མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་ཟློས་གར། སྔགས་རམས་པ་ཡོན་ཏན།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

མི་ལོ་ལྔ་བཅུ་འཁོར་བའི་བོད་གཞུང་ཟློས་གར།

རྒྱུད་སྨད་སྔགས་རམས་པ་ཡོན་ཏན།

༥༩ ལོར་བོད་གངས་ཅན་འདི་ཟུངས་ཟད་ཀྱི་ནད་པ་ལྟར་གྱུར་བའི་སྐབས། བོད་ལྗོངས་རིག་པའི་སྒྱུ་རྩལ་མི་ཉམས་སླར་གསོའི་ཆེད་ལོ་དེ་ཉིད་དུ་༧གོང་ས་མཆོག་ནས་ཛ་དྲག་ཐོག་ཀ་སྦུག་ཏུ་བོད་གཞུང་ཟློས་གར་འདི་ཉིད་གསར་འཛུགས་མཛད་པ་ནས་བཟུང་། བཙན་བྱོལ་སྤྱི་ཚོགས་ནང་གླུ་གར་སྒྱུ་རྩལ་གྱི་བསྟི་གནས་རྙིང་ཤོས་དང་གཞི་རྩ་བརྟན་ཤོས་ཤིག་ཆགས་ཡོད་ཅིང་། སྒྱུ་རྩལ་གྱི་བསྟི་གནས་འདིས་ཉམས་འགྱུར་ཕུན་སུམ་ཚོགས་པའི་བོད་ཀྱི་ལྷ་གཞུང་གིས་མཚོན་པའི་གླུ་གར་རྒྱ་མཚོའི་དཔལ་ལ་མངོན་པར་རོལ་ཏེ། ངལ་བ་དང་མཐུན་རྐྱེན་གཞི་རྒྱ་ཆུང་བའི་འོག་དབུ་མང་ཡོངས་ཀྱིས་ལྷག་བསམ་དུང་ལྟར་དཀར་ཞིང་། རྣམ་དཔྱོད་རྒྱ་ཁབ་ལྟར་རྣོ་བའི་ཐོག་ནས་༧རྒྱལ་བའི་བཀའ་དགོངས་ཇི་ལྟ་བ་བཞིན་འཛིན་པ་དང་། སྐྱོང་བ། སྤེལ་བ་གསུམ་གྱིས་མཛད་རྗེས་རྨད་དུ་བྱུང་བ་བཞག་ཡོད་པ་ནི་ལྟ་ཤེས་ན་མིག་གིས་མཐོང་བ་དང་ལག་པས་ཟིན་རྒྱུ་ཡོད་པ་ཞིག་ལས། གཏན་ཚིགས་སམ་རྒྱུ་མཚན་མང་དུ་བཀོད་པའི་ངལ་བ་ཅི་བསྟེན། བོད་གཞུང་ཟློས་གར་ཞེས་གངས་ལྗོངས་སྒྱུ་རྩལ་བསྟི་གནས་འདི་ཉིད་ད་ཆ་བགྲང་བྱ་ཧྲིལ་པོ་ལྔ་བཅུ་འཁོར་ཟིན་པ་དང་། དུས་ཡུན་དེའི་རིང་ཐོག་མར་༧གོང་ས་མཆོག་དང་བོད་གཞུང་གི་རླབས་ཆེན་གྱི་དགོངས་གཞིའམ་དམིགས་ཚད་གཞིར་བཟུང་། སྒྱུ་རྩལ་ཚོགས་པ་འདིས་གཙོ་བོ་ནི་རང་ཅག་བོད་ལྗོངས་སུ་རྒྱ་དམར་གྱིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་ཀྱི་སྒྱུ་རྩལ་རྩ་ཆེན་རྣམས་རྨང་ནས་བཤིག་པར་བྱེད་པ་དང་། ཉམས་ཉེས་པར་བྱེད་པ་དང་། བསྲེ་ཞིང་ལྷད་པར་བྱེད་པའི་སྣང་ཚུལ་ངན་པ་འདི་ལས་རྣམ་པར་རྒྱལ་བར་བྱེད་པའི་སླད་དུ་བོད་གཞུང་ཟློས་གར་ནས་བྱེད་སྒོ་ནམ་མཁའི་སྐར་ཚོགས་བཀྲ་བ་ལྟར་སྤེལ་རྩོམ་གནང་ཡོད་པ་རེ་རེ་བཞིན་བརྗོད་གྱིས་མི་ལངས་མོད། གཙོ་གནད་ཆེ་ལ་དོན་སྙིང་ལྡན་པའི་སྲི་ཞུའི་ཞབས་འདེགས་འགའ་ཞིག་ཐོས་འཛིན་དུ་མ་གྱུར་པའི་དོན་གཉེར་ཅན་འགའི་ངོར་ཆེད་དུ་བརྗོད་པར་བྱ་སྟེ།

༡༽ ༥༩ ལོར་མཐུན་རྐྱེན་ཤིན་ཏུ་ཞན་པའི་འོག་སྐབས་དེའི་འགོ་མང་ཡོངས་ནས་འཕྱར་གྲུ་མཉམ་འདེགས་ཞུས་ནས་རང་རེའི་མི་རིགས་ཀྱི་གཅེས་ནོར་རིག་གཞུང་གི་ཞབས་འདེགས་སུ་དམིགས་ཏེ། ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་ཀྱི་རྒྱལ་རབས་བརྗིད་ཉམས་ལྡན་པ་འཁྲབ་སྟོན་དང་། ཆོས་རྒྱལ་ནོར་བཟང་སོགས་བོད་ཀྱི་ལྷ་གཞུང་ཁག  བོད་ལྗོངས་མདོ་དབུས་ཁམས་གསུམ་གྱི་གླུ་གར་དང་། རོལ་མོའི་ཆ་བྱད་སོགས་ངལ་དུབ་དང་གཞན་དབང་སྟབས་བསྟུན་ཁོ་ནའི་འོག་ནས་མཁོ་བའི་ཡོད་བྱད་དང་། ཚོགས་མི་སོགས་ཚགས་སུ་ཚུད་པ་མངོན་པར་འདུ་པར་བྱས་ཏེ་བོད་གཞུང་ཟློས་གར་གྱི་གཞི་ཚུགས་པར་བྱས་པ་དང་གཅིག

༢༽ ཆིབས་སྒྱུར་དང་། གཞུང་འབྲེལ་མཛད་སྒོ་ཁག་ལ་མང་ཚོགས་འདུ་འཛོམས་སར་མཛད་སྒོ་སོ་སོ་དང་འབྲེལ་ཡོད་ཀྱི་ཡིད་དབང་རབ་ཏུ་འཕྲོག་པའི་གླུ་དང་། གར་དང་། རོལ་མོ་དཀྲོལ་བརྡུང་སོགས་གླུ་གར་མཆོད་སྤྲིན་གྱིས་བཀུར་བསྟི་ཕུན་སུམ་ཚོགས་པ་ཞུ་བཞིན་པ་དང་གཉིས།

༣༽ གནའ་སྲོལ་བོད་ཀྱི་ཞོ་སྟོན་ཞེས་སེར་སྐྱ་མང་ཚོགས་རྣམས་ཞི་བསིལ་དགའ་བདེའི་དཔལ་ཡོན་ལ་རོལ་བའི་དུས་སྟོན་སྲུང་བརྩིའི་ཆེད། བོད་གཞུང་ཟློས་གར་གྱིས་འགྲོ་གྲོན་ཕོན་ཆེས་གོ་སྒྲིག་འོག་ཕྱོགས་མཐའི་ལྷ་མོ་བ་རྣམས་མགྲོན་དུ་བསུས་ཤིང་། ལྷར་བཅས་འགྲོ་བའི་མགོན་པོ་༧གོང་ས་མཆོག་ཇི་ལྟར་སྒྱུ་སྐར་གྱི་དབུས་སུ་མཚན་མོའི་མགོན་པོ་ཉིད་མེ་ཏོག་ཀུ་མུད་སྐྱོང་བའི་ཕྱིར་ཆས་པ་དང་གཉིས་སུ་མེད་པར་ཚོགས་མགོན་དུ་གཟི་འོད་འབར་བར་བཞུགས་སུ་གསོལ་ཏེ། གཞུང་གི་སྲི་ཞུ་བ་ཆེ་ཕྲ་དང་། སེར་སྐྱ་མང་ཚོགས་ལ་བོད་ཀྱི་ལྷ་གཞུང་སྣ་ཚོགས་གཟིགས་འབུལ་གྱིས་ཡིད་དགའ་ཞིང་མགུ་བའི་ཆེད་དུ་བརྩོན་པ་ལྷུར་ལེན་བྱེད་པ་དང་གསུམ།

༤༽ རང་རེའི་གཞོན་ནུ་ཕོ་མོ་བོད་ལྗོངས་ཀྱི་གླུ་གར་རྒྱ་མཚོར་འཇུག་པར་འདོད་ཅིང་ཆ་རྐྱེན་ཚང་བའི་རིགས་ཤེས་རིག་ལས་ཁུངས་བརྒྱུད། བོད་ཀྱི་རྐང་བྲོ་གླུ་གཞས་དང་། སོར་མོའི་འདུ་བྱེད་ལས་གྲོལ་བའི་སྙན་འཇེབས་ཁུག་པ་ཅན་གྱི་རོལ་མོའི་བྱེ་བྲག་སྣ་ཚོགས་པར་བོད་གཞུང་ཟློས་གར་ནས་སྦྱོང་བརྡར་ཕུལ་དུ་བྱུང་བ་སྤྲད་དེ། གཏན་ཉིན་སློབ་གྲྭ་ཁག་གི་སྒྱུ་རྩལ་རིག་གཞུང་གི་དགེ་རྒན་འཕེར་བ་ཡང་རབ་ཅིག་བསྐྲུན་ཏེ་སྤྱི་ཚོགས་ནང་དགེ་མཚན་མངོན་བཞིན་པ་དང་བཞི།

༥༽ སྔོན་དེང་ཕྱི་རྒྱལ་ཡུལ་ཁག་ཏུ་ཕྱི་བསྐྱོད་གནང་སྟེ། ལྟ་ན་སྡུག་པའི་བོད་ཀྱི་ལུགས་ཟུང་ཆས་གོས་ཀྱིས་མཛེས་པར་བརྒྱན་ཅིང་། འཛུམ་མདངས་གྲོལ་བའི་བཞིན་གྱི་རྣམ་འགྱུར་དང་བཅས་ཚད་ལྡན་གྱི་འཁྲབ་སྟོན་ཞུས་པའི་འབྲས་བཟང་སྟེ། རྒྱལ་ཁབ་དེ་དང་དེའི་སྐྱེ་བོ་ཕོ་མོ་རྣམས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཅིང་དགའ་བདེའི་ཚོར་བ་སྔོན་ཆད་མི་ཚེའི་ནང་འཕྲད་མ་མྱོང་བའི་བརྗོད་དཀའ་བའི་སེམས་ཀྱི་ཞི་བདེ་སྦྱིན་པ་མ་ཟད། གཏིང་ཟབ་ཀྱི་རང་བཞིན་ལྡན་པའི་བོད་ཀྱི་གླུ་གར་དང་ལྷ་གཞུང་གི་དུམ་ཚན་སོགས་འཁྲབ་སྟོན་གྱི་ལམ་ནས་བོད་རྒྱལ་ཁབ་དང་བོད་མིའི་ངོ་བོ་གཞན་དང་མ་འདྲེས་པ་མཚོན་པའི་གསལ་བསྒྲགས་ཀྱང་ཇི་ལྟར་དབྱར་གྱི་ཆུ་འཛིན་འཁྲིགས་པའི་གསེབ་ནས་འབྲུག་སྒྲས་ས་གཞི་འགེངས་པ་དེ་ལྟར་ཁྱབ་བརྡལ་ཐུབ་པ་བྱུང་བ་དང་ལྔ།

༦༽གངས་ལྗོངས་གླུ་གར་རྒྱ་མཚོའི་དཔལ་ཡོན་མི་ཉམས་ཤིང་། ཉམས་པ་སོར་ཆུད་པའི་སླད་དུ། རྨད་དུ་བྱུང་བའི་ཐབས་ཚུལ་གཞན་ཞིག་སྟེ། དབྱར་སྐྱིད་ཅེས་མིང་དུ་བཏགས་པའི་དོན་དངོས་སུ་རུ་ཁག་གཉིས་དབར་གླུ་གར་འགྲན་བསྡུར་གྱི་ལམ་ནས། བོད་ལྗོངས་ཀྱི་ཡུལ་གྲུ་ཁུག་ཀྱོག་ཚུན་ཆད་ཀྱི་གླུ་གར་རྣམས་བསྡུ་རུབ་དང་། ཉམས་ཞིབ། སྦྱོང་བརྡར་དང་། ཉར་ཚགས་ཀྱིས་གཅེས་འཛིན་ཡོང་ཐབས་སུ་ལོ་ལྟར་ཉམས་དང་འགྱུར་བ་ཕུན་སུམ་ཚོགས་པའི་འཁྲབ་གཞས་དང་། བརྗིད་ཉམས་མཛེས་སྡུག་ལྡན་པའི་དམངས་གཞས། སྙན་འཇེབས་འགྱུར་ཁུག་གི་དཔལ་བཞད་པའི་རྐྱང་གཞས་དག་འཁྲབ་སྟོན་བྱེད་པས། བློ་གཟུ་བོར་གནས་ཏེ་ལྟ་དང་ཉན་ཤེས་ན་སྒྱུ་རྩལ་གྱི་གནས་ཚད་མཐོན་པོར་སོན་ཡོད་ལ། འཁྲབ་ཚན་དེའི་འོད་སྡེར་བཟོ་བསྐྲུན་གྱིས་ལོ་ལྟར་འགྲེམས་སྤེལ་བྱེད་བཞིན་པ་དང་། དེ་དག་གི་ཁྲོད་ནས། ༢༠༠༨ ལོའི་དབྱར་སྐྱིད་དེ་ནི་ལོ་དེའི་གསུམ་བཅུའི་དོན་རྐྱེན་ཐད་གཙོ་བོ་གཞིས་ལུས་སྤུན་ཟླ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ནས་བོད་བསྟན་སྲིད་སླད་གཅེས་པའི་རང་སྲོག་འདོར་བ་ལའང་ཇི་མི་སྙམ་པའི་དཔའ་ངར་ཞུམ་པ་བྲལ་བའི་རླབས་ཆེན་གྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་མཚོན་པ་རྩལ་དུ་བཏོན་ཡོད་པ་དང་། ༢༠༠༩ ལོའི་འདི་ནི་བཙན་བྱོལ་དུ་མི་ལོ་ ༥༠ འཁོར་བའི་དུས་དྲན་གཙོ་འདོན་གནང་ཡོད་པས་འབྲེལ་ཡང་ཆགས་འདུག་སྙམ་པ་མ་ཟད། འོད་སྡེར་དེ་དག་བརྒྱུད་སྤྱི་ཚོགས་སྤྱི་དང་། ལྷག་པར་གཞོན་སྐྱེས་དོན་གཉེར་ཅན་རྣམས་ལ་ཐུགས་ཕན་གསོས་པའི་དགེ་མཚན་རྒྱ་ཆེར་བསྐྲུན་ཐུབ་པ་དང་དྲུག་སྟེ། གླུ་གར་སྒྱུ་རྩལ་གྱི་གཏེར་གྲོལ་བ་བོད་གཞུང་ཟློས་གར་གྱི་སྲི་ཞུའི་མཛད་སྒོ་འགའ་ཞིག་གླེང་ནས། དེ་དག་ལ་ལྡན་པའི་ཁྱད་ཆོས་དང་། དགེ་མཚན་ཅུང་ཟད་བརྗོད་པ་དང་ལྷན་ཅིག  འབྱུང་འགྱུར་ཡང་། གངས་ཅན་བོད་ཀྱི་ཐུན་མིན་རིག་གཞུང་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོས་ཏེ། བོད་ཀྱི་ཆོས་རིག་གིས་འཛམ་གླིང་ཡངས་པའི་ཁྱོན་ལ་ཕན་པ་རྒྱ་ཆེན་པོ་ཡོང་བ་དང་། བོད་༧རྒྱལ་འབངས་ཞལ་གྱེས་པའི་སེམས་སྐྱོའི་ངང་ཚུལ་འདི་ལས་མངོན་པར་གྲོལ་ཏེ། གཞིས་བྱེས་གསེར་ཞལ་ལྷན་འཛོམས་ཀྱིས་དགའ་བའི་འཛུམ་མདངས་གྲོལ་བའི་ངང་། ལྷ་ལྡན་ཉིད་དུ་བོད་ཀྱི་ཞོ་སྟོན་གྱི་མཛད་སྒོ་བཀྲ་ཤིས་དགའ་སྟོན་གྱི་དཔལ་རོལ་བའི་ཡིད་སྨོན་ཡང་ཞུ།

བོད་གཞུང་ཟློས་གར་སྐོར་སྔོན་ནས་རྩོམ་ཡིག་ཐུང་ངུ་ཞིག་འབྲི་བར་འདོད་ཀྱང་། བརྩམ་བྱའི་དོན་དང་དུས་སྐབས་འཚམ་པ་ཞིག་བློ་ངོར་མ་འཇུག་པས་ལུས་ཤིང་། འདི་ལོ་འོས་ཤིང་འཚམ་པའི་དུས་སྐབས་ཏེ། བོད་༧རྒྱལ་འབངས་དུམ་ཞིག་བཙན་བྱོལ་དུ་ལྷགས་ཏེ་བགྲང་བྱ་ ༥༠ འཁོར་བ་སྤྱི་དང་། བྱེ་བྲག་བོད་གཞུང་ཟློས་གར་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་དྲན་ལོ་གཅིག་གཞུང་འབྲེལ་སྲུང་བརྩི་ཞུ་བའི་ལས་འགུལ་གྱི་ཆ་ཤས་སྐོང་ཆེད་དུ་བྲིས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༩ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༤ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 4

  1. བློ་བཟང་ཆོས་འཕེལ། says:
    ལོ་ 17 སྔོན།

    བཀུར་འོས་སྔགས་རམས་པ་ཡོན་ཏན་ལགས། ཕྲན་གྱིས་གློ་བུར་ལ་གསང་སྔགས་སྐོར་གྱི་བསླབ་པ་མཐར་སོན་པ་ཞིག་དུས་བབས་ལས་རིགས་སུ་ཞུགས་པ་མཐོང་བས་དགའ་སྤྲོའི་ངང་འཚམས་འདྲི་ཡོད། སྤྱིར་དུས་བབས་ཟིན་བྲིས་པའི་ནང་དགེ་བཤེས་དང་སྨན་པ། སྔགས་རམས་པ་སོགས་གང་མང་ཕེབས་ཐུབ་ན་སྤྱི་ཚོགས་ཞབས་ཞུ་དང་རིག་གཞུང་སྲུང་སྐྱོབ་བཅས་གང་ལའང་ཕན་ཐོགས་ཆེ་ངེས་ལ་ལྷག་པར་དུས་བབས་ཟིན་བྲིས་ཀྱི་གཟི་བརྗིད་ཆེ་རུ་འགྲོ་ངེས། དེར་བརྟེན་སྐུ་ཉིད་དུས་བབས་ཟིན་བྲིས་པའི་ནང་འཛུལ་ཞུགས་གནང་ན་ཕན་ཐོགས་ཡོད་པའི་ངོས་འཛིན་དང་རེ་སྐུལ་ཞུ་རྒྱུ་མ་ཟད། ཐེངས་འདིར་དྲི་བ་གཅིག་ཞུ་ཆོག་པ་གྱིས། རྩ་རླུང་ཐིག་ལེའི་རྣམ་གཞག་གི་རྩ་དབུ་མ་དེ་ངོས་འཛིན་གང་འདྲ་བྱེད་དགོས་མིན་རང་ལུགས་རྒྱུ་མཚན་དང་བཅས་གསུང་རོགས་གནང་། མཐར་མུ་མཐུད་མཇལ་ཆོག་པའི་རེ་སྨོན་ཞུ།

    Reply
  2. དབང་ལྡན་མཚོ་མོ། says:
    ལོ་ 17 སྔོན།

    བྱས་རྗེས

    Reply
  3. དབང་ལྡན་མཚོ་མོ། says:
    ལོ་ 17 སྔོན།

    གྲུབ་འབྲས་བྱུང་ཡོད་པ་དེ་ཡག་པོ་རེད།
    ཡིན་ནའང་གཙོ་བོ་དེ་དུས་རབས་དང་ཉམས་ཏུ་རིང་གི་རིག་གཞུང་དེ་ཡར་རྒྱས་གཏོང་རྒྱུ་དེ་རེད།
    ཡང་གཅིག་བཤད་ན་ད་པར་དུ་མི་རང་རང་སྒེར་འདུན་སྒྲུབ་པ་ལས་བཙན་བྱོལ་བོད་གཞུང་ལ་འདི་ཟེར་བ་ཞིག་ཞིབ་རྒྱས་བཞག་ཡོད་པ་མ་མཐོང་ངོ་།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    མཚམས་རེར་གྲུབ་འབྲས་ཀྱི་སྐོར་ནས་གླེང་རྒྱུའང་གལ་ཆེན་པོ་རེད། ཡིན་ཡང་། འབྱུང་འགྱུར་གྱི་ཁ་ཕྱོགས་ནི་དེ་ལས་ཀྱང་གལ་ཆེན་པོ་འདུག འདི་ལོ་བོད་གཞུང་ཟློས་གར་ཁང་ཚུགས་པའི་མཛད་སྒོ་དང་བསྟུན་ནས་འདི་ག་གསར་ཁང་གིས་ཟློས་གར་འགན་འཛིན་ལ་བཅར་འདྲི་བྱས་ཡོད། དེའི་ནང་དུ་མ་འོངས་པའི་ཟློས་གར་ཁང་གི་ཁ་ཕྱོགས་དང་ལས་རིམ་གསར་པ་དེ་འདྲ་འདུག འདི་དག་ལམ་ལྷོང་ཡོང་བར་སྤྱི་སྒེར་ཚང་མས་མཐུན་འགྱུར་གནང་ཐུབ་ན་ཡག་པོ་རེད།

    བཀའ་འགྱུར་རིན་པོ་ཆེས་གློག་བརྙན་གསར་པ་ཞིག་བཟོ་བཞིན་པ་དེའི་ནང་གི་འཁྲབ་སྟོན་པ་ ༢༠ ནི་བོད་གཞུང་ཟློས་གར་ཁང་གི་རེད། ཁོང་ལྟར་ན། མ་འོངས་པར་བོད་ཀྱི་འཁྲབ་སྟོན་ཡག་པོ་དེ་འདྲ་འབྱུང་ཐུབ་པར་ཡིད་ཆེས་ཆེན་པོ་འདུག་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese