མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྟོན་སྐབས་བོད་སྐད་ལེ་ཚན་ཐད་གཏོང་བྱས་པ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་རྒྱལ་སྟོན་མཛད་སྒོའི་སྐབས་སུ། རྒྱ་ནག་དབུས་མི་དམངས་རླུང་འཕྲིན་ཁང་གིས་བོད་སྐད་ཐོག་ལེ་ཚན་ཁག་ཐད་གཏོང་བྱས་ཡོད་འདུག་ལ། རྒྱ་ནག་གཞུང་འབྲེལ་དྲ་བ་ཁག་ཏུ་གནས་ཚུལ་སྤེལ་དོན། འདི་ནི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་ལེ་ཚན་ཐད་གཏོང་བྱས་པ་ཐོག་མ་དེ་ཡིན་པར་བརྗོད་ཡོད་པ་རེད།

ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་། རྒྱལ་བཙུགས་དུས་སྟོན་སྐབས་རེ་རེ་བཞིན་རྒྱ་ནག་དབུས་མི་དམངས་རླུང་འཕྲིན་ཁང་ནས་ཐད་གཏོང་བྱེད་ཀྱིན་ཡོད་པ་དང་།  སྲོལ་འདི་འདས་པའི་ལོ་ངོ་དྲུག་ཅུའི་རིང་རྒྱུན་བསྲིངས་ནས་ཡོང་པ་ཞིག་རེད། ད་ལོའི་ལོ་ངོ་དྲུག་ཅུ་འཁོར་བའི་རྒྱལ་བཙུགས་དུས་སྟོན་གྱི་སྐབས་སུ་སྔར་དང་མ་འདྲ་བ་ཞིག་ནི། རྒྱ་ནག་དབུས་མི་དམངས་རླུང་འཕྲིན་ཁང་གིས་བོད་སྐད་ཀྱི་ཐོག་ནས་ཀྱང་ལེ་ཚན་དག་ཐད་གཏོང་བྱས་ཡོད་པ་རེད།
 
དེའི་སྐོར་ལ་ཨ་རིའི་ཉིའུ་ཡོག་གི་ཕྱི་སྡོད་བོད་རྒྱ་མཐུན་ཚོགས་ཀྱི་དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་གསར་ལམ་ཁག་ཏུ་བརྗོད་དོན། ང་རང་ཉིད་ཀྱི་བསམ་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་དེ་ལྟར་སྒྲུབ་པའི་དམིགས་ཡུལ་གཙོ་བོ་ནི། དུས་རྒྱུན་ཕྱི་ཕྱོགས་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་རྩ་གཏོར་གཏོང་གིན་འདུག་ཅེས་སྒྲོག་བཞིན་པའི་སྲིད་ཇུས་ཤིག་རྒྱ་ནག་གཞུང་ཁོ་ཚོའི་ངོས་ནས་སྤེལ་གྱིན་མེད་པའི་རྣམ་པ་ཞིག་རྒྱལ་སྤྱིའི་སྒང་ལ་སྟོན་འདོད་པའི་རྒྱུ་མཚན་ཙམ་རེད།  ཡིན་ནའང་། དོན་དངོས་ཐོག་གཞི་རྩའི་གནད་དོན་སེལ་བར་ཕན་ཐོགས་ཡོང་གི་མ་རེད། དེ་བཞིན་རྒྱ་ནག་དབུས་མི་དམངས་རླུང་འཕྲིན་ཁང་གི་བོད་སྐད་ལེ་ཚན་དེར་བོད་རིགས་མི་མང་ཁྲོད་དོ་སྣང་ཆེར་མེད་ལ།  ཉན་མཁན་ཡང་མང་པོ་ཡོད་པ་མ་རེད། མཁར་གྲོང་ཁག་ཏུ་ཡོད་པའི་བོད་རིགས་ཕལ་མོ་ཆེ་ཡིས་བྱིས་གཉོར་ཁང་ནས་མགོ་བརྩམས་ཏེ་རྒྱ་ཡིག་བསླབ་ཅིང་རྒྱ་ཡིག་སྦྱང་ནས་ཡོང་བ་རེད། དེར་བརྟེན་རྒན་རྒོན་ཉུང་ཤས་ཤིག་མ་གཏོགས་བོད་ཁུལ་མང་ཆེ་བའི་དར་མ་དང་བྱིས་པ་སུ་ཡིན་རུང་། རྒྱ་སྐད་ཀྱི་ཐད་གཏོང་བརྙན་འཕྲིན་ལ་མི་གཟིགས་པར་རླུང་འཕྲིན་ལ་ཉན་མཁན་ཞིག་ཡོད་མི་སྲིད།  མཐའ་འཁོབ་ཁུལ་ཏུ་ཉན་མཁན་རེ་འགའ་ཡོད་སྲིད་མོད་ཁྱབ་ཧ་ཅང་ཆུང་ཆུང་རེད་ཅེས་བརྗོད་ཡོད་པ་རེད།

གཞན་ཡང་། བཀྲ་ཤིས་དོན་གྲུབ་ཀྱིས་བརྗོད་དོན།  བོད་ཀྱི་ས་རྒྱ་ཆེ་ཞིང་མི་གྲངས་ཁ་འཐོར་དང་། དེར་མ་ཟད་ལུང་སྐད་འདྲ་མིན་སྣ་ཚོགས་ཡོད་པ་རེད། རྒྱ་ནག་དབུས་མི་དམངས་རླུང་འཕྲིན་ཁང་གི་བོད་སྐད་ལེ་ཚན་ནི་དབུས་སྐད་ཁོ་ནའི་ཐོག་གཏོང་བཞིན་ཡོད་པས། བོད་ཁུལ་གཞན་དག་གིས་གོ་ཐུབ་རྒྱུ་ཁག་པོ་རེད། དེར་མ་ཟད། ཉེ་ལམ་བོད་ཁུལ་སོ་སོར་བོད་སྐད་ཀྱི་བརྙན་འཕྲིན་ཡོད་པར་མ་ཟད། དེ་དག་གིས་བཏང་བའི་ས་གནས་གནས་ཚུལ་ཁག་ལ་མི་མང་གིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། དེར་བརྟེན་ལྟོས་ས་ལྟོས་འཇོག་གི་སྒོ་ནས་བཤད་ན། རྒྱ་ནག་དབུས་མི་དམངས་རླུང་འཕྲིན་ཁང་གི་བོད་སྐད་ལེ་ཚན་ལ་དགའ་མོས་བྱེད་མཁན་ཡོད་རྒྱུ་མ་རེད་ཅེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༡ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 12

  1. ཚྭ་སྒང་ཕོ་ཉ། says:
    ལོ་ 17 སྔོན།

    དེ་ཡང་ཕྱི་ཚུལ་གྱི་རྣམ་པ་ཞིག་ཡི་ཁོ་ཐག་རེད་མོ།

    Reply
  2. ཨ་ལ་ལ says:
    ལོ་ 17 སྔོན།

    དོན་དག་གང་ཡིན་ཡང་བོད་སྐད་ཅིག་ཡོད་པར་གྱུར་བ་དེ་ལ་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་འདས་མེད།

    Reply
  3. རྒྱང་རིང་ནས། says:
    ལོ་ 17 སྔོན།

    དྲ་གྲོགས་སྣ་བོ་ཆེ་དང་དཔལ་ལྡན་གཉིས་ལགས་
    འདས་ཟིན་པའི་ལོ་རྒྱུས་ལ་བསམ་ན་ཁྱོད་གཉིས་ཀྱིས་བཤད་པ་བདེན་ཡང་།
    ང་ཚོའི་གནས་དོན་ནི་སྐད་ཡིག་དང་རིགས་གཞུང་ལ་གཅེས་སྤྲོས་བྱེད་བཞིན་དེ་
    ཡིན་པས་ཉིན་གཅིག་ལ་ཡང་དེའི་ཆེད་དུ་རང་དབང་དང་འཕེལ་རྒྱས་སུ་གཏོང་ནང་ཚོའི་རྒྱལ་ཁ་ཞིག་ཐོབ་པ་མ་ཡིན་ནམ་
    རྒྱ་ཡིས་ལས་རིམ་རྣམས་ལ་ལྡོག་ཕྱོགས་གཅིག་པོ་ནས་ལྟོས་ན་རྒྱ་ཡི་དབང་འཛིན་པ་རྣམས་ཀྱིས་ང་ཚོར་བསྐོང་མི་ཐོབ་པའི་རེ་བ་ཞིག་ཡོད་པ་དྲན་སྲིད་པས་
    དུས་ནམ་ཡང་ང་ཚོ་ཁ་བྲལ་ཞིག་པའི་མིང་འོག་ནས་ཐལ་མི་སྲིད།

    Reply
  4. རྒྱང་རིང་ནས། says:
    ལོ་ 17 སྔོན།

    དྲ་གྲོགས་སྣ་བོ་ཆེ་དང་དཔལ་ལྡན་གཉིས་ལགས་
    འདས་ཟིན་པའི་ལོ་རྒྱུས་ལ་བསམ་ན་ཁྱོད་གཉིས་ཀྱིས་བཤད་པ་བདེན་ཡང་།
    ང་ཚོའི་གནས་དོན་ནི་སྐད་ཡིག་དང་རིགས་གཞུང་ལ་གཅེས་སྤྲོས་བྱེད་བཞིན་དེ་
    ཡིན་པས་ཉིན་གཅིག་ལ་ཡང་དེའི་ཆེད་དུ་རང་དབང་དང་འཕེལ་རྒྱས་སུ་གཏོང་ནང་ཚོའི་རྒྱལ་ཁ་ཞིག་ཐོབ་པ་མ་ཡིན་ནམ་
    རྒྱ་ཡིས་ལས་རིམ་རྣམས་ལ་ལྡོག་ཕྱོགས་གཅིག་པོ་ནས་ལྟོས་ན་རྒྱ་ཡི་དབང་འཛིན་པ་རྣམས་ཀྱིས་ང་ཚོར་བསྐོང་མི་ཐོབ་པའི་རེ་བ་ཞིག་ཡོད་པ་དྲན་སྲིད་པས་
    དུས་ནམ་ཡང་ང་ཚོ་ཁ་བྲལ་ཞིག་པའི་མིང་འོག་ནས་ཐལ་མི་སྲིད།

    Reply
  5. རྒྱང་རིང་ནས། says:
    ལོ་ 17 སྔོན།

    དྲ་གྲོགས་སྣ་བོ་ཆེ་དང་དཔལ་ལྡན་གཉིས་ལགས་
    འདས་ཟིན་པའི་ལོ་རྒྱུས་ལ་བསམ་ན་ཁྱོད་གཉིས་ཀྱིས་བཤད་པ་བདེན་ཡང་།
    ང་ཚོའི་གནས་དོན་ནི་སྐད་ཡིག་དང་རིགས་གཞུང་ལ་གཅེས་སྤྲོས་བྱེད་བཞིན་དེ་
    ཡིན་པས་ཉིན་གཅིག་ལ་ཡང་དེའི་ཆེད་དུ་རང་དབང་དང་འཕེལ་རྒྱས་སུ་གཏོང་ནང་ཚོའི་རྒྱལ་ཁ་ཞིག་ཐོབ་པ་མ་ཡིན་ནམ་
    རྒྱ་ཡིས་ལས་རིམ་རྣམས་ལ་ལྡོག་ཕྱོགས་གཅིག་པོ་ནས་ལྟོས་ན་རྒྱ་ཡི་དབང་འཛིན་པ་རྣམས་ཀྱིས་ང་ཚོར་བསྐོང་མི་ཐོབ་པའི་རེ་བ་ཞིག་ཡོད་པ་དྲན་སྲིད་པས་
    དུས་ནམ་ཡང་ང་ཚོ་ཁ་བྲལ་ཞིག་པའི་མིང་འོག་ནས་ཐལ་མི་སྲིད།

    Reply
  6. སྟག་རྩེ་དཔལ་ལྡན says:
    ལོ་ 17 སྔོན།

    སྤྱིའི་ཆ་ནས་རྒྱང་རིང་ལགས་ཀྱིས་ཐུགས་འདོད་ལྟར་ལས་རིམ་རྣམས་ལ་བརྟག་དཔྱོད་ཡག་པོ་བྱེད་དགོས་ཀྱང་དམར་ཕྱོགས་གཞུང་གི་བྱེད་སྟངས་དེ་དག་འདས་པའི་བྱུང་རབས་ཀྱིས་ཁ་གྲགས་མ་ཟིན་ནམ།

    Reply
  7. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    རྒྱང་རིང་ལགས། བོད་པའི་རིག་གཞུང་དང་འབྲེལ་བའི་ལས་དོན་ཁྲ་ཁྲ་ཟིང་ཟིང་རེ་དུས་ནམ་ཐོན་ཡང་དེ་ལ་མཐུན་ཕྱོགས་ནས་བལྟ་མི་དགོས་པར་ལྡོག་ཕྱོགས་རྐྱང་པ་ནས་བལྟས་པར་དངོས་ཡོད་བསྒྲིབ་རྒྱུ་ཞིག་ཅང་མེད་ངེས་ཡིན། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅིག་གིས་བོད་ནང་གི་ཟང་ཟིང་གི་གནས་ཚུལ་ཡོངས་རྫོགས་བོད་པའི་ཐུན་མིན་རིག་གཞུང་གི་ཤུགས་རྐྱེན་ལས་ཡོང་གི་ཡོད་པ་དང་གལ་ཏེ་བརྟན་ལྷིང་ཞིག་དགོས་ན་དོན་རྩ་འདི་གཅོད་དགོས་སྐོར་གྱི་ཐབས་བྱུས་ཤིག་འཚོགས་ཐོག་ཏུ་བཏོན་མྱོང་བ་མ་ཡིན་ནམ།

    Reply
  8. རྒྱང་རིང་ནས། says:
    ལོ་ 17 སྔོན།

    རྒྱ་ཡིས་ལས་རིམ་རྣམས་ལ་ལྡོག་ཕྱོགས་གཅིག་པོ་མ་གཟུང་བ་ལས་རིམ་རྣམས་ལ་བརྟགདཔྱོད་ཡག་པོ་བྱེད་དགོས་པ་འང་སྨྱུག་ཐོག་པ་ཡོངས་ཀྱི་ག་གནས་ཞིག་ཡིན་ནོ།

    Reply
  9. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    བྱེད་ཐབས་འདི་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་ལ་གཅེས་འཛིན་གྱི་བསམ་བློ་ཡོད་པ་ཞིག་དང་དེ་ཉིད་དར་སྤེལ་གཏོང་བའི་བྱ་བཟང་ཞིག་ཡིན་མིན་ཐད་དྭོགས་པ་ཟེར་བ་སྤུ་རྩེ་ལན་བརྒྱར་གཤགས་པའི་ཆ་ཙམ་ཞིག་ཀྱང་བྱེད་མི་དགོས་པའི་ཐོག་ཕྱི་ཕྱོགས་སུ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་ཡོད་པ་དང་དེའི་ཐུན་མིན་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཁུལ་གྱི་རྣམ་པ་བསྟན་རྒྱུ་ཙམ་ཞིག་གི་ཆེད་དུ་ཡང་མ་རེད།

    གོ་བརྡ་སྤྲོད་དགོས་རྒྱུའི་ནང་ལོགས་ཀྱི་དོན་དག་རྡོག་རྡོག་དེ་བརྙན་འཕྲིན་གྱི་མཐུན་རྐྱེན་མེད་པའི་ཞིང་འབྲོག་མང་ཚོགས་ཀྱི་སེམས་སུ་དམག་དོན་གྱི་སྟོབས་ཤུགས་དེ་དག་འུར་ཟིང་གིས་ངོམས་ཏེ་ཁོང་ཚོའི་བླ་འདར་དུ་བཅུག་ནས་རྗེས་ཕྱོགས་ས་བྱི་ཞི་རྒོལ་འདྲ་བ་ཞིག་ལོ་རྒྱུས་ཀྱི་ནང་བསྐྱར་དུ་མི་ཡོང་བའི་ཐབས་བཀོད་འཐེན་པ་ཙམ་རེད།

    ང་ཚོའི་ཞིང་འབྲོག་མང་ཚོགས་ཀྱི་བླ་འདི་ལྟར་འདར་ཆོག་ཆོག་ཅིག་ག་ལ་ཡོད།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ད་མི་ཤེས་ཀི དངོས་ནས་རྒྱ་ཡིས་བོད་ཀྱི་རིག་གཞུང་གཏོར་བཤིག་གཏོང་གི་ཡོད་དམ། བོད་མི་ཕྱི་བསྡོད་པ་དག་གིས་རང་གི་རིག་གཞུང་ལ་སྲུང་སྐྱོབས་བྱེད་ཀྱི་མེད་པ་ཡིན་ནམ། དངོས་ནས་ལྟ་བཞིན་ཉན་བཞིན་སོང་དུས། དོགས་པ་ཞིག་སྐྱེ་གཞི་ཆགས་ཀྱི་འདུག རེད་དེ། རྒྱའི་སྲིད་གཞུང་ལ་ནམ་ཡང་བློ་གཏོད་མི་བྱེད་ཁོ་ཐག་ཡིན།

    Reply
  11. རྒྱ་རགས། says:
    ལོ་ 17 སྔོན།

    ཨོ་ཡ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་དྲུག་ཅུ་འཁོར་བའི་རྒྱལ་སྟོན་དུས་ཆེན་ཉིན་མོར་གཞི་ནས་རླུང་འཕྲིན་ཐོག་བོད་སྐད་ཀྱི་ལེ་ཚན་ཐད་གཏོང་བྱས་ཟེར་གྱི་འདུག་ག ༼འདི་ནི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་ལེ་ཚན་ཐད་གཏོང་བྱས་པ་ཐོག་མ་དེ་ཡིན་པར་བརྗོད་༽ཀྱི་འདུག་ག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དེ་བོད་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་གྱི་གཞུང་ཞིག་ཡིན་ན་ལོ་ངོ་དྲུག་ཅུར་མཐུན་རྐྱེན་གང་མ་ཚང་བར་དེ་འདྲའི་ལེ་ཚན་ཐད་གཏོང་བྱེད་མ་ཐུབ་པ་ཡིན། ད་ལྟ་གཞི་ནས་སྟབས་གང་ཞིག་འགྲིག་པ་ཡིན།

    Reply
  12. སྟག་རྩེ་དཔལ་ལྡན says:
    ལོ་ 17 སྔོན།

    རྒྱ་ནག་དམར་ཕྱོགས་གཞུང་གི་འཁྲབ་སྟོན་འདི་དག་སྒྱུ་མའི་མིག་འཁྲུལ་ཇི་བཞིན་དོན་སྙིང་གིས་སྟོང་བའི་ཕྱི་ཚུལ་ཙམ་ལས་ཡིད་ཚོམ་པ་ཅུང་ཟད་ཞིག་མེད་དོ།ཡང་དམར་གཞུང་གསར་བ་གུང་ཁྲན་ཏང་དབུ་བསྙེས་པའི་དུས་སྟོན་དང་སྟབས་བསྟུན་གྱིས་ལག་དམར་དབང་འཛིན་བ་ཚོས་ཀླད་པར་གཤག་བཅོས་ཐེངས་གཅིག་བྱས་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese