མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུ་མོ་གཅིག་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

མལ་གྲོ་གུང་དཀར་རྫོང་དུ་ H1N1 འགོས་ནད་ཀྱིས་རང་ལོ་ ༨ ལ་སོན་པའི་བུ་མོ་གཅིག་རྐྱེན་ལམ་དུ་བཏང་འདུག

བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཁང་གིས། ཕྱི་ཟླ་ ༡༠ ཚེས་ ༤ ཉིན་བོད་ལྗོངས་མངའ་ཁུལ་གྱི་མི་གཅིག་ H1N1 འགོས་ནད་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་པ་ཕྱིར་བསྒྲགས་བྱས་ཡོད་འདུག

འགོས་ནད་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་ནད་པ་དེ་ནི། ལྷ་ས་གྲོང་ཁྱེར་གྱི་མལ་གྲོ་གུང་དཀར་རྫོང་ཁོངས་ཀྱི་རང་ལོ་ ༨ ཅན་གྱི་བུ་མོ་ཞིག་ཡིན་འདུག་པ་དང་། ཁོ་མོར་མགྲིན་པ་ན་བ་དང་གློ་ལུ་རྒྱག་པ། གཟིགས་པོ་ཧྲིལ་བོར་ན་ཟུག་ལངས་པ་བཅས་ཀྱི་ནད་རྟགས་བྱུང་བ་ལ་བརྟེན་ནས། ཕྱི་ཟླ་ ༡༠ པའི་ཚེས་ ༣ ཉིན་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་ལ་བསྐྱལ་ནས་སྨན་བཅོས་བྱེད་བྱས་ཡོད་ནའང་། ནད་པའི་ལུས་ཀྱི་ཚ་དྲོད་འཕར་ཏེ་མིའི་རྒྱུན་ལྡན་ལུས་དྲོད་ཀྱི་ཚད་ལས་ཆེས་ཆེར་བརྒལ་བ་སོགས་ཀྱི་རྐྱེན་པས་ཕྱི་ཚེས་ ༤ ཉིན་གྱི་ཞོགས་པར་འདས་གྲོངས་སུ་གྱུར་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ནད་བཅོས་སྔོན་འགོག་ལྟེ་གནས་ཀྱིས་ནད་གཞི་དེ་རྒྱལ་ཁབ་ནད་བཅོས་སྔོན་འགོག་ལྟེ་གནས་ལ་སྤྲད་དེ་བརྟག་དཔྱད་བྱས་མཐར་ H1N1 འགོས་ནད་ཀྱི་རིགས་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་དང་། ནད་གཞི་དེའི་སྐོར་གྱི་བརྟག་དཔྱད་སྙན་ཞུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཕུལ་རྗེས། ཨ་རིར་གནས་སྡོད་རྒྱའི་གསོ་བ་རིག་པའི་ཆེད་མཁས་པ་ཅིན་ཧྥུའུ་ཧྲིན་གྱིས་ཐེངས་འདིའི་བོད་ཁུལ་དུ་བྱུང་བའི་ H1N1 ནད་གཞིའི་ཐད་འགྲེལ་བརྗོད་གནང་དོན། ནད་གཞི་འདི་ནི་གཙོ་བོ་གློ་ཚད་རེད། གློ་ཚད་འཕར་བའི་ཐོག་ལ་དབྱང་དབུགས་ཀྱིས་མ་འདང་བ་བྱུང་ན་མི་གློ་བུར་དུ་འདས་གྲོངས་སུ་འགྲོ་རྒྱུ་ལས་སླ་བོ་རེད། དེར་བརྟེན། ནད་གཞི་འདིས་མཐོ་སྒང་དུ་སྨན་བཅོས་ལས་འགན་སྒྲུབ་བཞིན་པ་རྣམས་ལ་ཚབས་ཆེ་བའི་བརྡ་རྟགས་ཤིག་བསྟན་པ་རེད། ནད་གཞི་སྔོན་འགོག་ལ་ཐབས་ཤེས་ནུས་ཤུགས་ཡོད་དགུ་བཏོན་ཏེ། སྔོན་འགོག་སྨན་བཅོས་མཐུན་རྐྱེན་རིགས་མཐོ་སྒང་གི་ས་ཆར་མཁོ་སྤྲོད་བྱེད་དགོས་ལ། ལྷག་པར་དུ་གྲོང་རྡལ་ཆུང་གྲས་ཁག་ཏུ་དོ་སྣང་བྱ་རྒྱུ་གལ་ཆེ་ཞེས་བརྗོད་ཡོད་འདུག

ཉེ་སྐབས་རྒྱ་ནག་ནང་ཁུལ་དུ་ H1N1 འགོས་ནད་ཁྱབ་ཚད་ཚབས་ཆེན་གྱི་གནས་སུ་གྱར་ཡོད་པ་རེད། ༢༠༠༩ ཟླ་ ༡༠ ཚེས་ ༥ ཉིན་པེ་ཅིན་གྲོང་ཁྱེར་གཅིག་པུར་ H1N1 འགོས་ནད་ཕོག་པའི་མི་ ༢༡༨༡ ལ་བུད་ཡོད་པ་རེད།  རྒྱ་ནག་གི་མི་དམངས་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཟླ་ ༡ ནས་ཟླ་ ༨ པའི་བར་རྒྱ་ནག་ནང་ས་གཙོ་བོ་གྱུར་པའི་ཡུལ་ཕྱོགས་གཞན་ནས་ཕེབས་པའི་ཡུལ་སྐོར་བ་མི་གྲངས་ཁྲི་ ༤༠༩ ལྷག་བོད་ལྗོངས་ས་ཁུལ་ཁག་ཏུ་སླེབས་ཡོད་སྐོར་བཀོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༤ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 7

  1. གཡང་མདའ། says:
    ལོ་ 17 སྔོན།

    ཨ་ཁ་ན་ཚ་H1N1འདི་ཧ་ཅང་གི་ཁྱབ་བརྡལ་ལ་འགྲོ་བཞིན་སྒང་རེད། འདི་རིགས་ལ་འུ་ཚོ་བོད་པ་ཚང་གི་ལྷ་རྗེ་ཚང་མས་ཐུགས་འགན་བཞེས་རོགས་གནང་། སྔོན་ཁབ་དང་ཡང་ན་འགོག་སྲུང་རིལ་བུ་ངཅས་མི་དམངས་ལ་བཀྲམས་དགོས།

    Reply
  2. ཨ་ལ་ལ says:
    ལོ་ 17 སྔོན།

    བོད་མི་རྣམས་ཀྱིས་དོ་སྣང་གནང་ཐུབ་ན་བོད་ཀྱི་གསོ་རིག་གཞུང་དུ་རིམས་ནད་འགོག་སྲུང་གི་ཆེད་དུ་འདི་འདྲ་ཞིག་གསུང་ཡོད། སྲུང་བྱེད་ལ་སྔགས་ཀྱིས་སྲུང་ཐབས། རྫས་ཀྱི་སྲུང་ཐབས། ཏིང་ངེ་འཛིན་གྱིས་སྲུང་ཐབས་བཅས་རིགས་གསུམ་གསུངས་ཡོད། དེ་དག་མ་འབྱོར་ཀྱང་སྔ་མོའི་བོད་ཀྱི་ལུགས་སྲོལ་ལ་ལོ་གྱོན་མའི་གཟུངས་སྔགས་བགྲངས་པ་དང་། ལོ་གྱོན་རིལ་བུ་བཟའ་བ་སོགས་ཀྱི་རིམ་པ་ཡང་མང་པོ་ཞིག་ཡོད་པས་དོན་དངོས་སུ་ལོ་རྒྱུས་ཀྱི་རྒྱུད་རིམ་ནའང་འདི་དག་གིས་ཕན་སླེབས་བྱུང་ཡོད་པའི་རྒྱབ་ལྗོངས་ཀྱང་མང་ངོ་། །

    Reply
  3. རྐང་རྗེན་པ། says:
    ལོ་ 17 སྔོན།

    རྒྱ་ནག་གི་ཞིན་ཧྭ་དྲ་རྒྱའི་ཐོག་བུ་མོ་དེ་ལོ་ 18 ཡིན་ཚུལ་འཁོད་འདུག
    ད་ནི་བོད་ཀྱི་གསོ་བ་རིག་པས་བོད་རང་གི་མི་མྱུར་སྐྱོབ་གནང་བའི་དུས་ལ་སླེབས་སོང།

    Reply
  4. ཆོས་འཕེལ་བློ་བཟང་། says:
    ལོ་ 17 སྔོན།

    བོད་ཀྱི་སྨན་པ་ཚོར་H1N1 ཞེས་པའི་འགོས་ནད་འདིས་མཚོན་་རིམས་ནད་གསར་རྙིང་གསར་རྙིང་འདྲ་མིན་མང་པོ་ཡོད་པ་དེ་དག་སྔོན་འགོག་བྱེད་སྟངས་དང་། རྒྱུ་རྐྱེན་གང་ཡིན། རང་ལུགས་གསོ་རིག་ལྟར་ན་མིང་དང་ངོས་འཛིན་གང་འདྲ་ཡིན་མིན་སོགས་མི་མང་ལ་གོ་སྐོན་ལམ་སྟོན་དང་རང་འགན་གཙང་ལེན་བྱེད་འཇུག་རྒྱུ་འདི་ཧ་ཅང་གལ་ཆེ། བཙན་བྱོལ་སྨན་པ་ཚོ་ནི་ཚོང་པ་བཞིན་ཁེ་སྤོགས་མེད་པའི་བྱ་བཞག་འདི་འདྲ་ལ་ཞུགས་རྒྱུ་ཧ་ཅང་དཀའ་བས་དུས་བབས་གསར་འགོད་པ་ལྟ་བུ་ཆེད་བཅར་གྱིས་གནས་སྟངས་འདིའི་རིགས་མི་མང་ལ་ཤེས་ཐབས་ཡོངས་བསྒྲགས་གནང་རྒྱུ་ལས་ཐབས་གཞན་གནས་སྐབས་རིང་མེད་པ་རེད། སྤྱིར་བོད་ལུགས་གསོ་རིག་གི་རྒྱུན་སྤྱོད་འཕྲོད་སྟེན་བསླབ་བྱ་དང་རིག་གཞུང་གི་རིན་ཐང་ངོ་སྤྲོད་བྱེད་པ་སོགས་ནི་སྤྱི་ཚོགས་ཞབས་ཞུ་དང་རིག་གཞུང་སྲུང་སྐྱོབ་གཉིས་ལ་ཕན་ངེས་ཡིན་པས་འདིའི་ཐད་ཀུན་གྱིས་དོ་སྣང་གནང་འོས་ཤིང་། སྨན་པ་ཚོར་སྐུལ་སློང་དང་སྐྱོན་བརྗོད་བྱེད་བཞིན་གསོ་རིག་གཞུང་ལུགས་དང་མི་མང་བར་གྱི་ཁ་ཐག་ཇེ་ཉེར་གཏོང་ཐབས་ལ་འབད་དགོས།

    Reply
  5. ཡར་ཆབ་སྔོན་མོ། says:
    ལོ་ 17 སྔོན།

    ཨོཾམཎིཔདྨེཧཱུཾ། ང་ཚོས་ངེས་ཅན་འགོས་ནད་ལ་གཟབ་ནན་དགོས་པ་མ་ཟད། འགོས་ནད་སྲུང་ཐབས་ཀྱི་ཤེས་བྱར་དོ་སྣང་དུ་ཁོང་དུ་ཆུད་པར་བྱ་རྒྱུ་གལ་ཆེ།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སེམས་ཅན་ནད་པ་ཅི་རྙེད་པ།། མྱུར་དུ་ནད་ལས་ཐར་གྱུར་ཅིག།
    ཤི་ཟིན་པ་རྣམ། བདེ་བ་ཅན་དུ་སྐྱེ་བར་ཤོག

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    རྒྱ་གཙོག་འདི་ཚོས་ནད་རིགས་འདྲ་མིན་ཡང་བོད་ནང་ལ་ཁྱེར་ནས་སླེབས་སོང་། བོད་པ་ཚོས་གཟབ་གཟབ་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese