས་ཁ་ཕྱོགས་གཅིག་ནས་ཁུར་མཉམ་ལེན་བྱ་དགོས་པའི་དུས་རེད་སྙམ་མོ།།

འབྲེལ་ཡོད་གསར་འགྱུར།

1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩

མཆན། 6

  1. ཆོས་འཕེལ་བློ་བཟང་། says:
    ལོ་ 17 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས། ཕྲན་ལ་ཟིན་བྲིས་ཤིག་སྒོ་ཕྱེ་རོགས་གནང་། ངས་ཐོ་འགོད་བྱས་ཟིན་ཡོད། མིང་་་་ཆོས་འཕེལ་བློ་བཟང་དང་ཐོ་མིང་་་་་་་་chophellobsang བཅས་ཡིན་ལགས་ན་་་་གང་མགྱོགས་བདག་ལ་དུས་བབ་ཟིན་བྲིས་པའི་ས་མིག་གནང་རོགས་གནང་།

    Reply
  2. གངས་རི་སྐྱབས། says:
    ལོ་ 17 སྔོན།

    སྙན་ངག་འདི་ནི་བདག་གིས་ཉེ་སྔོན་བྲིས་ནི་ཞིག་ཡིན་མོད། དེ་རིང་ངས་རྒྱ་དམར་གཞུང་གིས་མི་གསོད་ཁྲག་སྦྱོར་བྱས་ཏེ་ལོ་ངོ་དྲུ་ཅུ་འཁོར་བའི་དགའ་སྟོན་ལ་ཆེད་དུ་ཕུལ་བ་ཡིན།

    གཏུབ་གྲི་རྣོན་པོ།

    ཡུལ་གྱར་བའི་གོ་རིམ་ནི་སྐྱོ་དུབ་ཀྱིས་སྨྲེང་འོང་བ་ཞིག་ཡིན་པ་སུ་ཡིས་ཤེས།
    གཏུབ་གྲིའི་སོ་ཁ་ན་ལུས་པའི་ངའི་ཤ་རུས་ཁྲག་རྒྱུན་གཅིག་པའི་སྤུན་ཟླ་ཚོ།

    མི་ལོ་ལྔ་བཅུར་སོན་པའི་གཏུབ་གྲི་རྣོན་པོ།
    མ་གཞིར་ང་ཚོས་ཞེ་ནག་པའི་ལས་ཀྱི་སྦྱོར་བ་ཅི་གང་རྩོམ་མ་མྱོང་ཡང་།
    ཞེ་སྡང་གིས་སོ་ཁ་འཆའ་བའི་དུས་ཚོད་ཀྱི་སྙིང་རླུང་སྟོད་ལ་འཚང་།
    ཤ་ཉོག་རུས་ཉོག་ཏུ་གཏོང་ཞིང་བརྒལ་མི་ཐུབ་པའི་དགུན་ཟླའི་ཕ་རོལ་ནས།
    སྐྱེས་པ་འདིའི་རྩུབ་རུས་གསོ་བྱེད་ཀྱི་མེ་དྲོད་ཅིག་མིག་གིས་མཐོང་སྲིད་དམ།

    ཁ་བྲལ། སོ་མྱུལ། ལོག་སྤྱོད།
    གཏུབ་གྲི་རྣོན་པོ་དེའི་ཁ་ནས་ཁྲག་ཐིགས་རེ་འཛུམ་ཞིང་།
    ལྐུགས་པ་དང་སྨྱོན་པར་བསྒྱུར་བའི་ལྷག་མ་དག་ཕ་མ་ཚོའི་པང་དུ་ལོག་ཡོང་དུས།
    འཇིགས་རུང་གི་ནམ་མཁའ་འདིར་མིག་གིས་ལྟ་ཕོད་དཀའ་ཡང་།
    སུ་ཞིག་གི་སྙིང་རྩར་བརྡབ་པའི་གཏུབ་གྲིའི་རྨ་ཁ་ནི་ན་ཟུག་གིས་མུ་བཞིན་ལྷག་ཡོད།

    ༢༠༠༩ ༩ ༡༧ཉིན།

    སྒེར་གྱི་ཟིན་བྲིས་ལས་བདམས་བཀོད་བྱས་པ་ཡིན།

    Reply
  3. གངས་རི་སྐྱབས། says:
    ལོ་ 17 སྔོན།

    གང་ལྟར་ཁོང་ཚོའི་བྱེད་སྟངས་འདི་ཕྱི་ལོགས་ཀྱི་ལྟད་མོ་པ་དག་གི་གད་མོའི་ཡུལ་དུ་གྱུར་ཡོད།

    Reply
  4. གངས་རི་སྐྱབས། says:
    ལོ་ 17 སྔོན།

    རྒྱ་གཞུང་འདི་སྙིང་རྗེ་བ་ལ། ཁོང་ཚོས་ད་བར་མང་གཙོའི་གོ་དོན་དང་དངོས་མྱོང་གང་ཡང་བརྒྱུད་མ་མྱོང་སྟབས། འདི་འདྲའི་རྙོག་གླེང་ཙམ་ལ་ཧ་ལས་པའི་སྐད་ཆ་བཤད་ཀྱིན་འདུག་པར་ལྟོས་དང་། མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་དང་ཚོགས་སྡེ་ཞིག་ཡིན་ན། འདི་ནི་སྤྱི་བཏང་ལྟ་བུ་ཆགས་ཡོད། ཀུན་ལ་གྲགས་པའི་ངེས་པ་དོན་གྱི་མང་གཙོའི་རྒྱལ་ཁབ་རྒྱ་གར་ལ་སོགས་ཀྱི་གྲོས་ཚོགས་ནང་རྐུབ་སྟེགས་ཀྱི་རྒྱག་རེས་བྱས་མྱོང་བ་རེད། འོན་ཀྱང་མང་གཙོའི་རང་དབང་ལོངས་སྤྱོད་ཀྱི་ཁྱད་ཆོས་མངོན་པར་ཐོན་པ་ཞིག་ལས། འདི་ནི་ནག་ཉེས་ཀྱི་ཁྲིམས་འགལ་གང་མི་བརྩི་བ་དེ་ཡིན། རྒྱ་གཞུང་གི་གཡོ་སྒྱུ་ཅན་སྲིད་བྱུས་དང་དེའི་མི་དམངས་ནི། དཔེར་ན། ནམ་རྒྱུན་མི་ཞིག་མགོར་གཟས་ཏེ་སྟ་རེ་ཞིག་འཕྱར་ནས་བསྡད་ཡོད་པ་དང་གཅིག་པ་གཅིག་རྐྱང་རེད། དེའི་འོག་ནས་སུས་ཀྱང་དགའ་སྡུག་ཁྲོ་ཆགས་ཀྱི་ངག་མི་འཁྲོལ་ལ། འཁྲོལ་ཡང་མི་སྲིད་པ་དེའོ། གང་ལྟར་ཁོང་ཚོའི་བྱེད་སྟངས་འདི་ཕྱི་ལོགས་ཀྱི་ལྟད་པ་དག་གི་གད་མོའི་ཡུལ་དུ་གྱུར་ཡོད།

    Reply
  5. མི་ཉག་སྐལ་བཟང་། says:
    ལོ་ 17 སྔོན།

    བོད་ཀྱི་བང་ཆེན་ནང་བཀོད་ཡོད་པ་དེ་རེད། ཀློག་ཙམ་གྱིས་དང་སྙིང་ལ་ན་ཟུག་རྒྱག་གིན། རྒྱ་གཞུང་གིས་བཙན་བྱོལ་གྲོས་ཚོགས་ལ་དམའ་འབེབས།
    བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་རྐྱེན་སྣ་ཚོགས་ཀྱིས་ལུགས་ལྟར་མཇུག་བསྡོམས་རྒྱག་ཐུབ་མེད་པ་དང༌།བཙན་བྱོལ་དུ་ཡོད་པའི་བོད་མི་ཚང་མས་འདིའི་ཐད་ཧ་ཅང་གི་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། དེ་བཞིན་དེང་སྐབས་རྒྱ་ནག་གཞུང་གིས་ཀྱང་གྲོས་ཚོགས་ཀྱི་སྐོར་སྐྱོན་བརྗོད་རིང་པོ་ཞིག་བྲིས་ཡོད་པ་རེད།
    ཕྱི་ཟླ་༩ པའི་ཚེས་༢༥ ཉིན་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཞེས་པ་རྒྱ་ནག་གི་གཞུང་འབྲེལ་དྲ་རྒྱའི་ཐོག་འགོ་བརྗོད་དུ། <<ཏཱ་ལས་མང་གཙོ་ལག་ལེན་བསྟར་བ་ཞེས་པ་བཞད་གད་ཀྱི་ཡུལ་དུ་གྱུར་པ>>ཟེར་བའི་ནང་བརྗོད་དོན། ཏཱ་ལས་རྟག་པར་བཙན་བྱོལ་སྤྱི་ཚོགས་སུ་མང་གཙོ་ལག་ལེན་བསྟར་ལུགས་འུད་སྒྲོག་བྱེད་བཞིན་ཡོད་ཀྱང། ད་ཐེངས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་བརྒྱད་པ་ཟེར་བས། སྤྱི་འཐུས་བྱེ་བྲག་པ་གཅིག་གི་འགྲོ་སོང་གཏོང་མིན་སྐོར་གྱི་རྙོག་ཟིང་ལས་མཇུག་བསྡུ་མ་ཐུབ་པ་ཆགས་པ་དེས། མང་གཙོ་ཟེར་བའི་སྐད་ཆ་དེའི་རྫུན་རྐུབ་རྦད་དེ་བརྡོལ་ཡོད་ཅིང༌། བཙན་བྱོལ་ནང་མི་མང་བརྒྱ་ཆ་༧༥ ཙམ་ལས་མེད་ཡིན་པ་དང། ཁོ་ཚོར་ཟས་གོས་མི་རག་པའི་འཚོ་བའི་དཀའ་ངལ་དང། སློབ་གྲྭའི་ཁང་པ་མང་ཆེ་བ་ལྕགས་ཤོག་ལས་གྲུབ་པ། སྤྱིར་བཏང་མང་ཚོགས་ཀྱི་སྡོད་གནས་བརླན་བཤེར་དང་གསལ་ཆ་མེད་པ་བཅས་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་པོ་ཡིན་རུང། སྤྱི་འཐུས་ཚོས་སོ་སོ་སྒེར་གྱི་དངུལ་ཁུག་ལ་གྱོང་རག་མིན་རྩོད་པ་རྒྱག་པ་ལས། མང་ཚོགས་ཀྱི་བདེ་སྡུག་ལ་དོ་སྣང་དང་སེམས་འཁུར་བྱེད་མཁན་གཅིག་ཀྱང་མེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན་སྤྱི་འཐུས་བྱེ་བྲག་པའི་འགྲོ་སོང་གཏོང་མིན་དེ་ཁ་གཡར་ས་ཙམ་ཡིན་ཞིང།་གཙོ་བོ་ཏཱ་ལའི་རུ་ཚོགས་ནང་ཁུལ་ཕྱོགས་འཐེན་དཔུང་སྒྲིག་གི་འགལ་ཟླ་ཆེན་པོ་ཡོད་པའི་རྣམ་པ་ཕྱིར་མངོན་ཡོད། ད་ལོའི་ཟླ་བ་༦པའི་ནང་ཟམ་གདོང་ལས་གནས་ནས་དགོངས་པ་ཞུ་འདོད་པའི་སྐད་ཆ་བྱུང་ཡོད་པ་དེའང་གཟུགས་གཞི་སྐྱོ་པོ་ཡོད་ཚུལ་བརྗོད་ཡོད་རུང༌། དོན་དངོས་ནང་ཁུལ་དཔུང་སྒྲིག་ཕྱོགས་འགལ་གྱི་འཐབ་རྩོད་ཤིན་ཏུ་ཛ་དྲག་ཡིན་པ་དེ་རིང་གྲོས་ཚོགས་ཀྱི་ར་སྤྲོད་གསལ་པོ་བྱས་ཡོད། སྙིང་རྗེ་དགོས་པ་ཞིག་ལ་ཏཱ་ལའི་རུ་ཚོགས་ཀྱིས་རྟག་པར་མང་གཙོ་ཁར་འཁྱེར་ཏེ། ཕྱིའི་རྣམ་པ་སྙིང་རྗེ་པོ་ག་ཚོད་བཟོས་རུང༌། ནང་ཁུལ་སྤྱི་འཐུས་རྣམ་པའང་ཁོང་དང་རྒྱབ་འགལ་དང། སྒེར་དོན་གཅིག་པུར་འབད་པ་དེས་ག་ཚོད་བར་དུ་ཁུངས་འཁྱོལ་ཐུབ་ཀྱི་ཡོད་དམ་ཞེས་བཀོད་ཡོད་པ་རེད།
    དེའི་ནང་མུ་མཐུད་འཁོད་དོན། ཕྱོགས་གཞན་ཞིག་ནས་བཤད་ན་སྤྱི་འཐུས་བྱེ་བྲག་པ་ཞིག་གི་འགྲོ་སོང་གཏོང་མིན་གྱི་དོན་དག་ཆུང་ཙག་དེ་འདྲ་ཞིག་བཙན་བྱོལ་བོད་མི་ཆིག་འབུམ་ལྷག་གི་སྐུ་ཚབ་ཡིན་ཟེར་བའི་གྲོས་ཚོགས་ཀྱི་གྲོས་གཞིར་ཡོང་དགོས་དོན་ནི། གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་གནད་དོན་ཆེན་པོའི་རིགས་གོ་བསྡུར་བྱེད་རྒྱུ་གང་ཡང་མེད་ཅིང། ཚང་མ་ཏཱ་ལས་ཐེག་བཅད་ཚར་བ་དང་ཏཱ་ལས་བཙན་བྱོལ་གཞུང་གི་ལས་དོན་ཡོངས་རྫོགས་སྟངས་འཛིན་བདག་གཉེར་བྱེད་བཞིན་པའི་རྐྱེན་གྱིས་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ལོ་ངོ་ལྔ་བཅུ་ཚར་གི་ཐལ། ལོ་ངོ་སུམ་བཅུར་སྒུག་ཀྱང་མི་སྐྱོན་མོད། ད་ལྟའི་བྱེས་པ་ཚང་གི་སྤྱི་འཐུས་འདི་འདྲ་དག་གིས་རྒྱུན་སྐྱོང་བ་ཡིན་ན། རྒྱ་ནག་ལ་ལོ་ངོ་སུམ་བཅུར་སྒུག་མི་དགོས་པར་ལོ་ངོ་ཉི་ཤུའི་རྗེས་སུ་བོད་བྱེས་པ་ཚང་གི་གཞུང་འདི་རྩ་མེད་ཆགས་རྒྱུ་ཡིན་པ་ནི་གདོན་མི་ཟ་བ་རེད་འདུག་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese