མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ལྷོ་ཕྱོགས་ཀྱི་ཆུ་ལོག

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་ཉིན་ལྔའི་རིང་བསྟུད་མར་ཆར་ཞོད་ཆེན་པོ་བརྒྱབས་པའི་རྐྱེན་གྱིས། རྒྱ་གར་ལྷོ་ཕྱོགས་སུ་ཆུ་ལོག་རྒྱུགས་ཏེ་མི་ ༢༠༥ རྐྱེན་འདས་སུ་སོང་ཡོད་པ་དང་། མི་ཁྲི་ཚོ ༩༠ ལྷག་ཡུལ་གྱར་བྱ་དགོས་བྱུང་ཡོད་འདུག  ཀར་ན་ཊ་ཀ་འབྲེལ་ཡོད་དཔོན་རིགས་ཤིག་གིས་བརྗོད་དོན། ས་གནས་དེ་གར་མི་ ༡༦༨ རྐྱེན་འདས་སུ་གྱུར་ཡོད་པ་དང་། མི་ཁྲི་ ༣༠ ལྷག་ཡུལ་གྱར་བྱེད་དགོས་བྱུང་ཡོད་ཅེས་བརྗོད་ཡོད་འདུག དེ་བཞིན་ཨན་རྡི་ར་ས་ཁུལ་དུའང་མི་ ༣༧ རྐྱེན་འདས་དང་། མི་ཁྲི་ ༤༥ ལྷག་གནས་སྤོར་བྱ་དགོས་བྱུང་ཡོད་འདུག  ས་གནས་ཉེན་རྟོག་པས་བརྗོད་རྒྱུར། གནོད་འཚེ་ཕོག་ཡུལ་གྱི་མི་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། ས་ཁུལ་དེ་དག་ཏུ་ད་དུང་མྱུར་སྐྱོབས་རོགས་རམ་བྱེད་དུ་འགྲོ་ཐུབ་ཀྱི་མི་འདུག་པས། རྐྱེན་འདས་སུ་གྱུར་པའི་མི་གྲངས་ད་དུང་འཕར་སྲིད་པ་རེད་ཅེས་བརྗོད་ཡོད་འདུག

ཐེངས་འདིས་ཆུ་ལོག་གིས་གནོད་འཚེ་ཐེབས་ཁུལ་ཁག་ཏུ་སྡོད་ཁང་ཁྲི་སྟོང་མང་པོ་ཤིག་རལ་ཏུ་གྱུར་ཡོད་པར་མ་ཟད། ཞིང་ཁ་དང་སྡེ་གྲོང་། ལམ་ཁ། བརྡ་འཕྲིན་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེད། ས་གནས་སྲིད་གཞུང་གིས་གཟའ་ཉི་མའི་ཉིན་སྨན་བཅོས་རུ་ཁག་གནོད་འཚེ་ཐེབས་ཡུལ་ས་ཁུལ་ཁག་ཏུ་བཏང་སྟེ་མྱུར་སྐྱོབ་སྨན་བཅོས་བྱེད་མགོ་ཚུགས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

ཆུ་ཚོད་ ༡༤ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གསར་པ། ལི་ཤུའོ་ཝུ། པར་དྲ་ལམ་ནས་བླངས།
Mobile App

རྒྱ་གཞུང་གིས་རྒྱ་རིགས་ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོས་འདུག

ཆུ་ཚོད་ ༡༤ སྔོན་ལ།
རྒྱལ་མཚན་ནོར་བུས་ལྟ་སྐོར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱལ་མཚན་ནོར་བུ་བོད་མངའ་རིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཟེར་བའི་ལས་དོན་ཚོགས་འདུར་ཞུགས། 

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

༢༠༢༦/༡༠/༢༦
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

༢༠༢༦/༡༠/༢༦

མཆན། 10

  1. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་བདག་དོན་ཡོངས་སུ་བློས་བཏང་སྟེ་བདག་ཉིད་སྤངས་པའི་རྣམ་མཐར་ཞིག་བསྐྱངས་ཡོད་པར་སུ་ཞིག་ལ་དྭོགས་པ་སྐྱེ་དགོས་དོན་ཞིག་མེད་པ་རེད། འོན་ཀྱང་ཁོང་གི་མཛད་པའི་གཙོ་བོ་ཞིག་ནི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་བསྟན་ཏེ་རྒྱལ་བའི་བཀའ་ཡི་དགོངས་པ་བཀྲལ་བའི་སྟེང་ནས་བལྟ་དགོས་པ་ཡིན་སྟབས་གོང་གི་ཚིག་དེའི་མ་རྩོམ་ཁོ་རང་དང་བསྟུན་ན་མཐའ་གཉིས་སྤངས་པའི་འཁྲུངས་ས་ཡིན། །ཞེས་གསལ་ཡོད་པས་གོ་ལོག་དོན་ལོག་གི་དཔེ་བཤུ་འདི་འདྲ་ཕྱིན་ཆད་མི་འབྱུང་བའི་ཕྱོགས་ལ་གཟབ་རོགས་ཞུ་ཞུ་ཞུ། ཐུགས་ལ་མི་ཕོག་པར་ཞུ།

    Reply
  2. ནད་པ says:
    ལོ་ 17 སྔོན།

    ལྷོ་ཕྱོགས་དཔལ་གྱི་རི་བོ་ལ།།
    སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་བཞུགས།།
    བདག་ཉིད་སྤང་པའི་འཁྲུང་ས་ཡིན།།
    ཞིང་མཆོག་དེ་ན་སྐྱེ་བར་ཤོག།

    བྱང་ཕྱོགས་གངས་ཀྱི་རི་བོ་ལ།།
    རྒྱལ་བ་ཡབ་སྲས་རྣམ་གཉིས་བཞུགས།།
    སྙིང་རྗེ་ཅན་གྱི་འཁྲུང་ས་ཡིན།།
    ཞིང་མཆོག་དེ་ན་སྐྱེ་བར་ཤོག།

    ནུབ་ཕྱོགས་དཔལ་གྱི་ཨ་རི་ལ།།
    བྷུ་ཤི་ཨོ་བྷ་མ་སོགས་བཞུགས།།
    འགྲོ་ལོར་ཅན་གྱི་འཁྲུང་ས་ཡིན།།
    ཞིང་མཆོག་དེ་ནང་སྐྱེ་བར་ཤོག།

    ཤར་ཕྱོགས་དམར་པོའི་སྐམ་ས་ལ།།
    མའོ་ཏིང་ཅང་དང་ཧུའུ་ཅིན་བཞུགས།།
    གཡོ་སྒྱུ་ཅན་གྱི་འཁྲུང་ས་ཡིན།།
    ཞིང་མཆོག་དེ་ན་སྐྱེ་བར་ཤོག།

    Reply
  3. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    དུས་ཡུན་འདི་འདྲའི་ཐུང་ཐུང་ཞིག་གི་ནང་འཛམ་གླིང་གི་ས་གནས་མང་དག་ཅིག་ཏུ་འདི་ལྟའི་ཆུ་ལོག་དང་ས་ཡོམ། མཚོ་ནང་མིད་སོགས་ཀྱི་དོན་རྐྱེན་ལས་མི་གྲངས་འདི་འདྲའི་མང་པོ་ཞིག་རྐྱེན་འདས་སུ་གྱུར་དང་འགྱུར་བཞིན་གྱི་གནས་ཚུལ་སྤེལ་སོང་། འདི་ནི་རང་བྱུང་ཁམས་ཆེན་པོས་ང་ཚོར་སྤྲད་པའི་གོ་བརྡ་ཞིག་ཡིན་མོད། ང་ཚོས་ད་དུང་སོ་སོའི་རྒྱལ་ཁབ་དང་སྐབས་འཕྲལ་གྱི་སྤྲོ་སྣང་གི་འཚོ་བ་ཕུགས་མི་བརྟན་པ་ཞིག་གི་དོན་དུ་འཇིགས་ཟིལ་ཆེ་བའི་སྔོན་བརྡ་འདི་ཚོར་བརྡ་ལན་ཚུལ་མཐུན་ཞིག་སྤྲོད་ཀྱི་མེད།

    ངའི་ལྟ་སྟངས་ནོར་མེད་ན་ད་ལྟའི་ང་ཚོའི་སྲིད་དོན་པ་འདི་དག་དང་། བག་མེད་ལོངས་སྤྱོད་ཀྱིས་བཟི་བའི་ར་བཟི་རྐྱལ་སྟོང་བ་རྣམ་པ། བཟོ་ལས་དང་ཚོང་ལས་ཀྱི་འབྱོར་བདག་ཁག ད་དུང་ཁོང་ཅག་གི་མདུན་ལམ་སྟོན་མཁན་གྱི་ཚན་རིག་པ་ཕལ་ཆེར་ཞིག་གི་བྱེད་སྤྱོད་བཅས་ལ་བལྟས་ན་གང་གིས་ཀྱང་བཟློག་པར་མི་ནུས་པའི་རང་བྱུང་གི་སྲིན་པོ་འཇིགས་སུ་རུང་བ་ཞིག་སྒོ་ཁར་མ་ཐོན་བར་མུ་མཐུད་རང་བྱུང་གི་མཛེས་པ་ཐམས་ཅད་འདི་ལྟར་རྡོག་པས་བརྫི་ཡིན་ལམ་ལ་ཆས་རྒྱུ་ཡིན་པ་གཏན་འཁེལ་རེད།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གསར་འགྱུར་ཡིན་ན་དངོས་ནས་ཁ་གསལ་ཞིག་དགོས་ཀྱི་འདུག་ལགས།

    Reply
  5. རྒྱ་རགས། says:
    ལོ་ 17 སྔོན།

    ཡིད་ཆེས་པར་དཀའ་ཞེས་པར་བཅོས་རོགས།

    Reply
  6. རྒྱ་རགས། says:
    ལོ་ 17 སྔོན།

    ལྷོ་ཕྱོགས་ཟེར་བ་ཙམ་གྱིས་ཀློག་པ་པོའི་འདོད་བློ་ཚིམས་ཀྱི་མི་འདུག དངོས་གནས་ས་ཆ་གང་ཞིག་རེད་དམ། མངའ་སྡེ་དང་ས་གནས་གྲོང་སྡེ་སོགས་ཀྱི་མིང་མེད་པ་དེས་ཡིད་མི་ཆེས་པར་དཀའ།

    Reply
  7. འདྲེ་ཤིག་གསོན་པོ། says:
    ལོ་ 17 སྔོན།

    ཨོ་ཧོ། ཅི་འདྲའི་མི་མང་པོ་ཞིག་ཤི་འདུག ངོ་མ་བློ་ཡུལ་ལས་འདས་པ་ཞིག་རེད་ཡ།

    Reply
  8. སྟག་རྩེ་དཔལ་ལྡན says:
    ལོ་ 17 སྔོན།

    ཨ་ཁ་ཁ།སེམས་སྐྱོ་བ་ལ་ངའི་ཕ་ཡུལ་གཉིས་པ་རྒྱ་གར་ལྷོ་ཕྱོགས།དངོས་གནས་བློ་ཚབས་བྱེད་དགོས་པའི་གནད་དོན་ཞིག་རེད།

    Reply
  9. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    བློ་འཚབ་ལ་བཟོ་བཅོས་ཡོངས་བར་ཞུ།

    Reply
  10. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    སྙིང་རྗེ་་་་
    རྒྱ་གར་ལྷོ་ཕྱོགས་ས་གནས་གང་དང་གང་ཡིན་ནམ་་་ང་ཚོ་ངོ་མས་ལྦོབ་འཚབ་ཡོད་འདིའི་ཕྱོགས་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese