མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་གནས་ལ་བདམས་པ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་དངོས་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཚོགས་འདུ་ཐེངས་བཞི་སྟེང་། བོད་མི་རིགས་ཀྱི་དམངས་ཁྲོད་ངག་སྒྲུང་རིང་མོ་༼འཛམ་གླིང་གེ་སེར་རྒྱལ་བོའི་སྒྲུང་༽དང་། བོད་ཀྱི་སྲོལ་རྒྱུན་ཟློས་གར། མདོ་སྨད་རེབ་གོང་སྒྱུ་རྩལ་གསུམ་འཛམ་གླིང་ཤུལ་བཞག་རིག་གནས་རྣམ་གྲངས་ཁྲོད་བདམས་ཐོན་བྱུང་ཡོད་པ་རེད།

ཕྱི་ཟླ་ ༩ པའི་ཚེས་ ༢༨ ཉིན་ནས་བཟུང་། མཉམ་འབྲེལ་རྒྱལ་ཚོགས་རིག་གནས་སྲུང་སྐྱོབ་རྩ་འཛུགས་ཀྱིས་བསྡུས་པའི་རིག་དངོས་མ་ཡིན་པའི་འཛམ་གླིང་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པའི་སྲིད་གཞུང་འཐུས་མིའི་ཚོགས་འདུ་ཐེངས་བཞི་པ་དེ་ཨ་རབ་ཀྱི་རྒྱལ་སར་འཚོགས་ཤིང་།  རྒྱལ་ཁབ་ ༡༡༤ དང་ས་ཁུལ་འདྲ་མིན་ ༤༠༠ ལྷག་གི་སྐུ་ཚབ་ཚོགས་ཞུགས་བྱས་ཡོད་པ་རེད། ཉིན་གསུམ་གྱི་ཚོགས་འདུའི་རིང་འཛམ་གླིང་གི་ཆེད་མཁས་པ་དག་གིས་འཛམ་གླིང་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཐད་གཏམ་བཤད་དང་དཔྱད་བསྡུར་བརྒྱུད། གཙོ་བོ་༼རིག་དངོས་མ་ཡིན་པའི་འཛམ་གླིང་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་བརྩམས་ཆོས་བདམས་འགོད༽ དང་ ༼སྲུང་སྐྱོབ་དགོས་པའི་རིག་དངོས་མ་ཡིན་པའི་འཛམ་གླིང་ཤུལ་བཞག་རིག་གནས་རྣམ་གྲངས༽བཅས་དཔྱད་འདེམས་ཐོ་འགོད་བྱས་ཡོད་པ་རེད། ཐེངས་འདིའི་དཔྱད་འདེམས་ཁྲོད་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་རིག་གནས་རྣམ་གྲངས་ ༧༦ བདམས་ཐོན་བྱུང་ཡོད་པ་དང་། དེའི་ཁྲོད་བོད་མི་རིགས་ཀྱི་དམངས་ཁྲོད་ངག་སྒྲུང་རིང་མོ་༼གླིང་གེ་སེར་རྒྱལ་པོའི་སྒྲུང་༽དང་། བོད་ཀྱི་སྲོལ་རྒྱུན་ཟློས་གར། མདོ་སྨད་རེབ་གོང་སྒྱུ་རྩལ་གསུམ་ཀྱང་རིག་དངོས་མ་ཡིན་པའི་འཛམ་གླིང་ཤུལ་བཞག་རིག་གནས་ཁྲོད་དུ་བདམས་ཐོན་བྱུང་ཡོད་པ་རེད།
 
རིག་དངོས་མ་ཡིན་པའི་འཛམ་གླིང་རིག་གནས་སྲུང་སྐྱོབ་དང་ཐོ་འགོད་བྱེད་པའི་བྱ་འགུལ་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གནས་སྲུང་སྐྱོབ་རྩ་འཛུགས་ཀྱིས་ཕྱི་ལོ་ ༢༠༠༣ ལོའི་ཟླ་ ༡༠ པའི་ནང་༼རིག་དངོས་མ་ཡིན་པའི་འཛམ་གླིང་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྤྱི་ཆིངས་༽གསར་དུ་སྒྲིག་སྟེ།  སྲོལ་རྒྱུན་འདྲ་མིན་དང་། ངག་གི་སྒྱུ་རྩལ། དུས་སྟོན་གྱི་བྱེད་སྒོ་སྣ་ཚོགས། ལག་ཤེས་སྣ་ཚོགས། གླུ་གཞས། ཟློས་གར་དང་སྲོལ་རྒྱུན་འཁྲབ་གཞུང་གཙོ་བོར་གྱུར་བའི་རིག་དངོས་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་ལས་གཞི་གཏན་འཁེལ་བྱས་པ་དང་། ཕྱི་ལོ་ ༢༠༠༦ ལོའི་ཟླ་ ༤ པའི་ནང་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པ་ཞིག་རེད།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༤ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 6

  1. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    རིག་དངོས་མ་ཡིན་པའི་ཤུལ་བཞག་རིག་གནས་དང་རིག་དངོས་ཡིན་པའི་ཤུལ་བཞག་རིག་དངོས་གཉིས་ཀྱི་ཁྱད་པར་ག་རེ་རེད། པོ་ལ་ཏ་རིག་དངོས་ཡིན་པའི་ཤུལ་བཞག་རིག་གནས་ཡིན་ནམ་རིག་དངོས་མ་ཡིན་པའི་ཤུལ་བཞག་རིག་གནས་རེད།

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    ད་ཧྲ་སོང་ནི་མ་རེད་ན་བཀའ་འགྱུར། བོད་པ་ཚང་ལ་ཐུབ་བསྟན་རིག་གནས་འདིས་འཛམ་གླིང་སྒང་ལ་མིང་ཞིག་སླེབས་རུ་བཅུག་སོང་།

    Reply
  3. ཆོས་འཕེལ། says:
    ལོ་ 17 སྔོན།

    དྲྭ་གྲོགས་རྣམ་པ། ཡག་པོ་ཡིན་རྒྱུ་རེད་བསམ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཡིན་ནའང་དེ་ལྟར་བདམས་པ་ལ་དགེ་མཚན་གང་དང་གང་ཡོད་པ་དེ་དྲ་གྲོགས་སུ་ཡང་རུང་བས་གསལ་བཤད་ཐུབ་བམ

    Reply
  4. འབྲོང་བུ། says:
    ལོ་ 17 སྔོན།

    རྟེན་འབྲེལ་ཞུ།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ངས་བརྡེབས་ཀྱིན་ཡོད། མི་རིག་གི

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    འདི་གནས་ཚུལ་དགའ་ཞིག་རེད། བོད་མི་ཡོད་དོ་ཅོག་དང་བོད་ཀྱི་རིག་གནས་ཉིང་བཅུད་རོལ་མཁན་ཚང་དགའ་བསུའི་ཐལ་མོ་རྡོབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese