མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྐོག་ཟ་བྱས་སོང་།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

དུས་ངན་དེ་འདྲའི་སྐབས་ལ་ཡང་ས་གནས་སྲིད་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཐ་ཤལ་སྤེལ་འདུག

མིང་འདོན་འདོད་མེད་པའི་རེབ་གོང་གི་གནད་ཡོད་མི་སྣ་ཞིག་གིས་འདི་གར་གནས་ཚུལ་བཏང་དོན་ལྟར་ན། ཉེ་སྔོན་ཕྱི་ཟླ་༩ ཚེས་ ༡༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༧:༤༠ ཡས་མས་སུ་མདོ་སྨད་རེབ་གོང་རྐ་སར་གྲོང་སྡེར་རི་ཉིལ་གྱི་གོད་ཆག་བྱུང་སྐབས་དེར། རྐ་སར་དགོན་པའི་གྲྭ་བ་གཅིག་འདས་གྲོངས་སོང་བ་དང་། གྲྭ་ཤག་མང་པོ་ལ་གཏོར་སྐྱོན་ཐེབས་འདུག  དུས་མཚུངས་གྲོང་སྡེའི་མ་ཎི་ཁང་ལ་ཡང་གཏོར་སྐྱོན་ཆེན་པོ་ཐེབས་པ་དང་། མི་ལ་རྨས་སྐྱོན་ཕོག་པ་སོགས་ཀྱི་གནོད་སྐྱོན་མི་ཉུང་བ་ཞིག་བྱུང་བར་བརྟེན། ས་གནས་མི་མང་རྣམས་གྲོང་སྡེའི་ཤར་ཕྱོགས་ཀྱི་མལ་ལེ་གཅིག་ཙམ་གྱི་མཚམས་སུ་ཉེན་གཡོལ་གནས་སྤོར་བྱེད་དགོས་བྱུང་འདུག  རི་ཉིལ་བྱུང་བའི་རི་དེ་ལ་རྟ་འགྱིང་ལའམ། ཡོངས་གྲགས་སུ་ཧོར་ནག་རྟ་འགྱིང་ལ་ཟེར། གནས་ཚུལ་དེའི་དབང་གིས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ལས་ཁུངས་ཀྱིས་རྐ་སར་གྲོང་སྡེར་རས་གུར་ ༣༠༠ དང་། ཉལ་གདན་ ༡༢༠༠    གྱོན་ཆས་ ༡༢༠༠   གྲོ་ཕྱེ་རྒྱ་མ་ ༤༠༠༠༠ བཅས་ཀྱི་རོགས་སྐྱོར་བྱས་ཡོད་ཚུལ་མཚོ་སྔོན་བརྙན་འཕྲིན་བརྒྱུད་ནས་གསལ་བསྒྲགས་སྤེལ་འདུག་ལ། ཕྱི་ཟླ་ ༩ ཚེས་ ༡༨ ཉིན་གྱི་ཟི་ལིང་དགོང་མོའི་ཚགས་པར་དང་། ཚེས་ ༡༩ ཉིན་གྱི་མཚོ་ནུབ་གྲོང་ཁྱེར་གྱི་ཚགས་པར་གཉིས་ཀྱི་ནང་དུ་ཡང་གོང་གསལ་རོགས་སྐྱོར་གྱི་གནས་ཚུལ་དེ་བཀོད་ཡོད་ཚུལ་བརྗོད།  འོན་ཀྱང་འབྲེལ་ཡོད་མི་སྣ་ཁ་ཤས་རྐ་སར་གྲོང་སྡེར་དངོས་བསྐྱོད་ཐོག་ནས་འདྲི་གཅོད་རྒྱུས་ལོན་བྱུང་བ་ལྟར་ན། གནོད་འཚེ་ཐེབས་ཡུལ་གྱི་མི་དམངས་ལ་དངོས་སུ་ལག་འབྱོར་བྱུང་བ་ནི་རས་གུར་ ༡༢༠ དང་། ཉལ་གདན་ ༡༡༤༠   གྱོན་ཆས་ ༡༡༤༠   གྲོ་ཕྱེ་རྒྱ་མ་ ༡༠༠༠༠ མ་གཏོགས་མི་འདུག  འདི་ལས་གསལ་པོར་ཤེས་ཐུབ་པ་ནི་དུས་ངན་དེ་འདྲའི་སྐབས་ལ་ཡང་ས་གནས་སྲིད་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཐ་ཤལ་སྤེལ་འདུག་པ་དེ་རེད། རྐ་སར་གྲོང་སྡེ་ནི་རེབ་གོང་རོང་བོ་གྲོང་བརྡལ་གྱི་བྱང་ངོས་སུ་ཡོད་ཅིང་། རྐ་སར་དགོན་པར་གྲྭ་པ་ ༦༠ ལྷག་དང་། རྐ་སར་གྲོང་སྡེར་མི་གྲངས་ ༡༢༠༠ མ་ཟིན་ཙམ་ཡོད། རི་ཉིལ་གྱི་གནོད་འཚེ་ནི་ཉིན་གྲངས་མང་པོར་ཡང་ནས་ཡང་དུ་བྱུང་བར་བརྟེན། ད་ལྟ་ཡང་རྐ་སར་གྲོང་སྡེའི་མི་དམངས་ཡོངས་རས་གུར་ཁག་ནང་ཉེན་གཡོལ་ངང་བཟའ་བཏུང་རིགས་མཉམ་སྤྱོད་བྱེད་དགོས་པའི་ཐབས་སྐྱོའི་གནས་སུ་གྱར་འདུག་པ་དང་། ལྷག་པར་དུ་ད་ལྟའི་ཆར་ནམ་ཟླ་ནི་ཉིན་རེར་ཇེ་འཁྱག་ལ་འགྲོ་བཞིན་ཡོད་པའི་ཁར། དགུན་དུས་ཀྱང་སླེབས་ལ་ཉེ་བས་ཕྱོགས་གང་ཅིའི་ཐད་ནས་དཀའ་ངལ་དང་སེམས་ཁྲལ་འཕར་མ་ཞིག་འབྱུང་བཞིན་འདུག  དེ་ལྟ་ན་ཡང་རྒྱ་ནག་གཞུང་ནས་རྐ་སར་གྲོང་སྡེའི་ཉམ་ངའི་གནས་སྟངས་འདི་ཐད་མ་འོངས་འཆར་འགོད་ཅི་ཡང་མེད་པ་དང་། ལྷག་དོན་དུ་ས་གནས་སྲིད་གཞུང་རང་གིས་སྐབས་བསྟུན་དགོས་ངེས་ཀྱི་རོགས་སྐྱོར་ཅི་ཡང་བྱས་མེད་པ་མ་ཟད། ད་དུང་གོད་ཆག་འདི་ལ་ཁ་གཡར་ཏེ་ས་ཁུལ་གཞན་ནས་རོགས་དངུལ་ཞལ་འདེབས་བསྡུ་ལེན་བྱས་ཡོད་རབས་བརྗོད་མཁན་མང་པོ་འདུག་ལ། གོང་གསལ་མཚོ་སྔོན་ཞིང་ཆེན་གྱི་རོགས་སྐྱོར་དངོས་རྫས་ཁག་གི་ཁོངས་ནས་ཀྱང་མང་པོ་ཞིག་ས་གནས་རང་གི་འགོ་ཁྲིད་ཁག་ཅིག་གིས་ལྐོག་ཟ་བྱས་འདུག་པ་བཅས་ནི་ཇི་འདྲའི་སྙིང་ལ་གཟན་པའི་བྱ་ངན་རུལ་སུངས་ཤིག་རེད་ཨང་།
 

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 11

  1. རྒྱུད་བཞིའི་མྱུ་གུ། says:
    ལོ་ 17 སྔོན།

    ཁྱེད་ཚོ་གང་ཟེར་བཞིན་ཡོད་རྒྱ་ནག་གི་དཔོན་ངན་དེ་ཚོའི་ལས་འགན་ད་ག་རང་ཡིན་པ་ད་ོཆ་ཞི་ནས་ཤེས་སོང་ངམ།

    Reply
  2. ཐོག་རྒོད། says:
    ལོ་ 17 སྔོན།

    གཡེར་ཁ་ཚ་ལགས།
    འབྱོར་ལྡན་གཅིག་པོ་མ་རེད།ཁྱེད་ཀྱིས་དབུས་བོད་ཀྱི་གཞོན་ནུ་དང་བུད་མེད་ཚོགས་པ་གཉིས་ཀྱི་ད་ཡོད་ཚོགས་གཙོ་སོགས་ཀྱི་འཇོན་ཐང་དང།ལས་འགུལ་གྱི་གནས་སྟངས་དང་སོགས་ལ་གཅིག་བལྟས་ད།དེ་བཞིན་ད་ཡིན་ན་ས་གནས་ཚང་མ་དེ་འདྲ་པོ་རེད།དབུས་ས་ཡོངས་ལ་ད་ཡིན་ན་ཚང་མ་ཚར་འདུག།

    Reply
  3. གཡེར་ཁ་ཚ says:
    ལོ་ 17 སྔོན།

    ཟླ་འདིའི་ཚེས་༧ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་བཞི་བཅུ་འཁོར་བའི་དུས་སྟོན་གྱི་ཉིན་མོ་འདིར་སྐུ་མགྲོན་གཙོ་བོ་བོད་མི་དམངས་སྥྱི་མཐུས་ལྷན་ཚོགས་ཀྱིཚོགས་་གཙོ་རྒྱ་རི་སྒྲོལ་མ་གཙོ་བྱས་བའི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་།་་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་གཙོ།་རྡ་ས་ས་ནས་རྒྱུན་ལས་ཀྱི་ཚོགས་གཙོ་བཅས་ཐེངས་འདིའི་མཛད་སྒོ་ལ་་བཅར་འདུག་་་་་་ཧ་ལས་བ་ཞིག་ལ་འབྱོར་ལྡན་ཟེར་ནས་རང་ཉིད་ཀྱི་མིང་འབྲི་མི་ཤེས་བ་ཞིག་གཞོན་ནུའི་ལས་བྱེད་ལ་བསྐོར་བཞག་བྱས་འདུག་་་་་་ངོ་མ་བོད་པ་ཚང་གི་བསོད་ནམས་སད་འདུག་་་ཚར་འདུག་་་་་་་་་་་་་ཚར་འདུག་་་་་་་་་་་བོད་པ་ཚང་ཚརའདུག་

    Reply
  4. བཀྲ་ཤིས། says:
    ལོ་ 17 སྔོན།

    རྒྱ་ནག་ལ་ལྐོག་ཟ་རུལ་སོང་ཡོད་རེད་ཟེར་བ་ལ་ཧ་ལས་ཡོད་མ་རེད། སྤྱང་ཀིས་ལུག་བསད་པ་དེ་བྱ་སྤྱོད་སྤྱིར་བཏང་བ་ཞིག་རེད།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    དམ་པ་ཁོང་གི

    Reply
  6. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    རྒྱ་མིའི་ནང་ན་ད་ལྐོག་ཟ་རུལ་སོང་བ་ཡོད་ད་ཡོད། ༸གོང་ས་མཆོག་ལ་ཐལ་མོ་སྦྱོར་མཁན་ཚོའི་ནང་ན་དམ་པ་ཁོང་འཕྲིན་ལས་ལས་བྱུངབའི་དབུལ་སྐྱོབས་དངུལ་དག་ལྐོག་ཟ་བྱ་མཁན་ཡོད་ན་དེ་ནི་ཆོས་མེད་སྨྲ་བརྒྱ་ནག་དམར་ཤོག་ལས་ལྡབ་གྲངས་ལས་འདས་པའི་སྡིགས་ཉེས་རེད་ད

    Reply
  7. མི་ཞུན། says:
    ལོ་ 17 སྔོན།

    སྐྱག་གཟན། རོ་ས་འོག་ལ་འཇུག་རྒྱུ་དེ་ཚོ། ངོ་མ་བྱ་རྩོག་གི་ཡཱ།

    Reply
  8. ཁ་རུ་ཁ་ཐུག says:
    ལོ་ 17 སྔོན།

    ངོ་ཚ་རྒྱུ་མེད་ནི་དེ་ཚོར་མཐོང་ཆོས་མྱོང་འགྱུར་གྱི་ལས་ཤིག་སྨིན་ནས་བསམ་ཞིག་ཤེས་ཀི་བཅུག་ན་རེད།

    Reply
  9. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    བོད་ཀྱི་རྫོང་ཁུལ་ཁག་ཏུ་ངོ་མ་དེ་འདྲ་གནང་མཁན་ཉུང་ཉུང་མིན། དེ་དག་རྒྱ་ནག་སྲིད་གཞུང་གི་ཤེས་ཀྱི་མེད་པ་འདྲ་འདུག

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    སྤྱིར་བྱ་སྤྱོད་ངན་པར་རྩིས་ན་ཆོག་མོད། རྩད་གཅོད་བྱ་ཐུབ་མི་པ་ཞིག་ཀྱང་མ་རེད་སྙམ། དེང་སང་ངའི་ཕ་ཡུལ་མཚོ་སྔོན་ནའང་འདི་འདྲའི་བྱ་ངན་སྤྱོད་ངན་ཅན་འགའ་ཡོད་ཙིག་མོ། འོམ་ཀྱང་ག་ལེར་ལྷང་ལ་འབུད་ཀི་རེད། ལྟས་ངན་དེ་ཚོ།

    Reply
  11. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    ངོ་མ་བྱ་རྩོག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese