མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྐྱོང་གི་དམིགས་ཡུལ་ལ་སེམས་འཚབ་ཡོང་གི་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

གལ་སྲིད་མ་འོངས་པར་བོད་ལ་རང་སྐྱོང་ཙམ་རག་སྲིད་ཀྱང་། རྒྱ་གཞུང་ལ་ཡིད་ཆེས་བློ་གཏད་བྱེད་ས་ཉན་གི་མ་རེད། ཧོང་ཀོང་ནི་དཔེ་མཚོན་གསལ་ཤོས་རེད། སྔོན་མ་རྒྱ་ནག་གིས་ཁས་ལེན་དམ་བཅའ་མང་པོ་བྱས་ཡོད། རྗེས་སུ་རིམ་གྱིས་ཁ་དན་ལ་མ་གནས་སྟབས། ཧོང་ཀོང་མི་དམངས་ཀྱི་འདོད་པ་ལྟར་སྒྲུབ་ན་རྒྱ་གཞུང་ལ་མ་འགྲིག རྒྱ་གཞུང་གི་འདོད་བློ་ལྟར་སྒྲུབ་ན་ཧོང་ཀོང་མི་དམངས་ལ་མ་འགྲིག་པ་ཆགས་ཏེ། མཐར་ཧོང་ཀོང་གི་ཆེས་མཐོའི་འཛིན་སྐྱོང་བས་དགོངས་པ་ཞུ་དགོས་པ་ཆགས་སོང་ཟེར།

ཉེ་ཆར་དབུས་སྣེ་ལེན་ཁང་ལ་གསར་དུ་འབྱོར་བའི་ཨ་མདོ་རྔ་པ་གཉན་རྩེ་དགོན་པའི་དགེ་འདུན་པ་བློ་བཟང་ཤེས་རབ་ལགས་ཀྱིས་ཕྱི་ཚེས་ ༥ ཉིན་འདི་གའི་གསར་འགོད་པར་ཁོའི་ཁྱིམ་རྒྱུད་ཀྱི་ཡ་ང་བའི་ལོ་རྒྱུས་དང་འབྲེལ་ཏེ། སྔར་ལོའི་ཞི་རྒོལ་གྱི་སྔ་ཕྱིའི་གནས་ཚུལ་ཁག་ཅིག་ངོ་སྤྲོད་གནང་དོན། སྔོན་མ་སྤྱི་ལོ་ ༡༩༣༧ ཡས་མས་ཤིག་ལ་དམར་དམག་རྒྱང་སྐྱོད་ཀྱིས་ངའི་ཞང་བོ་བ་ཁོ་ཟེར་བ་དེ་བསད་སོང་ལ། དེའི་རྗེས་ཁོའི་བུ་བ་སྐར་གྱི་ཀླད་པ་གཏོར་ཏེ་དབང་བོ་སྐྱོན་ཅན་བཟོས་སོང་། སྐབས་དེར་རྒྱ་དམག་གིས་བཙན་འཛུལ་བྱས་ཏེ་སྔ་ལོ་ཕྱི་ལོ་ཐེངས་གཉིས་ལ་ང་ཚོའི་ས་ཆའི་ཡུལ་མི་ཚང་མ་རྨ་ཆུའི་ཝ་གཡོན་ལ་བྲོས་བྱོལ་དུ་ཕྱིན་པ་རེད། སྤྱི་ལོ་ ༡༩༥༨ ལོར་རྒྱ་དམག་ཐོག་མར་སླེབས་སྐབས་འགོག་རྒོལ་བྱས་ཏེ་ངའི་ཞང་བོ་ཨ་ཁོ་ཟེར་བ་དེ་བསད་སོང་། དེའི་རྗེས་རྔ་བ་སྒོ་མང་སྒར་གྱི་ངེད་ཚང་གི་གྲྭ་པ་འཕྲིན་ལས་རྒྱ་མཚོ་འཛིན་བཟུང་བྱས་ཏེ་མི་དམངས་ཁྲིམས་ཁང་ནས་ལྟོག་ཤི་ཐེབས་སོང་། ཅེས་དང་།

ང་རང་གི་སྤུན་ཚང་མ་མི་དམངས་ཁྲིམས་ཁང་ལ་སོང་སྟེ་དཀའ་སྡུག་མ་མྱངས་པ་གཅིག་ཀྱང་མེད། ངའི་ཨ་ཁུ་ཁྲིམས་ཁང་ནས་གཤེགས་སོང་ལ། གྲྭ་པ་གཞན་ཞིག་སྐབས་དེར་རྒྱ་གར་ལ་འབྲོ་གྲབས་སྐབས་རྒྱ་ལག་ཏུ་ཤོར་ཏེ། ཁྲིམས་ཁང་གི་འཐབ་རྩོད་འོག ཤ་ཟད་རུས་ཐུག རུས་ཟད་རྐང་ལ་ཐུག་མཐར་གྲོངས་སོང་། འདི་དག་ཡོངས་རྫོགས་ཁྱིམ་ཚང་གཅིག་གི་གོད་ཆག་རེད། གོད་ཆག་དེ་འདྲ་ངེད་ཚང་གཅིག་པུ་མ་རེད། བོད་མི་ཕལ་ཆེ་བའི་མགོར་ཡོང་ཡོད་ལ། བོད་ཙམ་དུ་མ་ཟད་མི་རིགས་གཞན་དང་། རྒྱ་མི་རིགས་ཚོས་ཀྱང་མྱངས་ཡོད་པ་རེད། འདི་དག་ཡོད་ཚད་དྲང་བཞག་གིས་བཤད་ས་ཞིག་དང་། ཉན་མཁན་ཞིག་ཡོད་ན་བདག་པོ་རྒྱག་ཚད་རེད། འཛམ་གླིང་མི་དམངས་དང་རྒྱ་རིགས་མི་དམངས། ལྷག་པར་དུ་མི་རབས་རྗེས་མ་ཚོས་ཤེས་དགོས་པ་ཞིག་རེད་སྙམ། ཞེས་བརྗོད་སོང་།

ཡང་ཁོང་གིས་སྔར་ལོའི་ཞི་རྒོལ་དང་འབྲེལ་བའི་གནས་ཚུལ་བརྗོད་དོན། སྔར་ལོའི་ཟླ་ ༩ བར་རྔ་པ་སྒོ་མང་སྒར་གྱི་ཕྱི་ནང་གསང་གསུམ་དམག་གིས་བསྐོར་ཅིང་། གྲྭ་ཤག་ཡོངས་རྫོགས་སྔོག་བཤེར་བྱས་ཏེ་དངུལ་དང་བཅའ་དངོས་མང་པོ་རྐུ་འཁྱེར་བྱས་ཡོད། སྐབས་དེར་ངེད་ཚང་གི་ལེགས་ཚོགས་ཞུ་བའི་གྲྭ་པ་བགྲེས་པོ་དགུང་ལོ་ ༧༥ ཅན་ཞིག་འབྲོག་ཁྱིམ་ལ་ཕྱིན་ཏེ་ཕྱིར་ཡོང་བའི་ལམ་ཁར་རྒྱ་དམག་གིས་འཇུས་ཏེ་ཉེས་རྡུང་ཚབས་ཆེན་བཏང་ཞིང་། ཕྱི་ཉིན་ཡང་དམག་སྒར་དུ་ཡོང་དགོས་པའི་བཀའ་བཏང་ཡོད་སྟབས། ཁོང་གྲྭ་ཤག་ཏུ་ལོག་སྟེ་བན་ཕྲུག་ཅིག་ཡོད་པ་དེ་སྤུན་ཉེ་སར་མངགས་རྗེས་རང་ཤི་བརྒྱབས་པ་རེད། སྐབས་དེར་ནང་མི་ཚོ་རྫོང་སྲིད་གཞུང་དང་རྫོང་ཉེན་རྟོག་ལས་ཁུངས་ལ་བཅར་ཏེ། གྲྭ་པ་བགྲེས་སོང་ཞིག་ལ་དེ་འདྲའི་ཉེས་རྡུང་མནར་གཅོད་གཏོང་དོན་ཅི་ཡིན་དང་། ནག་ཉེས་གང་ཡོད་བརྩད་གཅོད་བྱས་སྐབས། ང་ཚོར་ཐེངས་འདིའི་གནད་དོན་ལ་འབྲེལ་བ་གང་ཡང་མེད། གོང་རིམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གོ་སྒྲིག་འོག དམག་ཁུལ་ཁང་གིས་ལག་བསྟར་བྱས་པའི་བྱ་འགུལ་ཞིག་རེད་ཟེར་ནས་རྫོང་སྲིད་གཞུང་དང་སྤྱི་བདེ་ཉེན་རྟོག་ཚན་པས་ཡ་ལན་སྤྲད་མེད། ཅེས་ཧ་ཅང་བློ་ཕམ་དང་ཡིད་ཆད་ཀྱིས་བརྗོད་སོང་།

སྐབས་དེར་གསར་འགོད་པས་ཁོང་ལ་ཐེངས་འདིར་བཙན་བྱོལ་དུ་ཡོང་བའི་སྐོར་གླེང་མོལ་བྱས་པར་ཁོས་བརྗོད་དོན། ༢༠༠༧ ལོར་༧རྒྱལ་དབང་རིན་པོ་ཆེ་དགུང་གྲངས་ ༧༣ བཞེས་པའི་རང་ལོར་འཁེལ་ཡོད་སྟབས། ཞབས་བརྟན་ཞིག་གི་ཚུལ་དུ་ལོ་དེའི་བོད་ཟླ་ ༡༠ ཚེས་ ༨ ཉིན་སྲིང་མོ་གསུམ་དང་ཚ་བོ་གཅིག་བཅས་ང་ཚོ་མི་བཞི་ཕ་ཡུལ་ནས་རྐང་པ་བརྒྱབས་ཏེ། ལྷོ་ཁ་བརྒྱུད་ལྷ་སར་མཇལ་སྐོར་དུ་ཕྱིན་པ་ཡིན། སྲིང་མོ་གཅིག་ལོ་བདུན་ཅུར་སླེབས་ཡོད་སྟབས་ལམ་བར་ནས་གང་འཚམ་འགོར་སོང་། སྐབས་དེར་ལྷ་སའི་མགྲོན་ཁང་དང་ཟ་ཁང་། ཐ་ན་སྲིང་བར་དང་དགོན་མཐའ་ཚང་མ་ཨ་མདོའི་མཇལ་སྐོར་བས་ཁེངས་འདུག ལོ་དེ་ལྟ་བུའི་ཨ་མདོའི་མཇལ་སྐོར་བ་མང་པོ་ཞིག་སྔར་མཐོང་མ་མྱོང་། ཞེས་དབུས་པ་ཚོས་བཤད་ཀྱིན་འདུག དེ་དག་ཚང་མས་༧རྒྱལ་དབང་རིན་པོ་ཆེའི་ལོ་སྐེགས་ཀྱི་ཞབས་བརྟན་ལ་དམིགས་ཏེ་ཡོང་བ་ཤ་སྟག་རེད། སྐབས་དེར་ང་ཚོས་ཟླ་གཅིག་ལྷག་ལ་ལྷོ་བྲག མཁར་ཆུ་སོགས་ཀྱི་རི་ཁྲོད་ཁག་ནས་བསྙེན་མཚམས་རེར་བསྡད་ཅིང་། གཙང་། ས་སྐྱ། བསམ་ཡས་བཅས་སུ་མཇལ་སྐོར་རེ་བྱས་པ་ཡིན།

ཕྱིར་ལྷ་སར་འབྱོར་བའི་ཉིན་མོ་དེ་ནི་སྤྱི་ཟླ་ ༣ ཚེས་ ༡༤ ལ་འཁེལ་འདུག མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཆེན་པོ་བྱུང་འདུག་ལ། ལྷ་ས་གྲོང་ཁྱེར་ཧྲིལ་བོ་དམག་གིས་མནན་འདུག ང་ཚོའི་རོགས་པ་ཞིག་གིས་ས་གཅིག་ན་མི་དྲུག་བསད་ཡོད་པ་མཐོང་སོང་ཟེར། ཚེས་ ༡༨ ཉིན་གང་མགྱོགས་ཕྱིར་ཕ་ཡུལ་དུ་ལོག་རྒྱུར་གྲྭ་སྒྲིག་བྱས་པ་ཡིན། སྐབས་དེར་གེ་སར་མགྲོན་ཁང་དང་མེ་འཁོར་འབབ་ཚིགས་བར་དམག་མིའི་ཞིབ་བཤེར་ཉི་ཤུ་ལྷག་འདུག ལམ་བར་དུ་ཕོན་ཆེ་བའི་དམག་མི་དང་དྲག་ཆས་མཚོན་ཆ། ལྕགས་ཁྲབ་འཁོར་ལོ་སོགས་ལྟ་མི་བཟོད་པ་ཞིག་རེད། སྤྱིར་སྐབས་དེར་ང་རང་ལྷ་སའི་རི་ཁྲོད་ཅིག་ནས་སྡོད་རྩིས་ཡོད་ཀྱང་། རྙོག་ཟིང་དེའི་དབང་གིས་ཕྱིར་ཕ་ཡུལ་དུ་མི་ལོག་ཀ་མེད་བྱུང་སོང་། ༢༠༠༨ ལོའི་ཟླ་ ༩ ཙམ་ལ་ང་རང་བསྐྱར་དུ་ལྷ་སར་ཡོང་བ་ཡིན། བསམ་ཡས་མཆིམས་ཕུ་ནས་ཟླ་དགུ་ཙམ་བསྡད་པ་ཡིན། དེར་སྒོམ་སྒྲུབ་པ་ ༣༠༠ ཡས་མས་འདུག་ལ། གནས་དབེན་པ་ཁོར་ཡུག་ཧ་ཅང་སྐྱིད་པོ་ཞིག་རེད། དེ་ནས་འབྲུག་ཡུལ་དུ་ཡོང་སྟེ་ཟླ་གཅིག་ལྷག་བསྡད་རྗེས་རྒྱ་གར་ལ་ཡོང་བ་ཡིན། ཞེས་བརྗོད་སོང་།

ཡང་ཁོང་ལ་བོད་དོན་འཐབ་རྩོད་བྱེད་ཕྱོགས་ཐད་དགོངས་ཚུལ་གང་ཡོད་དྲིས་པར། དམངས་གཙོའི་སྲིད་ཇུས་འདི་ཧ་ཅང་ཡག་པོ་རེད་དྲན་ཡོད། འོན་ཀྱང་། ང་ཚོའི་དམིགས་ཡུལ་རང་སྐྱོང་ཡིན་པར་སེམས་འཚབ་ཅིག་ཡོང་གིན་འདུག སྤྱིར་རྒྱ་གཞུང་གིས་ཀྱང་། ང་ཚོ་ནི་མི་མང་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན། ཞེས་སྒྲོག་གིན་ཡོད་མོད། ཁ་ནས་བཤད་པ་དང་ལག་ནས་སྒྲུབ་པ་འགལ་བ་ཡིན། ནམ་ཞིག་ཉེན་ཁར་ཐུག་གི་རེད། རྒྱལ་རབས་ལོ་རྒྱུས་གང་ལ་བལྟས་ཀྱང་། དམངས་ཀྱི་རེ་འདོད་མི་བསྒྲུབ་པའི་གཞུང་དེ་རྒྱུན་རིང་གནས་ཐབས་མེད། གཞུང་གི་སྲིད་ཇུས་མང་ཚོགས་ཀྱི་རེ་འདུན་ལ་བསྟུན་དགོས་ལ། མང་ཚོགས་ཀྱི་ཁེ་ཕན་གཞུང་གི་ལག་ལེན་ལ་བསྟུན་དགོས། རྔ་པ་ཁུལ་དུ་དེ་ལྟ་བུའི་ཞི་རྒོལ་ཚབས་ཆེན་ཞིག་བྱུང་དོན་ཡང་། གཉའ་གནོན་དང་བརྙས་བཅོས་རྒྱུན་རིང་མྱངས་པའི་བཟོད་པའི་མཐའ་ཟད་སོང་བ་རེད། ཐོག་མ་ཞི་བ་ཁོ་ན་ཡིན་རུང་རིམ་གྱིས་སེམས་ཁུང་གི་ཞེ་སྡང་དང་སྡུག་བསྔལ་གནོན་མ་ཐུབ་པར་དྲག་པོའི་ངོ་བོར་གྱུར་སོང་། དེ་ལ་སྦེད་གསང་བྱ་རྒྱུ་ཡོད་པ་མ་རེད། ཕ་མ་སྤུན་ཟླ། ཕུ་ནུ་མིང་སྲིང་དེ་ཙམ་ཞིག་དམར་གསོད་བཏང་ཟིན་པ་རེད། མ་འོངས་པར་རྐྱེན་དང་འཕྲད་ན་སྔར་བས་ཉེན་ཁ་ཆེན་པོ་ཆགས་གི་རེད་སྙམ།

༧རྒྱལ་དབང་རིན་པོ་ཆེ་མཆོག་གིས་ཀྱང་བོད་རང་བཙན་བཞག་སྟེ། རང་སྐྱོང་བརྩོན་ལེན་བྱེད་ཀྱིན་ཡོད་ཀྱང་། བོད་ནང་གི་བོད་མི་རྒན་དར་གཞོན་གསུམ་ཚང་མའི་སེམས་ནང་བོད་དེ་རྒྱལ་ཁབ་རང་བཙན་པ་ཞིག་དང་། རྒྱལ་བོ་རང་མགོ་མ་ཞིག་ཡིན་པའི་འདུ་ཤེས་བརྟན་པོ་ཡོད། གལ་སྲིད་མ་འོངས་པར་བོད་ལ་རང་སྐྱོང་ཙམ་རག་སྲིད་ཀྱང་། རྒྱ་གཞུང་ལ་ཡིད་ཆེས་བློ་གཏད་བྱེད་ས་ཉན་གི་མ་རེད། ཧོང་ཀོང་ནི་དཔེ་མཚོན་གསལ་ཤོས་རེད། སྔོན་མ་རྒྱ་ནག་གིས་ཁས་ལེན་དམ་བཅའ་མང་པོ་བྱས་ཡོད། རྗེས་སུ་རིམ་གྱིས་ཁ་དན་ལ་མ་གནས་སྟབས། ཧོང་ཀོང་མི་དམངས་ཀྱི་འདོད་པ་ལྟར་སྒྲུབ་ན་རྒྱ་གཞུང་ལ་མ་འགྲིག རྒྱ་གཞུང་གི་འདོད་བློ་ལྟར་སྒྲུབ་ན་ཧོང་ཀོང་མི་དམངས་ལ་མ་འགྲིག་པ་ཆགས་ཏེ། མཐར་ཧོང་ཀོང་གི་ཆེས་མཐོའི་འཛིན་སྐྱོང་བས་དགོངས་པ་ཞུ་དགོས་པ་ཆགས་ཡོད། ཅེས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༠ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 3

  1. ཨ་ཆོས་འཛིན། says:
    ལོ་ 17 སྔོན།

    གཞིས་ལུས་བོད་མི་སུ་ཡིན་ཡང་འདི་འདྲའི་ཁ་བཤད་དོན་མཐུན་གྱི་དཔའ་ངར་ལྡན་པ་ཞིག་རེད།འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་བཙན་བྱོན་བའི་སྤྱི་འཐུས་སུ་བདམས་པའི་མི་བུ་དག་གིས་སྤྱོད་ཚུལ་ལ་ལྟོས་དང་།རང་དོན་ཕུགས་སུ་ཉར་ཏེ་སྤྱི་དོན་གྱི་ཁ་གཡང་དག་དག་གིས་འདས་སོང་གི་མི་གང་མང་ཞིག་བསླུ་བྲིད་བཏང་ཡང་།ད་ནི་རང་ཉིད་ཀྱི་སྤྱོད་ཚུལ་དམར་རྗེན་དུ་གསལ་བས་དུས་རབས་ཀྱི་བབས་གཟིགས་སུ་བལྟ་བའི་མི་བུ་དག་ནམ་ཡང་ཁྱེད་ཀྱིས་གཡོ་སྒྱུའི་དྲྭ་བ་རུ་མི་ཚུད་ཁོ་ན་ཡིན།དེ་ལས་ཚེ་འཇུག་ཏུ་མ་ནི་ཡིག་དྲུག་རེ་བགྲངས་བཞིན་འདས་སོང་གི་ལོ་རྒྱུས་ལ་ཕྱིར་དྲན་གྱི་བཤགས་སྡོམ་རེ་བྱས་ན་དགའ་བ་ལ།ཕྱི་མའི་ཡུལ་དུ་ཆས་སྐབས་ཨ་ཞང་གཤིན་རྗེ་ཆོས་རྒྱལ་ལ་མགོ་བདེ་དྲན་འཕྲུལ་གྱིས་ནམ་ཡང་བསླུ་བྲིད་བྱེད་མི་ཐུབ་པའོ།།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཨ་མདོ་བ་ཚོ་སྟོད་ཉི་མ་ལྷ་སར་འདི་འདྲའི་དད་པ་དག་སྣང་ཞིག་ཡོད་པ་ཅི་ཡིན་ནམ། སྟོད་ཉི་མ་ལྷ་ས། ལྷ་སའི་ཇོ་བོ། ཕོ་བྲང་པོ་ཏ་ལ། བསམ་ཡས་གཙུག་ལག་ཁང་། གྲྭ་ས་སེ་འབྲས་དགའ་གསུམ། གཙང་བཀྲ་ཤིས་ལྷུན་པོ། ལོ་ལོན་དང་དད་ལྡན་ཚོས་མིང་འདི་དག་གོ་དུས། ཤ་གསེང་རུས་གསེང་ནས་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྐྱེས་འོང་། དེ་ནི་ཨ་མདོ་བའི་དད་སེམས་རེད། རིགས་ཞེན་རེད།

    Reply
  3. ནོར་བུ་རྒྱལ་མཚན། says:
    ལོ་ 17 སྔོན།

    རེད་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese