མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ལྔ།


བློ་བཟང་གིས་ཉིན་གོང་ཆུ་ཚོད་གཅིག་སྐར་མ་ལྔ་ཙམ་ཞིག་གིས་མ་ཟིན་གོང་དུ། རླངས་འཁོར་འབབ་ཚུགས་སུ་དབྱིན་དགེ་མར་ཁུ་ལ་སྒུག་ནས་བསྡད། ཆུ་ཚོད་དང་བོ་ཏག་ཏག་ལ་སྐུ་ཞབས་མར་ཁུ་ཡང་བློ་བཟང་གི་གམ་དུ་འབྱོར་ནས། ཁོ་གཉིས་གྲྭ་བ་དེའི་ཁང་བའི་ཕྱོགས་སུ་འགྲོ་བར་ལམ་ཁར་བློ་བཟང་གིས་གྲོ་ཕྱེ་རྒྱ་མ་གཅིག སྣུམ་རྒྱ་མ་གཅིག སྔོ་ཚལ་ཁ་ཤས་ཤིག་བཅོས་ཉོས་དེ་ཁོ་གཉིས་འགྲོག་ནས་གྲྭ་བ་དེའི་ཞག་ལ་འབྱོར་མ་ཐག བློ་བཟང་གིས་དབྱིན་སྐད་ཀྱི་བརྡ་འཕྲོད་ལ་མི་འཕྲོད་ལ་བྱེད་ཞོར་དུ། སྐུ་ཞབས་མར་ཁུ་ལ་ཁྱེད་རང་གི་བོད་པའི་ཁ་ལག་ཟ་འདོད་ཨེ་ཡོད།  ཡོད་ན། ངས་འུ་གཉིས་ལ་ཁ་ལག་ཞིག་བཟོས་དེ་ཁ་ལག་ཟས་ནས་སློབ་ཁྲིད་བྱོས་ན་གྲྭ་འདྲ་འདུག་ཞེས་དྲིས་དུས། སྐུ་ཞབས་མར་ཁུའི་དགའ་སྣང་དང་བཅས་དེ། རེད་འགྲིག་གི་རེད་ཟེར་ནས་ཁོ་རང་ལ་སྔོ་ཚལ་གཙང་མ་བཟོ་རོགས་བྱས།

འཐེན་ཐུག་འཐུང་ཞོར་དུ་སྐུ་ཞབས་མར་ཁུའི་ཁ་ལག་འདིས་མིང་ལ་ག་རེ་ཟེར་བ་རེད་ཅེས་དྲིས་དུས། བློ་བཟང་གིས་འདིའི་མིང་ལ་འཐེན་ཐུག་ཟེར་གྱི་ཡོད་པ་རེད་ཟེར་ནས་ལན་སྤྲད་རྗེས་ཁོ་གཉིས་ཀྱིས་མུ་མཐུད་དུ་འཐེན་ཐུག་འཐུང་། སྐུ་ཞབས་མར་ཁུའི་ལྕགས་ཤོག་གི་ཁང་བ་ཆུང་ཆུང་འདི་འདྲ་ཞིག་གི་ནང་དུ་མི་གཉིས་བསྡོད་རྒྱུ་ནི་ལས་སླ་བོ་ཞིག་མ་རེད་ཟེར་ནས་ཁོ་རང་ལ་གོ་བརྡ་འཕྲོད་མི་འཕྲོད་བྱེད་ཞོར་དུ་བཤད།

བློ་བཟང་གིས་རང་གི་མི་ཤེས་པ་དག་ཚིག་མཛོད་ནང་ནས་བཙལ་ཞོར་དུ་སྐུ་ཞབས་མར་ཁུ་ལ་འདི་ནི་ང་རང་གི་ཁང་བ་མིན་པ་དང་རང་ཉིད་འདི་རུ་གནས་ཚང་དུ་བསྡད་ཡོད་པ་དང་། ད་ལྟའི་འཆར་འདུག་ས་ཡང་གཏན་འཁེལ་མེད་པ་མ་ཟད། རང་ཉིད་ལ་འཚོ་བའི་ཕྱོགས་ཀྱི་དཀའ་ངལ་སོགས་གང་ཡོད་པ་ཚང་མ་སྐུ་ཞབས་མར་ཁུ་ལ་འགྲེལ་བཤད་བརྒྱབ། སྐུ་ཞབས་མར་ཁུའི་སྐད་ཆ་དེ་དག་ཞིབ་དུ་ཉན་རྗེས་སུ། འདུག་སའི་ཁང་བ་དང་བློ་བཟང་གི་བཤད་པའི་སྐད་ཆ་སོགས་ལ་ཞིབ་དུ་ཉན་རྗེས་སུ། ཁོས་བློ་བཟང་ལ་འདི་ལྟར་བཤད། ངས་ཁྱེད་རང་ལ་འཚོ་བའི་ཐད་དུ་རོགས་པ་འདྲ་བྱེད་དགོས་ཀྱི་འདུག་གམ། ང་རང་ད་ལྟ་སློབ་མ་ཞིག་ཡིན་ན་ཡང་། རོགས་རམ་ཆུང་ཆུང་ཞིག་བྱེད་ཐུབ་ངེས་ཡིན་ཟེར་ནས་བཤད་དུས་སུ། བློ་བཟང་གིས་རང་གི་གདོང་བ་ཡང་དམར་པོ་ཆགས།

བློ་བཟང་གིས་ ཡ ད་ངས་སྐད་ཆ་བཤད་ཕྱོགས་མ་འགྲིག་པ་འདྲ། རོགས་རམ་སློང་བ་ལྟ་བུ་ཞིག་ཆགས་སོང་བསམ་ཞོར་དུ། སྐུ་ཞབས་མར་ཁུ་ལ་སླར་ཡང་། རང་གི་དབྱིན་སྐད་ཤེས་མིན་ལ་མ་བལྟས་པར་འདི་ལྟར་བཤད། ང་རང་གིས་ད་ལྟ་ཟླ་བ་གཅིག་ཙམ་རིང་དུ་འཚོ་བ་འདང་ངེས་ཀྱི་དངུལ་ཞིག་ཡོད། དེ་ནས་རང་གི་ཐུབ་ཚོད་དང་འཇོན་ཚོད་ཀྱི་ལས་ཀ་ཞིག་བཙལ་ནས་ལས་ཀ་ལས་ཞོར་དུ་སློབ་སྤྱོང་ཏོག་ཙམ་རེ་བྱེད་རྒྱུ་ཡིན། སྐུ་ཉིད་ཀྱིས་རོགས་རམ་བྱེད་འདོད་ཡོད་པ་ཐུགས་རྗེ་ཆེ་ལགས། ང་རང་ལ་དངོས་ནས་རོགས་རམ་མི་དགོས་ཟེར་ནས་ལན་སློག

བློ་བཟང་དང་སྐུ་ཞབས་མར་ཁུ་གཉིས་ཆུ་ཚོད་གཉིས་དང་ཕྱེད་ཀའི་རིང་དུ་སློབ་ཁྲིད་བྱེད་ཞོར་དུ་སྐད་ཆ་དེ་དག་བཤད་ཞོར་དུ་ལུས། སྤྱིར་ཡིན་ན་ཁོ་གཉིས་ཀྱི་ཆུ་ཚོད་གཅིག་གི་དུས་ཚོད་བཟོས་ཡོད་མོད། གཉིས་ཀ་སྐད་ཆའི་ནང་དུ་གཡེང་བ་དང་འཐེན་ཐུག་ཞིམ་པོ་ཞིག་བཟོས་ནས་འཐུང་བ་སོགས་བྱས་དེ་ཆུ་ཚོད་གཉིས་དང་ཕྱེད་ཀ་གར་སོང་ཆ་མེད་ཆགས། སྐུ་ཞབས་མར་ཁུ་འགྲོ་ཁར་སང་ཉིན་ཁྱེད་རང་རླངས་འཁོར་འབབ་ཚིགས་སུ་ཡོང་མི་དགོས། ང་རང་ཁྱེད་རང་གི་ནང་དུ་ཆུ་ཚོད་ཏག་ཏག་ལ་སླེབས་ཡོང་། སང་ཉིན་མཇལ་ཡོང་ཟེར་ནས། སྐུ་ཞབས་མར་ཁུ་ཕྱིན་སོང་།

དགོང་མོར་དེར་བློ་བཟང་གིས་རང་གི་གནས་ཚང་གྲྭ་བ་དེ་ལ་སློབ་ཁྲིད་བྱེད་དུ་འོང་བའི་སྐུ་ཞབས་མར་ཁུ་དང་ཁོ་གཉིས་ཀྱི་སྐད་ཆ་དག་ཞིབ་དུ་བཤད་དུས། གྲྭ་བ་དེས་ཁྱེད་རང་དངོས་ནས་མི་གླེན་པ་ཞིག་རེད། དེང་སང་རྡ་ས་འདི་ན་སྐྱ་སེར་གཉིས་ཀའི་སྤྱིན་བདག་ཕར་བཙལ་ནས་ཡོད་དུས། ཁྱེད་རང་ཚུར་རོགས་པ་བྱེད་ཟེར་མཁན་ཞིག་བྱུང་ན་དེ་ལ་ཡ་མི་ཟེར་ནི་ཅི་བྱེད་ཟེར་ཞོར་དུ། ཡ་ དེ་ན་ཁྱེད་རང་གིས་ག་རེ་བྱེད་རྩིས་ཡོད་ཅེས་བློ་བཟང་ལ་སྐད་ཆ་ཞིག་དྲིས་དུས། བློ་བཟང་གིས་ང་རང་གི་སྒོར་མོ་འདི་དག་མ་ཚར་སྔོན་དུ་ལས་ཀ་ཞིག་བཙལ་ནས་ལས་ཞོར་དུ་དབྱིན་ཡིག་ཕྲན་པུ་རེ་སྤྱོང་རྒྱུ་ཡིན། དེ་མིན་ད་ནི་དངོས་ནས་མི་གཞན་གྱིས་རོགས་དངུལ་ནི་གཏན་ནས་མི་ལེན་ཁོ་ཐག་ཡིན་སྙམ་ཡོད་ལ། རང་གིས་ཀྱང་དེ་ལྟར་བྱེད་འདོད་ཡོད་ཅེས་བཤད།

གྲྭ་བ་དེས་ད་དེ་ལྟར་མ་བྱེད། ཁྱེད་རང་ད་ལྟ་གྲྭ་བ་ནི་ལོག་མེད་པ་མེད་པ་རེད། གྲྭ་ལ་ཕྱིར་གྱོན་ནས་ང་རང་མཉམ་པོར་གྲོང་ཆོག་ལ་འགྲོ གྲོང་ཆོག་མེད་དུས། དབྱིན་ཡིག་འདྲ་སྤྱོང་། ཡོད་དུས་སུ་གྲོང་ཆོག་ལ་སོང་དེས་བྱས་པ་ཡིན་ན། འཚོ་བ་ལ་དཀའ་ངལ་མེད་ཙམ་ཞིག་ཡོང་གི་རེད་ལ། སློབ་སྤྱོང་ཡང་ཞོར་དུ་འགྲིག་འགྲོ་ནི་རེད་ཅེས་བཤད་དུས། བློ་བཟང་གིས་ང་རང་གིས་གྲྭ་བ་མི་བྱེད་རྒྱུའི་སེམས་ཐག་བཅད་ཟིན་པའི་ད་ནི་དངོས་ནས་གྲྭ་ལ་རང་གི་ཁ་ལྟོའི་ཆེད་དུ་གོན་ནས་མི་འདུག་ཁོ་ཐག་ཡིན། དེ་ལས་ཁྱེད་ལ་འདི་ན་ངོ་ཤེས་ཡོད་རྒྱུ་རེད། ཟ་ཁང་ནང་གི་ཕོར་བ་འཁྲུ་མཁན་ཞིག་ཡིན་རུང་འགྲིག ཁྱེད་ཀྱིས་ང་རང་ལ་རྡ་ས་ནས་ལས་ཀ་རེ་བྱེད་ས་ཨེ་རེག་གི་ལྟ་རོགས་གནོང་ཞེས་བཤད།

གྲྭ་བ་དེས་ཡ་ཡ་། ངོ་མ་ཁྱེད་རང་གིས་དེ་འདྲ་ཞིག་བསམ་ནས་བསྡད་ཡོད་ན། ངས་ཁྱེད་རང་ལ་ལས་ཀ་རེ་བྱེད་ས་ཨེ་རེག་གི་ལྟ་ཆོག་ཞེས་རང་གི་མདུན་གྱི་ཁ་འདོན་གྱི་དཔེ་ཆ་དེ་ཚུར་ལེན་བཞིན་པའི་སྐབས་སུ། བློ་བཟང་གིས་ཁྱེད་རང་ལ་འཚོ་བའི་ཐད་དུ་དེང་སང་དཀའ་ངལ་ཡོད་དམ་ཟེར་ནས་དྲིས། གྲྭ་བ་དེས་ངས་ཁྱེད་རང་ལ་གསང་དགོས་དོན་མི་འདུག དངོས་ནས་དཀའ་ངལ་ནང་དུ་ལྷུང་བསྡད་ཡོད། ཟླ་བ་གཉིས་རིང་གི་ཁང་གླ་སྤྲོད་ཐུབ་མ་སོང་། གང་ཡིན་ཟེར་ན། ང་རང་གི་སྤུན་ཞིག་གི་བྱིས་པ་གཉིས་ཉེ་སྔོན་གུང་སེང་དུ་ཡོང་ནས། སྒོར་རྡོག་ཁ་ཤས་ཤིག་ཡོད་པ་དེ། དེ་གཉིས་ལ་གོན་པ་རེ་དང་རྔན་པ་རེ་ཉོ་བྱེད་ཀྱིས་ཀྱང་མ་འདང་བར་དེའི་སྒང་ལ་ངོ་ཤེས་ཤིག་ལ་ཧིན་སྒོར་གཅིག་སྟོང་གི་བུ་ལོན་ཡོད། མི་འགོར་བར་ཕ་ཡུལ་ནས་སྒོར་མོ་ཁ་ཤས་ཤིག་སླེབས་རྒྱུ་ཡོད། དེ་ཐོན་ན་ཕ་ཡུལ་དུ་འགྲོ་དགོས་བསམ་ནས་བསྡད་ཡོད་ཅེས་བཤད།

བློ་བཟང་གིས་སྐད་ཆ་དེ་གོ་མ་ཐག ང་རང་ཁ་སང་དེ་རིང་མི་རྐྱང་ལྟ་རྐྱང་ཡིན་པ་མ་ཟད། ལོ་ཡང་ཆུང་སྟབས། ལས་ཀ་གང་ཞིག་ཡིན་རང་བྱེད་ཐུབ་ནི་རེད། འདི་ན་ཧིན་སྒོར་གཅིག་སྟོང་ཞིག་ཡོད། འདིས་ཁྱེད་རང་གི་ཟླ་གཉིས་ཀྱི་ཁང་གླ་སྤྲོད་རོགས་གནོང་ཟེར་ནས་གྲྭ་བ་དེར་སྤྲད་དུས། གྲྭ་བ་དེས་དགོས་ནི་མ་རེད། ང་འགྲིག་འགྲོ་ནི་རེད། ཁྱེད་རང་ལ་དགོས་པ་རེད་ཟེར་ནས་ལེན་རྩིས་མ་བྱས་དུས། བློ་བཟང་གིས་ཨུ་ཚུགས་མཐའ་བསྐྱེལ་གྱི་ངོ་མ་ལྡོག་པར་ཧིན་སྒོར་གཅིག་སྟོང་དེ་གྲྭ་བ་དེས་བླངས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 13

  1. sha tak ri sim says:
    ལོ་ 16 སྔོན།

    ཁྲིམས་དཔོན་གཞོན་པ་སྔོན་དུ་སླེབས་ནས་བཀའ་གྱོན་ཡག་ཐག་གཅོད་ཅིག་གནང་འདུག་ལ། དེའི་ཞོར་དུ་རེ་བ་ཡོད་པར་ཡང་སྐུལ་བ་འདྲ་ཞིག་གོ་སོང་། གང་ལྟར། རང་གི་འདོད་པ་བཞིན་གྲ་རྒྱས་པོ་ཞིག་མུ་མཐུད་དུ་འབྲི་རྒྱུ་དཀའ་ཡང་། བློ་བཟང་འདི་གང་ཞིག་ལ་སླེབས་རེག་བར་དུ་ངས་ཁོ་རང་གི་ལོ་རྒྱུས་དངོས་སྒྲུང་འདི་འབྲི་ཐུབ་བྱེད་ངེས་ཡིན།

    བསེ་རུ་ལགས་ཀྱིས་འབྲི་རྒྱུ་མང་ན་སྒྱུ་རྩལ་གྱིས་བྲོ་བ་བརླག་འགྲོ་གསུངས་ཀྱི་འདུག དོན་དངོས་སུ་ང་རང་གིས་བསམ་པ་ལ་སྒྱུ་རྩམ་བརྩམ་ཆོས་འབྲི་མཁན་ཞིག་གིས་དངོས་ནས་བཤད་དུས་དེ་འདྲ་ཞིག་ལོས་ཡིན། ཡིན་ངེས་རེད། བདག་གིས་འདི་རུ་དུས་ཚོད་ཡོད་མེད་ལ་མ་བལྟས་པར་ཤུ་རེ་བྱེད་ཁུལ་བྱེད་ཀྱི་ཡོད་པ་འདི་ནི། འུ་ཅག་གིས་མི་རབས་འདིས་མྱོང་བ་དག་མི་རབས་རྗེས་མ་དག་གིས་ཤེས་འདོད་ཀྱང་། ཡོད་རྒྱུ་མ་རེད་སྙམ་ནས་གྲོགས་པོ་བློ་བཟང་གི་སྒྲུང་འདི་ངས་འདམ་པ་ཡིན། དེ་མིན་ད་ལྟའི་གནས་སྐབས་སུ་མི་ཉུང་་བ་ཞིག་གིས་རང་གི་མྱོང་བཞིན་པ་ཞིག་གཞན་གྱིས་བྲིས་པ་དེར་མཚར་སྣང་མི་བྱེད་པ་བདག་གིས་ཀྱང་སྔ་ས་ནས་ཤེས་ཡོད་ལགས། ཁྲིམས་དཔོན་ཆེན་མོ་ལགས། ཉིད་ཀྱིས་ལམ་སྟོན་གནང་བ་དེར་ཐུགས་རྗེ་ཆེ། གང་ཐུབ་བྱེད་ཆོག

    མདོ་ལའི་འཁྱམས་པོ་ལགས། ཉིད་ཀྱིས་དེ་ལྟར་གསུངས་པ་ནི་དངོས་ནས་བདེན་པ་རེད་ཅེས་ཉིད་ལ་རྒྱབ་སྐྱོར་ཡོད་ལགས། རེད་དེ། གོང་གི་སྤུན་གྲོགས་འདི་གཉིས་ནི་དངོས་ནས་ལྷག་བསམ་རྣམ་དག་ཡིན་ལ་དུས་བབ་ཚང་གི་ཁྲིམས་དཔོན་ཆེ་ཆུང་གཉིས་ཀྱང་ཆགས་ཡོད་དུས། ཁོ་གཉིས་ཀྱི་གསུང་ལ་ཆ་འཇོག་རེ་བྱེད་དགོས་ཀྱི་ཡོད་པ་རེད་ལགས། གང་ལྟར། ཉིད་ཀྱིས་བདག་ལ་སེམས་ཤུགས་ཆག་མི་རུང་བར་སྐུལ་བ་སེམས་བསམ་པའི་གཏིང་ནས་དགའ་ནི་ཡིན། ངས་ཀྱང་རང་གི་ཐུབ་ཚོད་ཅིག་བར་དུ་ཤུ་རེ་བྱེད། བློ་བཟང་འདི་སྐྱིད་ས་བདེ་ས་ཞིག་ལ་འགྲོ་འདོད་ཡོད་པའི་བསམ་བློ་ཡོད་མེད་དེ་བཤད་དཀའ་ཡང་། དོན་དངོས་ཐོག་ཁོ་རང་གིས་གང་ཞིག་མྱོང་བ་དང་གང་ཞིག་བྱས་པ་དེ་དག་གིས་མ་འོངས་པ་ན་ལོ་རྒྱུས་ཀྱི་ཚབ་མཚོན་ཙམ་ཞིག་བྱེད་ཆོག་པར་འདོད་ནས་ངས་ཤུ་རེ་བྱེད་ཀྱི་ཡོད་པ་ལས། རང་ཉིད་ནི་དངོས་ནས་ཤེས་ཡོན་ཡོད་མཁན་གྱི་མི་དེ་འདྲ་ནི་གཏན་ནས་མིན་ལགས། ཐ་ན་དག་ཆ་ལ་ཡང་དཀའ་ངལ་འཕྲད་འཕྲད་པ་རེད་ལགས།

    Reply
  2. Kangpu says:
    ལོ་ 16 སྔོན།

    དྲྭ་གྲོགས་ལགས། ངས་བལྟས་ན་ཧ་ཅང་གི་ཡག་པོ་འདུག མུ་མཐུད་ནས་ཕྲིས། མི་མང་ཁ་ལ་ཉན་ན་ཨ་ཕའི་རོ་འཇོག་ས་མི་རྙིད་ཅེས་པའི་དཔེ་བཞིན་ནོ། ང་ཚོའི་བོད་པས་རང་ཉིད་ཀྱིས་འབྲི་མི་ཤེས་ཀྱང་གཞན་སྐྱོན་བརྗོད་རྒྱུར་དགའ་བ་ཁྱེད་ཀྱིས་མཁྱེན་གསལ་རེད།

    Reply
  3. samkhar says:
    ལོ་ 16 སྔོན།

    འབྲི་རྒྱུ་མང་དྲགས་ན། སྒྱུ་རྩལ་གྱི་ཚོར་བ་བརླག་ཉེན་ཆེ། དངོས་སྒྲུང་གི་ནང་དུ་ཚོར་འདུའི་ཕུང་པོ་གཅིག་ཏུ་སྤུངས་ཏེ། ཟུར་དང་རྣམ་པ་སྣ་ཚོགས་པའི་སྒོ་ནས་སྤྱི་ཚོགས་ཀྱི་འཚོ་བའི་སྣང་བརྙན་གསོན་པོ་ཞིག་བཞེངས་སྐྲུན་གནང་རྒྱུའི་འབད་གལ་ཆེ། དངོས་སྒྲང་གི་ནང་དུ་གཏམ་རྒྱུད་ཙམ་འབྲི་བ་ནི་གལ་ཆེ་མིན་ཞིང་། གཏམ་རྒྱུད་དེ་དག་སྒྱུ་རྩལ་གྱི་རྣམ་པ་ཞིག་གི་ཐོག་ནས་ཀློག་པ་པོར་ཚོར་བ་དགའ་སྡང་ཆགས་ཞེན་སོགས་གང་ལ་གང་དགོས་རྣམས་སྟེར་ཐུབ་པ་ཞིག་ཡོང་རྒྱུར་འབད་བརྩོན་གནང་རོགས།།

    Reply
  4. chentsasopa says:
    ལོ་ 16 སྔོན།

    ནོར་བཅོས། བྲོ་བ་ཇེ་ཞན། བློས་བླངས། བྲོ་བ། ཅིས་ཀྱང་།

    Reply
  5. chentsasopa says:
    ལོ་ 16 སྔོན།

    དྲ་གྲོགས་ཤ་ཁྲག་ལགས། ངས་ད་ནང་ཞོགས་པར་ཁྱེད་ཀྱི་རྩོམ་ཡིག་ཞིབ་ཏུ་བཀླགས་པ་ཡིན། འོན་ཀྱང་བྲོ་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་བའི་ཚོར་བ་སྦྱིན་བྱུང་། དེ་བས་མཆན་བུ་དེ་བཞག་པ་ཡིན། དངོས་སྒྲུང་དང་རྟོགས་སྒྲུང་གང་འབྲི་ནའང་སེམས་ནང་བློད་བསླངས་ཤིག་སྔོན་དུ་ངེས་པར་གཏོང་དགོས་པ་འདྲ། འདི་ངའི་བསམ་ཚུལ་ཡིན། གཞན་ཉིད་ཀྱིས་འབྲི་དང་མི་འབྲི་རང་འདོད་ཡིན་པས་མུ་མཐུད་ནས་བྲིས་ཀྱང་ཆོག འོན་ཀྱང་བློས་བསླངས་མེད་ན་འབྲོ་བ་བརླགས་འགྲོ་གི་རེད། གལ་སྲིད་བློས་བསླངས་ཤིག་བྱས་ཡོད་ངེས་པར་དུ་སྒྲུང་གི་མགོ་ནས་མཇུག་པར་དུ་མུ་མཐུད་ནས་འབྲི་དགོས་པའི་ངེས་པ་མེད་པར། མགོ་མཇུག་ལྡོག་པ་དང་། མཇུག་མགོ་ལ་བྲིས།་མགོ་བར་དུ་བྲིས་དཀྱིལ་མཇུག་ལ་འབྲི་བ་ལ་སོགས་པའི་འབྲི་སྟངས་སྣ་ཚོགས་སྤྱད་ན་བྲོ་བ་ཆེས་ཆེར་ལྡན་པའི་རོགས་འདེགས་སུའང་འགྱུར་བར་སྙམ། དེ་ལྟ་སོགས་ནི་མིན་ཀྱང་དོནགྱི་རྒན་པོ་ཚིག་གི་སྦྱོར་བའམ་སྒྱུ་རྩལ་ལ་བརྟེན་ནས་ཡོང་ན་བྲོ་བ་ཞིག་ཅིས་སྟེར་ངེས་པས་ན། དེ་ཙམ་ཞིག་ཞུ་འདོད་བྱུང་། གཞན་འབྲི་དང་མི་འབྲི ཨོ་ཨོ། ཡང་ཉག་ཉོག་མང་པོ་འབྲི་གིན་འདུག དེ་ཀ་ཡིན། མཇལ་ཡོང་ལོ། ངའི་ཞི་ལིས་ཤུ་རེ་བྱོས།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    སྐར་ཁྲིི་བཙན་ལགས ཀློག་བཞིན་ཀློག་བཞིན་སོང་དུས། བློ་བཟང་ལ་དགའ་ན་དངོས་ནས་ཡག་པོ་རེད། འུ་ཅག་གིས་མུ་མཐུད་དུ་བློ་བཟང་གི་འཚོ་བའི་མངར་སྐྱུར་ལ་མཉམ་གཅིག་དུ་བལྟ་ཆོག

    གཅན་བཟོད་རྒྱམ་ལགས། སྐུ་ཉིད་ཀྱིས་བལྟས་པ་ཡིན་ན་དངོས་ནས་བདག་གི་འབྲི་བཞིན་པ་འདི་དག་ལ་ཕན་ཐོག་གང་ཡང་མེད་པ་ཞིག་དུ་གཟིགས་ཀྱིན་འདུག་གམ་ལགས། དངོས་ནས་ཕན་ཐོག་གཏན་ནས་མེད་པ་ཞིག་ཡིན་ན། ཁྲིམས་དཔོན་ལགས་ཀྱིས་ཁྲིམས་ཐག་མ་བཅད་གོང་དུ་། ཕྱིར་འཐེན་བྱེད་ཆོག དེ་འདྲ་མིན་པར་མི་ཞིག་གི་མི་ཚེ་ཡི་བསྐོར་འབྲི་དུས་རྟོགས་བཟོ་བྱེད་རྒྱུ་དེ་ནི་ང་རང་གི་ལས་འགན་མིན་པའི་དྲང་ཐད་ནས་འབྲི་རྒྱུ་དེ་ནི་ང་རང་གི་ལས་འགན་ཡིན་དུས། མུ་མཐུད་དུ་འདི་ལྟར་སོང་ན་འགྲིག་གི་ཡོད་ན་འགྲོ་ཆོག

    གཉན་མདང་ཕོ་ཉ། འབའ་པ་སྐལ་བཟང་འཕྲིན་ལས། བོད་ལ་དགའ་བའི་བུ་། ཁྱེད་ཅག་ཚང་མ་འདི་རུ་ཕེབས་པ་ཐུགས་རྗེ་ཆེ་ལགས། བོད་ལ་དགའ་བུའི་བུ་ལགས། ཉིད་ཀྱིས་རེ་འདོད་དེ་ནི་དངོས་ནས་ཡག་པོ་འདུག་མོད། ངས་ཀྱང་དེ་འདྲ་བསམ་མྱོང་ཡང་། ད་ལྟ་དཔར་དེ་འདྲའི་ཆ་རྐྱེན་ནི་ཁོར་ཡུག་གི་དབང་གིས་ཡོང་མ་སོང་དགོངས་དག

    ཤ་ཀླན་འཇམ་དབྱངས་གྲགས་པ་ལགས། སྐུ་ཉིད་འདི་རུ་མཆན་པུ་ཞིག་འདེབས་དུ་ཡོང་བ་ཐུགས་རྗེ་ཆེ་ལགས། ཉིད་ཀྱིས་གསུངས་པ་དེ་དག་སེམས་སུ་གཉར་ཡོད། བག་ཆགས་དེས་སྐུ་ཉིད་ལ་རམ་འདེགས་རེ་བྱེད་ཐུབ་པར་ཤོག

    Reply
  7. shaalen bu says:
    ལོ་ 16 སྔོན།

    བོད་ལགས་དེ་རིང་ཁྱེད་ཚང་ལ་ཆེད་དུ་མཆན་བཏབ་དུ་ཡོང་པ་ཡིན་པས་ཟིན་ཐོ་འདི་ཞིབ་ཀློག་བྱེད་ཁོམ་མ་བྱུང་།རྗེས་སུ་བཀླག་ངེས།ཨ་ཨ་ཁྱེད་ཀྱིས་ཨ་རིག་ཚང་ནས་བཏབ་པའི་མཆན་དེས་ང་ཤི་ལ་ཁད་བྱས་བྱུང་།ང་བགད་བགད་པས་དྲ་ཁང་གི་མི་མང་པོ་ཞི ག་གིས་ང་ལ་བལྟས་འདུག ཁོང་ཚོས་བལྟས་མིན་ལ་མི་བལྟས་པར་ངས་བསྲན་ཐུབ་པ་མི་འདུག དེའི་འོག་གི་དོན་དངོས་དེས་ཀྱང་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་བྱུང་།

    Reply
  8. lhakyab says:
    ལོ་ 16 སྔོན།

    ཆད་ལྷག་ནོར་བཅོས་ བརྗོད་བྱ་

    Reply
  9. lhakyab says:
    ལོ་ 16 སྔོན།

    གྲོགས་མཆོག་

    བཀླགས་ཟིན་ དངོས་སྒྲུང་ཡག་པོ་བྲིས་འདུག་ ཡིན་ནའང་དངོས་སྒྲུང་གྱི་བརྗོད་དང་འབྲེལ་བའི་པར་འགའ་རེ་བཏོན་ཐུབ་ན་བཟང་ངམ་སྙམ་

    Reply
  10. kalsang says:
    ལོ་ 16 སྔོན།

    གྲོགས་པོ་ངས་ཀློག་ཐོན་ཐལ

    Reply
  11. tashi gonpo says:
    ལོ་ 16 སྔོན།

    བཀླགས་ཟིན།

    Reply
  12. chentsasopa says:
    ལོ་ 16 སྔོན།

    ཤ་ཁྲག་ལགས། ཡིག་ནོར་ཟེར་ནོ་བརྫངས་བཞག་ཡོད་ཀི ད་དུང་སྒྲུང་འདི་མཐོ་རླབས་ཟེར་བ་ཕར་བཞག ཁ་སྔོན་ཁྱོད་ཀྱིས་བཤད་པ་བཞིན། ཁྱེད་འདུག་སའི་སྒེའུ་ཁུང་མར་ལྷུད་དེ་གཤམ་གྱི་མཚོ་འགྲམ་ན་འདུག དེ་མཚམས་བཞག་ན་གང་འདྲ་འདུག དངོས་གནས་བྲིས་ཀྱིན་བྲིས་ཀྱིན། ཀློག་གིན་ཀློག་གིན་བྲོ་བ་ཟེར་བ་ཞིག་མེད་ཀི སྙན་ངག་ལ་སོགས་པའི་རྩོམ་ཡིག་གང་ཞིག་འབྲི་དུས། ཐོག་མར་ཐུང་ཐུང་ནས་རིམ་གྱིས་རིང་པོ་འབྲི་བར་འཇུག་དགོས་པ་ངས་བཤད་ཅི་ལ་དགོས། ལྷག་པར་སྒྲུང་གཏམ་འབྲི་དུས་དེ་ཀ་རེད་བསམ་ཡོད། རྩོམ་རིག་གི་ཕྱོགས་ནས་མི་ཤེས་ཤེས་མདོག་བྱེད་བསམ་གཏན་ནས། གང་ལྟར་ཡིག་ནོར་ཧ་ཅང་ཧཅང་མང་པ་མ་ཟད། སྒྲུང་གི་བྲོ་ཅི་ཡང་འདུག་སྙམ་གི རྩོམ་ཡིག་གང་དང་གང་ཡིན་འབྲི་དུས་ཐོག་མར་རང་སེམས་ནས་བློས་བསླངས་ཟེར་བ་ཞིག་དགོས་ངེས་ལ། དེ་ནས་ཚིག་རྒྱན་གྱིས་ལམ་དུ་འདྲེན་དགོས་པ་འདྲ། ཁྱེད་ཀྱི་སྒྲུང་འདི་ནི་འབྲི་ཞོར་དང་བསམ་ཞོར། བསམ་ཞོར་དང་འབྲི་ཙམ་ལས། ཐོག་མའི་བློས་བསླངས་ཅི་ཡིན་མེད་པ་ལྟ་བུའི་ཚོར་བ་ཞིག་སྟེར་གི། ཨོ་ད་ང་ཡང་ཉོག་ཐ། ད་ཐེངས་དེ་ཙམ་ཡིན། སྤོ་ལང་མི་ཉན། ངས་ཁྱོད་ལ་ནང་ཚགས་ཀྱིས་བཤད་པ་ཡིན།

    Reply
  13. Baichung says:
    ལོ་ 16 སྔོན།

    ང་འཇིན་རྟེན་འདིའི་སྟེང་གི་མི་སྣ་དགའ་ཤོས་ཀྱི་རིགས་དེ་བློ་བཟང་ལྟ་བུའི་གཤིས་ཀ་ཡག་པས་མི་ཚད་དྲང་བདེན་སྐྱོང་མཁན། ད་ཡང་སང་ཉིན་མ་གཏོགས་བློ་བཟང་ལ་ཐུག་གི་མ་རེད། དྲ་གྲོགས་ཤ་ཁྲག་རུས་གསུམ་འདིས་མཚམས་མཚམས་ལ་ངོ་མ་མི་ལ་བྲེལ་བ་ལངས་འཇུག་གི་ཡ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese